དབུ་ཤོག>གསར་འགྱུར།
  • ​ ཚོང་འགུགས་མ་འདྲེན་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-20

    2012ལོ་ཚུན་དུ། ཆབ་མདོ་གྲོང་ཁྱེར་གྱིས“ཕྱིར་བསྐྱོད་ནང་འདྲེན”གྱི་འཐབ་ཇུས་ལག་ལེན་ཧུར་ཐག་བསྟར་ནས་བསམ་བློ་སྔར་བས་བཅིངས་འགྲོལ་དང་། བསམ་ཕྱོགས་གསར་གཏོད། འདུ་ཤེས་བརྗེ་སྒྱུར་བཅས་ཀྱི་བྱས་ནས་ས་བབ་དང་ཐོན་ཁུངས་ལེགས་ཆར་གཞི་འཛུགས་པ་དང་། ཐབས་ལམ་རྒྱ་ཆེར་བཏོད་པ། ཁྲོམ་ར་རྒྱ་སྐྱེད་གཏོང་བ་བཅས་བྱས་པས་ཚོང་འགུགས་མ་འདྲེན་ལས་དོན་ལ་ཚད་བརྒལ་ཡར་རྒྱས་བྱུང་ནས་ཁྱོན་རྣམ་གྲངས་250ཡི་གན་རྒྱ་བཞག་པར་གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར་240.63ཟིན་པ་དང་། མ་དངུལ་སྒོར་དུང་ཕྱུར་36.33དམིགས་སར་དོན་འཁྱོལ་བྱུང་ནས་འཕེལ་རྒྱས་ཀྱི་མྱུར་ཚད་ཟམ་མི་ཆད་པར་མགྱོགས་སུ་དང་། ཐོན་སྐྱེད་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ། གཉེར་སྐྱོང་ཁྱབ་ཁོངས་ཟམ་མི་ཆད་པར་རྒྱ་སྐྱེད། ཐོན་ལས་གྲུབ་ཆ་ཟམ་མི་ཆད་པར་ལེགས་སྒྲིག དཔལ་འབྱོར་སྤྱི་འབོར་ཟམ་མི་ཆད་པར་མཐོར་གཏོང་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད་པ་རེད།

    ཆབ་མདོས“སྲིད་ཇུས་ལ་བརྟེན་ནས་མི་སེམས་འགུགས་པ་དང་གནས་པར་བྱེད་པའི”འདུ་ཤེས་བརྟན་པོ་བཙུགས་ཏེ་ཁྲོམ་རའི་གནས་ཚུལ་ལ་གཞིགས་ནས་སྤུན་ཟླའི་ཞིང་ཆེན་དང་། གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་ཀྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་རང་སྐྱོང་ལྗོངས་ཀྱིས་བཏོན་པའི་གཟིགས་སྐྱོང་སྲིད་ཇུས་ཁག་གང་ལེགས་སྤྱད་དེ《ཆབ་མདོའི་ཚོང་འགུགས་མ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས》བཏོན་ནས་ཚོང་འགུགས་མ་འདྲེན་སྤྱོད་ཁྱོན་ཆེར་གཏོང་གིས་ཁྲལ་འབབ་དང་། ནོར་སྲིད། དངུལ་རྩ། ས་ཆ། ཚོང་དོན། བཟོ་ཚོང་། ཐེམ་ཐོ་སོགས་ཕྱོགས་ཁག་གི་གཟིགས་སྐྱོང་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་བྱ་དགའ་སྤྲོད་པའི་ཚད་གཞི་མཐོར་གཏོང་དང་ཚོང་འགུགས་ཀྱི་ཚད་གཞི་དམའ་རུ་བཏང་སྟེ་གཟིགས་སྐྱོང་སྲིད་ཇུས་ཀྱི་ཡིད་དབང་འགུག་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་དང་ཚོང་འགུགས་མ་འདྲེན་ལས་དོན་ཡག་པོ་སྤེལ་རྒྱུར་ལྕག་སྐུལ་བཏང་བ་རེད།

    ཚོང་འགུགས་མ་འདྲེན་གྱི་ཞབས་ཞུའི་ལས་སྟེགས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། རྣམ་གྲངས་གསར་སྤེལ་དང་འོས་སྦྱོར་ལམ་སྲོལ་བཟང་སྒྲིག་བྱེད་པ། རྣམ་གྲངས་ལེགས་གྲུབ་བྱུང་ཚད་མཐོ་རུ་གཏོང་བ་བཅས་བྱ་ཆེད། གྲོང་ཁྱེར་དཔལ་འབྱོར་མཉམ་ལས་ཅུས་ཀྱིས་ཆེད་མངགས་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་རིགས་དབྱེ་སྟེ་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་མཛོད་བཙུགས་པ་དང་རྣམ་གྲངས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་པ་མ་ཟད། དྲ་རྒྱར་བརྟེན་ནས་དུས་ཐོག་ཏུ་གནས་ཚུལ་ཡོངས་བསྒྲགས་བྱས་ཏེ་མ་འཇོག་ཚོང་པར་མ་འཇོག་རྣམ་གྲངས་གདམ་ག་བྱ་རྒྱུར་སྟབས་བདེ་བསྐྲུན་ཡོད། 2013ལོར་འོས་སྦྱོར་རྣམ་གྲངས་159བསྡུ་རུབ་བྱས་ནས་འོས་སྦྱོར་རྣམ་གྲངས་61གཏན་འཁེལ་བྱས་ཡོད། 2014ལོར་འོས་སྦྱོར་རྣམ་གྲངས་89བསྡུ་རུབ་བཟོས་ནས་རྣམ་གྲངས་42གདམ་གསེས་དང་། རིགས་པས་ཁུངས་སྐྱེལ། གཏན་འཁེལ་བཅས་བྱས་ཏེ་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་མཛོད་གསར་བརྗེས་འཐུས་ཚང་ཡོང་བ་བྱས་ཡོད། 2015ལོར་འོས་སྦྱོར་རྣམ་གྲངས་123བསྡུ་རུབ་བྱས་ནས་རྣམ་གྲངས་95གདམ་གསེས་དང་། རིགས་པས་ཁུངས་སྐྱེལ། གཏན་འཁེལ་བཅས་བྱས་ཏེ་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་མཛོད་ཟམ་མི་ཆད་པར་འཐུས་ཚང་དང་གསར་བརྗེས་བྱས་ནས་མ་འཇོག་ཚོང་པར་མ་འཇོག་རྣམ་གྲངས་གདམ་ག་བྱ་རྒྱུར་སྟབས་བདེ་བསྐྲུན་ཡོད་པ་རེད།

    ཆབ་མདོ་གྲོང་ཁྱེར་གྱིས་ཚོང་འགུགས་མ་འདྲེན་གྱི་ཐབས་ལམ་ཟམ་མི་ཆད་པར་རྒྱ་སྐྱེད་བཏང་ཞིང་། ཕྱོགས་ཡོངས་ནས་ཐོག་མའི་དཔྱད་གཞི་བསྡུ་རུབ་བྱས་ནས་ཚོང་འགུགས་མ་འདྲེན་གྱི་དྲིལ་བསྒྲགས་པར་གཞི་རྒྱུན་ཆད་མེད་པར་གསར་བརྗེས་དང་། འཐུས་ཚང་། ཞིབ་ཚགས་བཟོས་པ་དང་། 《ཚོང་འགུགས་མ་འདྲེན་གྱི་ཕྱོགས་སྟོན》《ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་དེབ》《ཚོང་འགུགས་ཁེ་ལས་ཀྱི་ཞབས་ཞུའི་ཕྱོགས་སྟོན》སོགས་དྲིལ་བསྒྲགས་གཞི་རྟེན་དུ་བྱས་ནས་མ་འཇོག་ཁོར་ཡུག་དང་། ལེགས་ལྡན་ཐོན་ཁུངས་ཀྱི་ཚོང་འགུགས་རྣམ་གྲངས། འདུན་ཞུའི་གོ་རིམ། ཞབས་ཞུའི་སྒྲིག་གཞི་སོགས་ཐད་སྔ་རྗེས་སུ《ཚོང་འགུགས་མ་འདྲེན་ཁེ་ལས་ཆབ་མདོར་གནས་བཅའ་བའི་ལས་དོན་སྒྲུབ་རིམ》དང《ཚོང་འགུགས་མ་འདྲེན་གྱི“གཅིག་འཐུས་རྣམ་པའི”ཞབས་ཞུའི་སྒྲིག་གཞི་དང་འབྲེལ་གཏུག་བྱ་ཐབས》བཏོན་ནས་ཁེ་ལས་ལ་སྟབས་བདེ་བསྐྲུན་ཡོད་པ་རེད།

    ཆབ་མདོའི་མངའ་ཁོངས་སུ་ཆུ་བོ་མང་བ་དང“གཙང་གསུམ”ཆུ་བོ་ལོར་རྒྱུགས་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་400ཟིན་ནས་ཆུ་ནུས་བསགས་ཚད་འཆར་འགོད་བྱས་པ་ཆན་ཝ་ཁྲི་3585ཟིན་པ་དེ་ནི་རྒྱལ་ཁབ་ཀྱི“ནུབ་གློག་ཤར་ཁྲིད”ནུས་རྒྱུ་འབྲེལ་མཐུད་ཀྱི་རྟེན་གཞི་གལ་ཆེན་ཞིག་རེད། དེ་དང་ཕྱོགས་མཚུངས་ཆབ་མདོའི་གཏེར་ཁའི་ཐོན་ཁུངས་ཕུན་སུམ་ཚོགས་པས་ད་ཆ་གཏེར་རིགས་70ཙམ་ཡོད་པ་དེ་ནི་རྒྱལ་ཁབ་ཀྱི་མདོག་ལྡན་ལྕགས་རིགས་ཐོན་ལས་ཀྱི་རྟེན་གཞི་གལ་ཆེན་ཞིག་རེད། ཆབ་མདོ་གྲོང་ཁྱེར་གྱིས་ཁྱད་ལྡན་ཞིང་འབྲོག་ཐོན་ལས་རྣམ་གྲངས་དང་། ཆུ་ནུས་ཐོན་ཁུངས་གསར་སྤེལ་རྣམ་གྲངས། གཏེར་ཁའི་ཐོན་ཁུངས་གསར་སྤེལ་རྣམ་གྲངས། ཡུལ་སྐོར་ཐོན་ཁུངས་གསར་སྤེལ་རྣམ་གྲངས། བོད་སྨན་རྒྱུ་ཆའི་རྣམ་གྲངས། མི་རིགས་ལག་ཤེས་བཟོ་རྩལ་རྣམ་གྲངས་སོགས་ཚོང་འགུགས་གཙོ་གནད་དུ་བྱས་ནས་མ་འཇོག་ཚོང་པར་མ་འཇོག་རྣམ་གྲངས་གང་ཡག་དང་མ་འཇོག་མདུན་ལམ་ཡངས་པོ་འོས་སྦྱོར་ཤུགས་ཆེན་བྱས་པར་རྒྱ་ཆེའི་མ་འཇོག་མཁན་གྱི་དགའ་བསུ་ཐོབ་ཡོད་པ་རེད།

    ཆབ་མདོའི་ཚོང་འགུགས་མ་འདྲེན་གྱི་དྲ་ཚུགས་བཙུགས་པ་དང་ཆབས་ཅིག་ཕྱི་ཕྱོགས་དྲིལ་བསྒྲགས་ཀྱི་དྲ་ཚུགས་སུ་ཚོང་འགུགས་མ་འདྲེན་རྣམ་གྲངས་འོས་སྦྱོར་གྱི་ཆེད་སྒྲོམ་བཟོས་ནས་ཆབ་མདོའི་ཤུགས་རྐྱེན་ཆེ་རུ་བཏང་ཡོད། གློག་རྡུལ་ཚོང་དོན་གྱི་ལས་སྟེགས་བཙུགས་པ་དང་། ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་གི་ཁྲོམ་ར་རྒྱ་སྐྱེད་གཏོང་བ། གློག་རྡུལ་ཚོང་དོན་ཐོན་ལས་གོང་འཕེལ་ཡོང་བར་སྐུལ་མ་ཤུགས་ཆེན་གཏོང་བ། སྲོལ་རྒྱུན་ཐོན་ལས་གཞན་སྒྱུར་རིམ་སྤོར་དང་དཔལ་འབྱོར་བརྟན་པོའི་ངང་མགྱོགས་མྱུར་འཕར་རྒྱུར་སྐུལ་མ་བཏང་བ་བཅས་བྱས་ཡོད་པ་རེད།

    བོད་སྐྱོར་ལས་སྟེགས་གང་ལེགས་སྤྱད་དེ་བོད་སྐྱོར་ཁེ་ལས་ཀྱི་མ་འཇོག་ཚོང་པ་ཆབ་མདོར་ལྟ་སྐོར་རྟོག་ཞིབ་ཏུ་ཡོང་རྒྱུའི་གདན་ཞུ་བྱས་ནས་འབྲེལ་མཐུད་ངོ་འཕྲད་གྲོས་མོལ་དང་རྣམ་གྲངས་ཀྱི་རྗེས་སྙེག་མཐུན་སྦྱོར་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབས་ཏེ་མཛའ་མཐུན་རོགས་ལས་ཀྱི་འབྲེལ་བ་བཙུགས་ཡོད། ད་ཡོད་བཅའ་སྡོད་ཁེ་ལས་ཆེ་གྲས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་ནས་མ་འཇོག་ཚོང་པ་སྒྲིག་འཛུགས་ཀྱིས་ཁེ་ལས་ཀྱི་ཡུལ་དངོས་སུ་ལྟ་སྐོར་དང་། རྟོག་ཞིབ། སློབ་སྦྱོང་བཅས་བྱེད་པར་གདན་དྲངས་ནས་མ་འཇོག་མཁན་སྔར་བས་མང་བ་ཆབ་མདོར་མ་འཇོག་བྱེད་པར་ཡོང་རྒྱུའི་སྣེ་ཁྲིད་དེ“གཅིག་ནང་འདྲེན་བྱས་ནས་ཁག་གཅིག་ཁྲིད་ཡོང་བའི”རྒྱུད་འབྲེལ་ཕན་ནུས་ཐོན་པ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།