འགན་བཅོལ་ནི་དངུལ་རྩའི་ལས་རིགས་ཀྱི་ཀ་རྟེན་ཆེ་གྲས་གསུམ་གྱི་གྲས་ཤིག་ཡིན་ཞིང་། དེ་ནི་རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ཆ་རྒྱུས་མེད་པ་མིན།
“ལོ་ལྔ་ཚན་བཅུ་གཉིས་པའི”ཚུན་དུ་བོད་ཀྱི་འགན་བཅོལ་ལས་རིགས་ཀྱིས་བོད་ཀྱི་དོན་དངོས་དང་འཚམ་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མི། ཞིང་འབྲོག་པའི་ན་ཚ་ལྕི་པོའི་ཁ་གསབ་སྨན་བཅོས་བཅས་ལ་ཁྱབ་པའི་འགན་བཅོལ་མ་ལག་དང་། སྐྱེ་ཁུངས་བོད་ནས་ཡིན་པ་དང་བོད་སྐྱོར་ལས་བྱེད་པའི་མི་ལུས་ཀྱི་བསམ་ཡུལ་ལས་འདས་པའི་རྨས་སྐྱོན་ལ་ཁྱབ་པའི་འགན་བཅོལ་མ་ལག ལྗོངས་ཡོངས་ཀྱི་སྲིད་ཇུས་རང་བཞིན་གྱི་ཞིང་ལས་ལ་ཁྱབ་པའི་འགན་བཅོལ་མ་ལག་བཅས་རིམ་གྱིས་བཙུགས་པས། བོད་འདི་ཉིད་རྒྱལ་ཡོངས་ནས་མི་ཚང་མར་ཚོང་ལས་འགན་བཅོལ་གྱི་འགན་ལེན་ལོངས་སུ་སྤྱོད་རྒྱུ་ཡོད་པའི་ཞིང་ཆེན་ཨང་དང་པོར་གྱུར་ཡོད་པ་རེད།
དཔལ་འབྱོར་ཇི་ཙམ་འཕེལ་རྒྱས་དང་སྤྱི་ཚོགས་ཇི་ཙམ་ཡར་རྒྱས་བྱུང་བ་དེ་ཙམ་གྱིས་འགན་བཅོལ་གལ་ཆེར་གྱུར་ཅིང་། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པའི་རླབས་ཆེན་གྱི་ལོ་རྒྱུས་འཕེལ་རིམ་ཁྲོད་འགན་བཅོལ་དེ་ཉིད་སྤྱི་ཚོགས་ལ་དགོས་མཁོ་དང་མང་ཚོགས་ལ་དགོས་མཁོ་ཆེན་པོ་ཡོད་ཁར་སྲིད་གཞུང་ལ་དེ་བས་འགན་བཅོལ་དགོས་མཁོ་ཆེན་པོ་ཡོད་པ་རེད།
འདི་ལོ་ཟླ་བཞི་པར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས 《དེང་རབས་ཀྱི་འགན་བཅོལ་ཞབས་ཞུའི་ལས་རིགས་འཕེལ་རྒྱས་མགྱོགས་སུ་གཏོང་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར་འགའ་ཞིག་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལག་བསྟར་བསམ་འཆར》 (བོད་སྲིད་སྤེལ[2015] ཨང་39)བཏོན་པ་དེ་ནི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཐོག་མར་བཏོན་པའི་འགན་བཅོལ་གྱི་ཆེད་དམིགས་སྲིད་ཇུས་ཤིག་རེད། བོད་ཀྱི་དོན་དངོས་དང་ཁྲོམ་རའི་དགོས་མཁོ་གཞིར་བཟུང་ལག་བསྟར་བསམ་འཆར་ནང་འགན་འཁྲིའི་འགན་བཅོལ་གོང་འཕེལ་ཆེན་པོ་གཏོང་བ་དང་། འགན་བཅོལ་དེ་གནོད་འཚེའི་དོན་རྐྱེན་སྔོན་འགོག་རོགས་སྐྱོབ་མ་ལག་ཏུ་འཇུག་པ། “ཞིང་གསུམ”གྱི་འགན་བཅོལ་ཐོན་རྫས་ཕུན་སུམ་ཚོགས་སུ་གཏོང་བ་སོགས་ནང་དོན་ཁག་25 ཚུད་ཡོད་ཅིང་། གཙོ་གནད་ཁྱབ་ཁོངས་བཞི་ནས་འགན་བཅོལ་ལས་རིགས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ལ་སྔར་བས་ཞབས་འདེགས་ཡག་པོ་ཞུ་རྒྱུར་ཁྲིད་སྟོན་ཁ་གསལ་བྱས་པ་དང་དུས་མཚུངས། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བ་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་དོན་འཁྱོལ་ནན་བཤད་བྱས་པ་ལས། སྲིད་གཞུང་དང་ཁྲོམ་ར་གལ་ཆེ་མཉམ་བརྩི་བ་དང་། སྐྱེད་སྲིང་དང་འཕེལ་རྒྱས་གལ་ཆེ་མཉམ་བརྩི་བ། ཐུན་མོང་རང་བཞིན་དང་ཁྱད་ཆོས་གལ་ཆེ་མཉམ་བརྩི་བ། ཞབས་ཞུ་དང་ལྟ་སྐུལ་དོ་དམ་གལ་ཆེ་མཉམ་བརྩི་བ་བཅས་ཀྱི་ས་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད་པ་རེད།
ལག་བསྟར་བསམ་འཆར་ནང་འགན་བཅོལ་ལས་རིཌ་འཕེལ་རྒྱས་གཏོང་བའི་འཆར་གཞི་ཡག་པོ་བཀོད་ཡོད་ཅིང་། ངེས་གནས་དང་འགོ་འཛུཌ་ས་མཐོ་པོ་ཡོད་པས་བོད་ཀྱི་འགན་བཅོལ་ལས་རིགས་འབྱུང་འགྱུར་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་ནུས་པ་དེ་བས་ཆེ་བ་ཐོན་པར་གདོན་མི་ཟ། འགན་བཅོལ་ལས་རིགས་ཀྱིས་གོ་སྐབས་བཟང་པོར་བརྟེན་ནས་ཕྱོགས་ཡོངས་འགན་ལེན་དང་། བདེ་འཇཌ་གཟབ་བརླིང་། ཚིག་གནས་ཚད་ལྡན་བཅས་ཡོང་བ་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་དང་མི་དམངས་མང་ཚོགས་ཀྱི་དགོས་མཁོ་ཕན་ཚུན་འཚམ་མཐུན་གྱི་དེང་རབས་འགན་བཅོལ་ཞབས་ཞུའི་ལས་རིགས་ལ་ཕྱོཌ་མང་པོ་ནས་གཉིས་ཕན་ཡོང་བ་བྱེད་དགོས།