དབུ་ཤོག>གསར་འགྱུར།
  • བསམ་བློའི་རང་རྟོགས་ཀྱིས་བྱ་སྤྱོད་ཀྱི་རང་རྟོགས་ལ་ཁྲིད་སྟོན་བྱེད་དགོས།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-16

    “ཤེས་པ་ནི་ལག་ལེན་གྱི་རྨང་གཞི་དང་། ལག་ལེན་ནི་ཤེས་པའི་མངོན་ཚུལ་ཡིན”ངོ་བོའི་ཆ་ནས་བརྗོད་ན། སློབ་གསོ་གང་ཞིག་ཡིན་རུང་དེ་ནི་རང་སྣང་འཇིག་རྟེན་ལ་སྒྱུར་བཀོད་ཀྱིས་འཇིག་རྟེན་ལྟ་ཚུལ་དང་། མི་ཚེའི་ལྟ་ཚུལ། རིན་ཐང་ལྟ་ཚུལ་བཅས་ཀྱི“གློག་སྒོ་ལྟེ་བའི”གནད་དོན་ཐག་གཅོད་ཡག་པོ་བྱེད་པ་ཞིག་ཡིན། འགོ་ཁྲིད་ལས་བྱེད་པར་ཆ་མཚོན་ན། བསམ་བློའི་ཐད་ཀྱི་འགག་སྒོ་ནི་ཆུ་སྒོ་གལ་ཆེན་ལྟ་བུ་ཡིན། བསམ་བློའི“ཆུ་སྒོ”དམ་པོ་མིན་ཚེ་བྱ་སྤྱོད་ཐད“བསེར་བུ”འཆོར་ངེས་ཡིན། དེ་ལས་ལྡོག་སྟེ་བརྗོད་ན། བསམ་བློའི་ཐད་ཀྱི་སྔར་ཉམས་སོར་ཆུད་དང་ཏང་གཤིས་ཐད་ཀྱི་རྨང་གཞི་བརྟན་གཏོང་ལས་བྱ་སྤྱོད་ཐད་ཀྱི་ནོར་འཁྲུལ་ཡོ་བསྲང་དང་ནན་ཏན་འབད་བརྩོན་གྱི་རང་རྟོགས་ཡོང་ཐུབ།

    དེང་སྐབས“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་ཉིད་གཏིང་ཟབ་ཀྱི་ཕྱོགས་སུ་རྒྱུན་སྲིང་ངང་སྤེལ་བཞིན་ཡོད། ཅི་ཙམ་གྱིས་དུས་སྐབས་འདི་ཡིན་སྐབས་དེ་ཙམ་གྱིས་བསམ་བློའི་ཁྲིད་སྟོན་ལ་ནན་བཤད་བྱས་ཏེ་བསམ་བློར་བརྟེན་ནས་ཏང་འཛུགས་སྐྱོང་ཞེས་པའི་ཁྱིམ་རྒྱུད་ནོར་བུ་དེ་སྤྱོད་གང་ཐུབ་བྱེད་དགོས། ཀྲུང་དབྱང་གིས་ཆེད་དོན་སློབ་གསོར་ཁག་རིམ་མི་བཟོ་བ་དང་། དུས་མཚམས་མི་འབྱེད་པ། ལྷུ་ཚིགས་མི་བཟོ་བ་མ་ཟད་བྱེད་སྒོ་ཐེངས་གཅིག་ཀྱང་མིན་ཞེས་ནན་བཤད་བྱས་ཡོད། དེའི་ཐད་ཕྱོགས་གཅིག་ནས་ཆེད་དོན་སློབ་གསོ་ནི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་རྨང་གཞིའི་ཐོག་འགོ་ཁྲིད་ལས་བྱེད་པའི་རྒྱུན་གཏན་རང་བཞིན་གྱི་སློབ་གསོར་འདྲེས་པར་བྱེད་པའི་འཚོལ་ཞིབ་ལག་ལེན་ཐེངས་ཤིག་ཡིན་པ་མཚོན་པ་དང་། ཕྱོགས་ཅིག་ཤོས་ནས་སྤྱོད་ཚུལ་འཛུགས་སྐྱོང་ཐད་ནམ་ཡང་མཚམས་འཇོག་མི་སྲིད་པ་དང་། སློབ་གསོ་སློབ་སྦྱོང་དེར་སྐད་ཅིག་ཙམ་ལའང་ལྷོད་གཡེང་མི་གཏོང་བར་རྒྱུན་ཆད་མེད་པར་སློབ་གསོ་སློབ་སྦྱོང་ཐད་ཤུགས་རྒྱག་པ་དང་འབད་བརྩོན་བྱེད་པའི་བླང་བྱ་དྲང་ནན་ཆགས་པ་བྱེད་པ་དང་ལག་བསྟར་བྱེད་དགོས།

    “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོའི་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་ཐེངས་མང་དང་བླང་བྱ་ཁ་གསལ་བཏོན་གནང་ཡོད། ད་ལོའི་ཟླ་4ཚེས་2ཉིན་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ལྷན་གྱིས་ཆེད་དོན་སློབ་གསོའི་ཇུས་གཞིར་གྲོས་ཞིབ་བྱེད་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད།

    ཉེ་ཆར་ཀྲེ་ཅང་དང་། ཀུའེ་ཀྲོའུ། ཅི་ལིན་སོགས་སུ་གཟིགས་ཞིབ་དང་དེ་བཞིན་ཚོགས་འདུ་གལ་ཆེན་མང་པོ་དང། ཚོགས་ར་གལ་ཆེན་མང་པོ་བཅས་སུ་སྤྱི་ཁྱབ་ཧྲུའུ་ཅིས་སླར་ཡང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ་དང་། ཆེད་དོན་སློབ་གསོ་གཏིང་ཟབ་སྤེལ་རྒྱུའི་ཐད་འབད་བརྩོན་གྱི་ཁ་ཕྱོགས་བསྟན་པ་དང་གཞི་རྩའི་སྲུང་བྱ་བཏོན་གནང་ཡོད། དེང་སྐབས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཀྱི་དགོངས་དོན་ལ་གོ་བ་ཟབ་མོ་ལེན་པ་དང་ལག་བསྟར་དོན་འཁྱོལ་བྱེད་དགོས་ན“ངོས་འཛིན་ཟབ་མོ་ཁག་ལྔ”བྱེད་དགོས་པ་སྟེ།

    “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱས་ནས་དེ་ཉིད་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བསྒྱུར་ནས་བསམ་བློའི་ཐད་མཐོང་ཧ་ཅང་ཆེན་པོ་དང་། འགན་འཁྲིའི་ཐད་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་ཐད་སྐུལ་སྤེལ་ཏན་ཏིག་གཏོང་བཅས་བྱེད་དགོས། འགོ་ཁྲིད་ལས་བྱེད་པས“ནན་གསུམ་དྲང་གསུམ”ལག་བསྟར་བྱེད་པའི་ངོ་བོའི་བླང་བྱར་ངོས་འཛིན་ཟབ་མོ་བྱས་ཏེ་ཆབ་སྲིད་གསལ་པོ་ཤེས་མཁན་དང་། འཕེལ་རྒྱས་ཀྱི་ལམ་བུ་འབྱེད་མཁན། མང་ཚོགས་ཀྱི་སྙིང་ཉེ་བ། ཚན་ཁག་གི་སྣེ་ཁྲིད་པ་བཅས་ཐུབ་པ་བྱས་ནས་ཏང་དང་མི་དམངས་ཀྱིས་བློས་འགེལ་བའི་ལས་བྱེད་པ་བཟང་པོར་ཧུར་ཐག་ངང་འགྱུར་བ་བྱེད་དགོས། དྲང་ལྡོག་གི་དཔེ་མཚོན་ལ་བརྟེན་ནས་ཆེད་དོན་སློབ་གསོའི་ཐབས་ལམ་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱེད་པ་དང་། སྔོན་ཐོན་དཔེ་མཚོན་དེ་ཉིད་ཚད་ཤིང་བྱེད་པ་དང་ལྡོག་ཕྱོགས་དཔེ་མཚོན་དཔྱད་གཞིར་འཛིན་པའི་ཐོག་ནས་སློབ་གསོ་སློབ་སྦྱོང་གི་དམིགས་སའི་རང་བཞིན་དང་ཕན་འབྲས་རང་བཞིན་ཆེ་རུ་གཏོང་དགོས། “དྲང་གཞག་མིན་པའི”གནད་དོན་ཐག་གཅོད་པའི་ལས་འགན་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱས་ཏེ་གནད་དོན་གྱི་ཕྱོགས་སྟོན་མངོན་གསལ་དོད་དུ་གཏོང་བ་དང་བླང་བྱ་ནན་པོ་ལག་བསྟར་བྱས་ཏེ་ཏང་ནན་སྐྱོང་གི་གྲུབ་འབྲས་སྲ་བརྟན་དང་ཆེ་རུ་གཏོང་བ་མ་ཟད། ཏང་འཛུགས་སྐྱོང་ལ་འཕྲད་པའི་གནད་དོན་གསར་པ་ཐག་གཅོད་ནུས་ལྡན་བྱེད་དགོས། ཆེད་དོན་སློབ་གསོར་བརྟེན་ནས་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་འགན་ཁག་དོན་འཁྱོལ་གྱི་རྩ་བའི་དམིགས་ཡུལ་ལ་ངོས་འཛིན་ཟབ་མོ་བྱས་ཏེ“ནན་གསུམ་དྲང་གསུམ”གྱི་བླང་བྱ་མཐའ་འཁྱོངས་ཀྱིས་སྒྱུར་བཅོས་ཀྱི་གོ་རིམ་ཡོངས་སུ་ཁྱབ་པ་བྱེད་པ་སྟེ་སྒྱུར་བཅོས་ཀྱི་སྐུལ་འདེད་པ་བྱེད་དགོས་ལ་སྒྱུར་བཅོས་ཀྱི་དངོས་སྒྲུབ་པའང་བྱེད་དགོས། སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་ཐད་འགན་སྔར་བས་ཆེན་པོ་འཁུར་ནས་བྱས་རྗེས་སྔར་བས་ཆེན་པོ་འཇོག་དགོས།

    རྣམ་ཀུན་མི་རྣམས་ཀྱིས་རྒྱུ་མཚན་ཅིའི་དོན་ཡིན་པ་མ་བརྗེད་པར་གཞི་འཛུགས་དགོས་ཞེས་བརྗོད་ཀྱི་ཡོད། “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོའི་ཁྲོད་ཐོག་མའི་ཀུན་སློང་དང་བསམ་འདུན་མི་འགྱུར་བ་དང་མི་བརྗེད་པར་དུས་དང་རྣམ་པ་ཀུན་ཏུ“ནན་གསུམ་དྲང་གསུམ”གྱི་གཞི་རྩའི་ནང་དོན་དང་ལག་ལེན་གྱི་བླང་བྱ་ཁོང་དུ་ཆུད་པར་བྱེད་པ་དང་། བསམ་བློའི་རང་རྟོགས་ལ་བརྟེན་ནས་བྱ་སྤྱོད་ཀྱི་རང་རྟོགས་ལ་ཁྲིད་སྟོན་རྒྱུན་ཆད་མེད་པར་བྱས་ཚེ། ང་ཚོས་སྤྱོད་ཚུལ་གྱི་བརྩོན་འགྲུས་དང་ལས་ཀའི་འབྲས་བུ་ངོ་མར་བརྟེན་ནས་ཏང་སྲོལ་སྲིད་སྲོལ་གྱི་རྣམ་པ་གསར་པ་གཏོད་ཐུབ་ངེས་རེད།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།