དབུ་ཤོག>གསར་འགྱུར།
  • ​ གེགས་ཁུལ་ལ་དངུལ་ཞལ་འདེབས་བརྒྱབ་པ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-26

    ཉེ་ཆར་ཀྲུང་གོ་ཞི་བདེ་རྒྱ་མཚོ་ཆེ་མོ་རྒྱུ་ནོར་འགན་བཅོལ་མ་རྐང་ཚད་ཡོད་ཀུང་སི་བོད་ལྗོངས་ཡན་ལག་ཀུང་སིས་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲི་ལེགས་པར་བསྒྲུབས་ནས། “4.25”ཡི་གཞིས་རྩེའི་ས་ཡོམ་གེགས་ཁུལ་དུ་དངུལ་སྒོར་ཁྲི་100ཞལ་འདེབས་བརྒྱབ་ནས་གེགས་ཁུལ་མང་ཚོགས་དཀའ་གནད་ལས་སྒྲོལ་རོགས་དང་། ཐོན་སྐྱེད་སླར་གསོ། ཁྱིམ་གཞིས་བསྐྱར་སྐྲུན་བྱེད་རོགས་བྱས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་ཞི་བདེ་རྒྱ་མཚོ་ཆེ་མོ་རྒྱུ་ནོར་འགན་བཅོལ་ཀུང་སིས་རང་ལྗོངས་ཀྱི་དགེ་སྒྲུབ་བྱ་གཞག་ལ་རོགས་སྐྱོར་བྱེད་བཞིན་ཡོད་པ་དང་། 2013ལོའི་ཟླ་9པར་ཞི་བདེ་རྒྱ་མཚོ་ཆེ་མོ་རྒྱུ་ནོར་འགན་བཅོལ་བོད་ལྗོངས་ཡན་ལག་ཀུང་སི་ལས་ཀ་གཉེར་འགོ་ཚུགས་པའི་མཛད་སྒོར་རང་ལྗོངས་ཀྱི་དྲག་ཆས་ཉེན་རྟོག་དཔོན་དམག་ཡོངས་དང་ལྷ་ས་གྲོང་ཁྱེར་གྱི་ཁོར་ཡུག་བཟོ་པ་ཡོངས་ལ་ཚོགས་པ་དང་མི་སྒེར་གྱི་བསམ་ཡུལ་ལས་འདས་པའི་མི་ལུས་གནོད་འཚེའི་འགན་བཅོལ་སྤྲད་པ་དང་བས་མཐའི་ཞིང་འབྲོག་ཁུལ་དུ་ནུས་བསྲི་གློག་སྒྲོན་སྒྲིག་ཆས་དང་དངུལ་སྒོར་ཁྲི་100ཡན་ཞལ་འདེབས་བརྒྱབ་ཡོད་པ་རེད། 2014ལོའི་ཟླ་11པར་མངའ་རིས་ས་ཁུལ་ལ་སྒོར་ཁྲི་2000ཞལ་འདེབས་བརྒྱབ་ནས་བྱིས་པའི་ཕན་བདེ་ཁང་ཞིག་སྐྲུན་རོགས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།