དབུ་ཤོག>གསར་འགྱུར།
  • སློབ་གསོའི་འཕེལ་རྒྱས་དོ་སྙོམས་ཡོང་བར་སྐུལ་མ་ཤུགས་ཆེན་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཝང་ཅེས།   |     སྤེལ་དུས།  2015-08-16

    འོས་འགན་སློབ་གསོའི་འཕེལ་རྒྱས་དོ་སྙོམས་ཡོང་བ་བྱ་རྒྱུ་ནི་སློབ་གྲྭ་དབར་གྱི་ཧེ་བག་དང་། ས་ཁུལ་དང་གྲོང་ཁྱེར་གྱི་ཧེ་བག གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག་བཅས་ཆུང་དུ་བཏང་སྟེ་སློབ་ཁྲིད་སྤུས་ཚད་མཐོ་རུ་གཏོང་རྒྱུ་དེ་རེད།

    དེའི་ཐད་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་འོས་འགན་སློབ་གསོའི་འཕེལ་རྒྱས་དོ་སྙོམས་ཡོང་བའི་ལས་དོན་གྱི་དོན་སྙིང་གལ་ཆེར་ངོས་འཛིན་གང་ལེགས་བྱས་ཏེ་རྫོང(ཆུས)ཁོངས་ཀྱི་འོས་འགན་སློབ་གསོའི་འཕེལ་རྒྱས་ཀྱི་ཧེ་བག་གཙོ་གནད་ཐོག་ཆུང་དུ་གཏོང་དགོས་པ་དང་རྫོང(ཆུས)གི་འོས་འགན་སློབ་གསོའི་འཕེལ་རྒྱས་དོ་སྙོམས་ཡོང་བར་སྐུལ་མ་གཏོང་རྒྱུའི་གཙོ་གནད་ཞིང་འབྲོག་ཁུལ་གྱི་སློབ་གྲྭའི་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཆ་རྐྱེན་ཞན་པའི་སློབ་གྲྭ་སྒྱུར་བཀོད་བྱ་རྒྱུའི་ཐོག་འཇོག་དགོས།

    སློབ་གཉེར་ཆ་རྐྱེན་གྱི་ཧེ་བག་ཆུང་དུ་གཏོང་བའི་བྱ་ཐབས་གྲས་སུ་ཞིང་འབྲོག་ཁུལ་གྱི་སློབ་གྲྭ་དང་གྲོང་ཁྱེར་གྱི་ཆ་རྐྱེན་ཞན་པའི་སློབ་གྲྭར་སློབ་གསོའི་འགྲོ་གྲོན་མང་དུ་བཏང་སྟེ་དུས་ཐུང་ནང་ཞིང་འབྲོག་ཁུལ་གྱི་སློབ་གྲྭ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཆ་རྐྱེན་ཞན་པའི་སློབ་གྲྭའི་སློབ་གཉེར་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། གཙོ་གནད་སློབ་གྲྭ་མེད་པར་བཟོ་བ། དེ་སྔ་ཆ་རྐྱེན་ཞན་པའི་སློབ་གྲྭའི་ངོས་ནས་བརྗོད་ན་དེ་ཙམ་དྲང་གཞག་མིན་པའི་སློབ་གསོའི་སྲིད་ཇུས་དེ་དག་མེད་པར་བཟོ་བ་དང་དེ་སྔ་སྤུས་ལེགས་སློབ་གསོའི་ཐོན་ཁུངས་གོང་ནས་འོག་བར་བཀོད་སྒྲིག་བྱེད་སྟངས་ལ་འགྱུར་བ་གཏོང་བ་བཅས་བྱས་ཏེ་ཞིང་འབྲོག་ཁུལ་དང་། གྲོང་ཁྱེར་དང་གྲོང་རྡལ། དབུལ་ཕོངས་ས་ཁུལ་དང་དར་རྒྱས་ས་ཁུལ་གྱིས་སྤུས་ལེགས་སློབ་གསོའི་ཐོན་ཁུངས་མཉམ་སྤྱོད་བྱེད་པ། ཟླ་སྒྲིལ་དང་སྒྱུར་བཀོད་སོགས་ཀྱི་བྱ་ཐབས་སྤྱད་ནས་ཆ་རྐྱེན་ཞན་པའི་སློབ་གྲྭའི་དོ་དམ་ལ་ཤུགས་རྒྱག་པ་བཅས་རེད།

    གཞན་ཡང་དགེ་རྒན་དཔུང་ཁག་གི་ཧེ་བག་ཆུང་དུ་གཏོང་རྒྱུ་ནི་འོས་འགན་སློབ་གསོའི་འཕེལ་རྒྱས་དོ་སྙོམས་ལ་སྔར་བས་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད། དེར་བརྟེན་དགེ་རྒན་དཔུང་ཁག་གི་ཧེ་བག་ཆུང་དུ་གཏོང་བར་ང་ཚོས་འཇུག་སྒོ་ནན་པོ་སྲུང་བ་དང་ཁོངས་གཏོགས་ཁུལ་གྱི་དགེ་རྒན་ཐོན་ཁུངས་སྤྱི་འདོམས་དོ་དམ་དང་ལུགས་མཐུན་བཀོད་སྒྲིག་ལ་ཤུགས་སྣོན་བརྒྱབ་སྟེ་སློབ་གྲྭ་འབྲིང་ཆུང་ཚང་མར་ཚད་ལོན་གྱི་དགེ་རྒན་སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་གཏོང་བ་དང་། དགེ་རྒན་ལུགས་མཐུན་ངང་སྤེལ་རེས་དང་འབྲེལ་གཏུག་གི་ལམ་སྲོལ་བཙུགས་ཏེ་རོགས་སྐྱོར་བྱེད་པའི་སློབ་གསོའི་རྒྱབ་སྐྱོར་ལམ་ལུགས་ཆགས་པར་བྱེད་པ་དང་འབྲེལ། སློབ་གྲྭའི་སྒྲིག་ཁོངས་ལས་བརྒལ་བའི་དགེ་རྒན་ཞིང་འབྲོག་ཁུལ་གྱི་དགེ་རྒན་མི་འདང་བའི་སློབ་གྲྭར་སྤེལ་རེས་བྱ་རྒྱུར་ཁྲིད་སྟོན་བྱེད་པ། ཞིང་འབྲོག་ཁུལ་གྱི་སློབ་གྲྭ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཆ་རྐྱེན་ཞན་པའི་སློབ་གྲྭའི་རྐང་འཛིན་དགེ་རྒན་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་དགེ་རྒན་གསོ་སྦྱོང་གི་འགྲོ་གྲོན་མང་དུ་གཏོང་བ་དང་རིན་མིན་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་བྱ་ཐབས་སྤྱད་ནས་ཆ་རྐྱེན་ཞན་པའི་སློབ་གྲྭའི་དགེ་རྒན་གྱི་སློབ་ཁྲིད་དང་སློབ་གསོའི་ཆུ་ཚད་མཐོ་རུ་གཏོང་བ། རྩིས་རྒྱག་འཕྲུལ་འཁོར་དང་དྲ་རྒྱ་སོགས་དེང་རབས་ཅན་གྱི་ལག་རྩལ་དང་བྱ་ཐབས་སྤྱད་ནས་ཆ་རྐྱེན་ཞན་པའི་སློབ་གྲྭའི་སློབ་གསོའི་ཆུ་ཚད་མཐོ་རུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།