དབུ་ཤོག>གསར་འགྱུར།
  • ཚོང་པ་སྐྱིད་ལ་ཚོང་ལས་རྒྱས་པའི་གནས་བཟང་བསྐྲུན་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ ཡན་ཏང་ཨེན།   |     སྤེལ་དུས།  2015-08-20

    དུས་བབ་གསར་པའི་འོག་ཆབ་མདོའི་ཚོང་འགུགས་མ་འདྲེན་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བར་ངེས་པར་དུ་ཆབ་མདོ་འདི་ཉིད་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་ལྟེ་བར་གནས་པའི་ས་བབ་ལེགས་ཆ་དང་ཐོན་ཁུངས་ལེགས་ཆར་གཞི་ཚུགས་ནས་ཚོང་འགུགས་བསམ་ཕྱོགས་གསར་གཏོད་དང་། ཚོང་འགུགས་བྱ་ཐབས་ལེགས་སུ་གཏོང་བ། ཚོང་འགུགས་བྱ་ཐབས་རྒྱ་ཆེར་གཏོང་བ། མ་འཇོག་ཁོར་ཡུག་ལེགས་སུ་གཏོང་བ། ཞབས་ཞུའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཚོང་འགུགས་མ་འདྲེན་རྣམ་གྲངས་ལ་བརྟེན་ནས་མ་འཇོག་ལ་སྐུལ་འདེད་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཁྱད་ལྡན་ལེགས་ལྡན་ཐོན་ལས་སྟོབས་ཆེར་བཏང་སྟེ་ཚོང་ལས་སྟོབས་ཆེའི་མ་འཇོག་གི་གནས་བཟང་ཞིག་ནུས་ཤུགས་ཡོད་རྒུས་གཏོད་དགོས།

    ཚོང་འགུགས་མ་འདྲེན་ལས་དོན་ནི་མ་གནས་དང་། སྲིད་ཇུས། ཁོར་ཡུག་བཅས་ཀྱི་ཕྱོགས་བསྡུས་ཀྱི་འགྲན་རྩོད་ཡིན་པ་དང་། ཆབ་མདོ་དང་ནང་སའི་གྲོང་ཁྱེར་དང་ཐ་ན་ལྗོངས་ནང་ཁུལ་གྱི་ས་ཁུལ་དང་གྲོང་ཁྱེར་གཞན་དག་བསྡུར་ཚེ་དམིགས་བསལ་གྱི་ལེགས་ཆ་གང་ཡང་མེད། འོན་ཀྱང་ཆབ་མདོའི་འགྲིམ་འགྲུལ་སྟབས་བདེ་པོ་མེད་པ་ལས་ས་བབ་ཡག་པོ་མེད་པ་མིན། མཁྲེགས་ཆས་མི་འདང་ཚེ་གཉེན་ཆས་ནས་ཁ་གསབ་བྱས་ཏེ་ཞབས་ཞུའི་ཕན་ནུས་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་དང་སྲིད་གཞུང་གི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་སྟེ་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་བྱེད་པོའི་ནུས་པ་མངོན་གསལ་དོད་དུ་བཏང་ནས་ཁེ་ལས་དང་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་བཏང་ཐོག་སྲིད་གཞུང་དང་ཁེ་ལས་སྤེལ་རེས་ཀྱི་རྣམ་པ་བཟང་པོ་ཆགས་པ་བྱེད་དགོས།

    སླད་ཕྱིན་ཚོང་འགུགས་བྱེད་སྒོ་ཆེ་གྲས་སྒྲིག་འཛུགས་དང་དེའི་ནང་ཞུགས་པ་ཕུད་ཆེད་དོན་ཚོང་འགུགས་དང་དུས་ཆེན་དང་ཚོང་འདུས་ཚོང་འགུགས་སོགས་སྲོལ་རྒྱུན་གྱི་ཚོང་འགུགས་རྣམ་པ་མུ་མཐུད་མཐའ་འཁྱོངས་བྱས་ནས“ཕྱིར་སྐྱོད་པ་དང་ནང་དུ་གདན་དྲངས་པའི”རྣམ་པ་སྤྱོད་པ་དང་ལྷག་པར་དུ་བོད་སྐྱོར་ཐབས་ལམ་བེད་སྤྱོད་ཡག་པོ་བྱས་ཏེ་གྲོང་ཁྱེར་གཉིས་ཀྱི་ཁེ་ལས་6དང་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་བོད་སྐྱོར་གྱི་སྟེགས་བུ་དང་སྦྲེལ་ཐག་གང་ལེགས་སྤྱད་ཐོག་ཚོང་འགུགས་བྱེད་སྟངས་དང་ཁྱབ་ཁོངས་སྔར་བས་རྒྱ་ཆེར་གཏོང་དགོས།

    ཚོང་འགུགས་མ་འདྲེན་གྱི་གཙོ་གནད་དམ་འཛིན་བྱེད་དགོས། ཆབ་མདོའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་འགུ་རོ་ཁུལ་གསར་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱས་ཏེ་ཆབ་མདོའི་དཔལ་འབྱོར་གྱི་ཕ་གཞི་གསར་པ་གཏོད་དགོས་པ་དང་། གླིང་ཁུལ་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱས་ཏེ་ས་ཁུལ་དེ་ཡོངས་ཀྱི་རིགས་ཁག་གི་བཟོ་ལས་གླིང་ཁུལ་སླར་ཡང་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་པ། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དམ་འཛིན་ཡག་པོ་བྱས་ཏེ་དམངས་གཉེར་ཁེ་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས་པ། ཚོང་འགུགས་ཞབས་ཞུའི་དོ་དམ་ལ་དམ་འཛིན་ཡག་པོ་བྱས་ཏེ་ཆབ་མདོར་མ་འཇོག་བྱེད་པའི་ཁེ་ལས་སྟོབས་ཆེར་ཏན་ཏིག་གཏོང་དགོས་པ་བཅས་རེད།

    མིག་སྔར་ཆབ་མདོས་འགྲིམ་འགྲུལ་དང་ནུས་རྒྱུ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་མ་འཇོག་ཁོར་ཡུག་ལེགས་སུ་གཏོང་བ་དང་ཐོན་ལས་འཆར་འགོད་དང་། རྣམ་གྲངས་མཛུབ་ཁྲིད། ཞབས་ཞུའི་ལས་དོན་བཅས་ཡག་པོ་སྒྲུབ་ཐོག་ཁེ་ལས་འཛུགས་པའི་གོམ་སྟབས་མགྱོགས་སུ་གཏོང་དགོས། བྱ་བ་སྒྲུབ་པར་འགོ་མཇུག་གཙང་སྒྲིལ་གྱི་ལམ་ལུགས་ལག་བསྟར་བྱས་ཏེ་ལས་ཀའི་ལས་ཕྱོད་དང་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་། ཁྱད་ལྡན་ལེགས་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། ཐོན་ལས་རྟ་སྒ་ཆ་འགྲིག་ཡོང་བར་སྣང་ཆེན་བྱེད་པ། ནུས་པ་གཅིག་སྡུད་ཡོང་བ་བཅས་བྱས་ཐོག་དམངས་གཉེར་ཁེ་ལས་ཆེ་རུ་དང་སྟོབས་ཆེར་འགྲོ་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།