དབུ་ཤོག>གསར་འགྱུར།
  • ཉེ་དུས་རང་ལྗོངས་སུ་12378ཐད་འབྲེལ་ཁ་པར་བཙུགས་པ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-26

    གསར་འགོད་པས་བོད་ལྗོངས་འགན་བཅོལ་ལྟ་སྐུལ་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པར། ཉེ་དུས་12378འགན་བཅོལ་འཛད་སྤྱོད་ཞུ་གཏུག་ཁེ་སྲུང་ཐད་འབྲེལ་ཁ་པར་རང་ལྗོངས་སུ་དངོས་སུ་ཤར་གཏོང་ཐུབ་སྟེ། བོད་ཀྱི་འགན་བཅོལ་འཛད་སྤྱོད་པས་བདེ་སྡུག་ཞུ་བར་སྟབས་བདེ་བྱུང་ཞིང་། འཛད་སྤྱོད་པས་གླེང་མང་བའི་དཀའ་གནད་དང་འགག་གནད་སོགས་ཐག་གཅོད་ནུས་ལྡན་དང་འགན་བཅོལ་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱ་ཕྱིར་གོམ་སྟབས་གལ་ཆེན་ཞིག་སྤོས་ཡོད་པ་རེད།

    རང་སྐྱོང་ལྗོངས་འགན་བཅོལ་ལས་རིགས་མཐུན་ཚོགས་ཀྱིས་འགན་འཁུར་ནས་དོ་དམ་བྱེད་པའི་རང་ལྗོངས་ཀྱི་12378འགན་བཅོལ་འཛད་སྤྱོད་ཞུ་གཏུག་ཁེ་སྲུང་ཐད་འབྲེལ་ཁ་པར་ལ་ཆ་མཚོན་ན། བོད་རྒྱ་སྐད་རིགས་གཉིས་ཀྱི་ཁ་པར་ལས་ཞབས་པ་བཀོད་སྒྲིག་བྱས་པ་དག་གིས་འབྲེལ་ཡོད་ཞུ་གཏུག་སྐོར་ཉན་འཇོག་བྱེད་པ་དང་ལྗོངས་ཡོངས་ཀྱི་འགན་བཅོལ་འཛད་སྤྱོད་པའི་ཁེ་དབང་སྐོར་ཞུ་གཏུག་བརྒྱབ་པ་དང་། སྤྱི་དམངས་ཀྱིས་རང་ལྗོངས་ཀྱི་འགན་བཅོལ་ཁྲོམ་རའི་སྒྲིག་འགལ་ཁྲིམས་འགལ་བྱ་སྤྱོད་ཐེར་འདོན་བྱས་རིགས་དང་ལེན་བྱ་རྒྱུ་རེད། 12378ཐད་འབྲེལ་ཁ་པར་རྒྱག་རིང་འགན་བཅོལ་འཛད་སྤྱོད་པས་ས་གནས་དེ་གའི་ཁ་པར་སྤྱད་གླ་མ་གཏོགས་སྤྲོད་དགོས་ཀྱི་མེད་པ་དང་ཐག་རིང་ཁ་པར་སྤྱད་གླ་ཚང་མ་འགན་བཅོལ་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གིས་སྤྲོད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།