དབུ་ཤོག
  • གཟའ་འཁོར་འདིའི་གནམ་གཤིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-25

    གཟའ་འཁོར་འདིའི་ནང་རང་ལྗོངས་ཀྱི་དབུས་ཤར་རྒྱུད་དུ་ཆར་ཆུ་འབབ་མང་བས་ས་གཤིས་ཀྱི་གནོད་འཚེར་དོགས་ཟོན་བྱེད་དགོས་པ།

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (ཟླ་8ཚེས་24ཉིན་ནས་ཟླ་8ཚེས་30ཉིན་བར)

    གཟའ་ཟླ་བ་དང་མིག་དམར་ལ་ནག་ཆུ་དང་། ཉིང་ཁྲི། ཆབ་མདོ། ལྷ་ས། ལྷོ་ཁ་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་ཆར་པ་ཆུང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ། གཟའ་ལྷག་པ་ནས་པ་སངས་བར་ནག་ཆུའི་དབུས་ཤར་རྒྱུད་དང་། ཉིང་ཁྲི། ཆབ་མདོ། གཞིས་རྩེའི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ཏུ་ཆར་པ་ཆེ་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་ཆར་པ་ཆུང་བ་འབབ་རྒྱུ། གཟའ་མཇུག་ཉིན་གཉིས་ནང་ནག་ཆུ་དང་། ལྷོ་ཁ། ཉིང་ཁྲི། ཆབ་མདོ་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་ཆར་པ་སིམ་སིམ་འབབ་རྒྱུ།

    གཉིས། གྲོས་འགོ

    1.གཟའ་འཁོར་གོང་མར་རང་ལྗོངས་ཀྱི་དབུས་ཤར་རྒྱུད་དུ་ཆར་པ་ཆེན་པོ་བབས་པའི་གནམ་གཤིས་བསྟན་པ་དང་གཟའ་འཁོར་འདིའི་ནང་སྔར་བཞིན་ཆར་པ་འབབ་རྒྱུ་ཡིན་པས་འབྲེལ་ཡོད་སྡེ་ཚན་གྱིས་ས་གཤིས་ཀྱི་གནོད་འཚེའི་མངོན་མེད་རྐྱེན་ངན་ཁུལ་དང་ཆུ་རྒྱུན་འབྲིང་ཆུང་དང་ཆུ་མཛོད་བཅས་སུ་ལྟ་ཞིབ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། རི་ཉིལ་བ་དང་། འདམ་རྡོའི་ཆུ་རུད། ཤྭ་འོད་སོགས་ས་གཤིས་ཀྱི་གནོད་འཚེར་དོགས་ཟོན་བྱེད་དགོས།

    2.རང་ལྗོངས་ཀྱི་དབུས་ཤར་རྒྱུད་དུ་གནམ་འཐིབས་ནས་ཆར་པ་འབབ་པའི་གནམ་གཤིས་བསྟན་མང་བས་ལམ་ངོས་རློན་འདྲེད་ཆེ་སྟབས་འབྲེལ་ཡོད་ལམ་དུམ་བུར་འགྲོ་འོང་བྱེད་མཁན་འཁོར་རིགས་ཀྱི་ཁ་ལོ་བས་གཟབ་ནན་ངང་རླངས་འཁོར་བཏང་ནས་འགྲིམ་འགྲུལ་བདེ་འཇགས་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།