དབུ་ཤོག>གསར་འགྱུར།
  • གཞིས་རྩེ་གྲོང་ཁྱེར་གྱིས་རྨང་བརྟན་དམངས་ཕན་བྱེད་སྒོ་སྤེལ་བའི་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-14

    2011ལོའི་ཟླ་བཅུ་པ་ནས་བཟུང་། གཞིས་རྩེ་གྲོང་ཁྱེར་གྱིས་སྔ་རྗེས་སུ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་བཞི་བཏང་བ་དང་ལས་བྱེད་པ་ཁྲི་གཉིས་ལྷག་ཙམ་ཟིན་པ་དེ་དག་གྲོང་ཁྱེར་ཡོངས་ཀྱི་གྲོང་ཚོ(གྲོང་ལྷན)1673ལ་ཁྱབ་ཡོད། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གཞི་རིམ་དུ་གཞི་ཚུགས་པ་དང་ལེགས་སྐྱེས་ཧུར་ཐག་ཕུལ་བར་བརྟེན་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། དམངས་འཚོ་ལེགས་གཏོང་བཅས་ཀྱི་རྣམ་པ་བཟང་པོ་ཐོན་ཡོད།

    གཞི་རྩ་བརྟན་གཏོང་གི་བྱེད་ཐབས།

    གྲོང་ཚོར་བཅའ་སྡོད་རིམ་ཁག་ལས་དོན་རུ་ཁག་གིས་གཞི་རིམ་རྩ་འཛུགས་སྟོབས་ཆེར་གཏོང་རྒྱུ་དེ་རྩ་བཅོས་ཀྱི་ཐབས་ཇུས་དང་རྨང་བརྟན་གྱི་བྱེད་ཐབས་སུ་བརྩིས་ཐོག་བྱེད་ཐབས་སྤྱད་དེ་གཞི་རིམ་ལ“ནམ་ཡང་གནས་ཐུབ་པའི་ལས་དོན་རུ་ཁག”གཅིག་བཙུགས་ཡོད།

    གོ་གནས་མེད་པའི་ཏང་ཡོན་ལ་ལས་གནས་གཏན་འཁེལ་བྱ་རྒྱུ་དེ་ནི་གོ་གནས་མེད་པའི་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱེད་པའི་བྱེད་ཐབས་ནུས་ལྡན་ཞིག་ཡིན་ལ། ཁྱད་འཕགས་ཡོན་ཏན་འདོན་སྤེལ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བ། སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བ་བཅས་ཀྱི་ལས་སྟེགས་གལ་ཆེན་ཞིག་ཀྱང་ཡིན། གྲོང་ཨུད་རྩ་འཛུགས་པུའུ་དང་གྲོང་ཁྱེར་ཞིབ་དཔྱོད་ཡན་ལག་ཁང་སོགས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གོ་གནས་མེད་པའི་ཏང་ཡོན་ལ་འགན་འཁྲི་གཏན་འཁེལ་བྱས་པ་དང་འབྲེལ་དུས་བཀག་ཐོག་མང་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ཏེ་དམངས་གཙོའི་དཔྱད་མོལ་བྱས་པ་རེད།

    “གསོ་སྐྱོང་གསུམ”ནི་གྲོང་ཚོའི(གྲོང་ལྷན)ཏང་ཡོན་ལས་བྱེད་པའི་དཔུང་ཁག་གི་གྲུབ་ཆ་ལེགས་སུ་གཏོང་བ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན། གྲོང་ཚོར་བཅའ་སྡོད་སྐྱིད་གྲོང་རྫོང་ཨུད་རྩ་འཛུགས་པུའུ་དང་གཉའ་ལམ་རྫོང་ནོར་སྲིད་ཅུས་སོགས་ལས་དོན་རུ་ཁག་གིས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་། མང་ཚོགས་ཀྱི་གདེང་འཇོག་མཐོ་བ། བསམ་བློའི་གོ་རྟོགས་མཐོ་བ། མདུན་ལམ་ལྡན་པ་བཅས་ཀྱི་མི་སྣ“གསོ་སྐྱོང་གསུམ”གྱི་ཁྱབ་ཁོངས་ནང་བཅུག་པ་དང་འབྲེལ་ལེགས་པའི་ཁྲོད་ནས་བཟང་འདེམས་དང་གཙོ་གནད་ཐོག་གསོ་སྦྱོང་བྱས་ཐོག་འཆར་གཞི་ཡོད་པ་དང་། གོ་རིམ་ལྡན་པ། དམིགས་ས་ཡོད་པ་བཅས་ཀྱི་སྒོ་ནས་གནོན་ཤུགས་སྤྲོད་པ་དང་ལས་འགན་སྤྲད་དེ་ཁོང་ཚོ་མགྱོགས་མྱུར་འཚར་ལོངས་ཡོང་བ་བྱས་ནས་གྲོང་ཚོའི(གྲོང་ལྷན)ལས་དོན་ལ་དོ་དམ་བྱེད་མཁན་ཡོད་པ་བྱས་ཡོད།

    ད་ཕན་ལོ་ཤས་རིང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་གྲོང་ཚོའི(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་ཚན་ཁག་སྟོབས་ཆེར་བཏང་སྟེ་ཏང་ཞུགས་ཧུར་བརྩོན་ཅན་ཁྲི་1.61གསོ་སྐྱོང་དང་། ཏང་ཡོན་ཁྲི་1.03འཕེལ་རྒྱས་བཏང་བ། “གསོ་སྐྱོང་གསུམ”གྱི་མི་སྣ་ཁྲི་1.04གཏན་འཁེལ། སྒྲིག་སྲོལ་ལམ་ལུགས་དོན་ཚན་ཁྲི་2.15བཟོས་པ་དང་འཐུས་ཚང་དུ་བཏང་ནས་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། དམག་འཐབ་ནུས་པ་བཅས་ཆེ་རུ་བཏང་ཡོད།

    མཐའ་དར་དམངས་ཕྱུག་གི་རླབས་ཆེན་འཕོ་འགྱུར།

    རིམ་ཁག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོར(གྲོང་ལྷན)འཕེལ་རྒྱས་ཀྱི་འཆར་འགོད་བཟོས་པ་དང་། འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་བཟོ། དམངས་འཚོའི་རྣམ་གྲངས་འཛུགས་སྐྲུན། གྲོང་ཚོའི་དཔལ་འབྱོར་འཕེལ་རྒྱས་བཏང་བ། རྩལ་ནུས་ཀྱི་གསོ་སྦྱོང་ལ་ཤུགས་སྣོན། ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་བཏང་བ་བཅས་བྱས་པར་བརྟེན་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་ཁག་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད།

    རིན་སྤུངས་རྫོང་ཁང་གཞུང་ཤང་དུ་བཅའ་སྡོད་རང་སྐྱོང་ལྗོངས་སྒྲིག་བཤེར་ཐིང་གི་ལས་དོན་རུ་ཁག་གིས་ལས་དོན་ལ་བརྟག་ཞིབ་གཏིང་ཟབ་བྱས་པ་བརྒྱུད་མང་ཚོགས་ཀྱི་བསམ་བློ་གཏོང་ས་དང་རེ་སྒུག་བྱེད་ས་བཙལ་འཚོལ་ཐུབ་ནས་ནོར་སྲིད་དང་། ཆུ་བེད། འགྲིམ་འགྲུལ། ཞིང་འབྲོག སྡོད་ཁང་སོགས་འགན་ནུས་ཀྱི་སྡེ་ཚན་དང་འབྲེལ་གཏུག་དང་མཐུན་སྦྱོར་བྱས་ཏེ་གྲོང་ཁྱེར་དང་གྲོང་རྡལ་ཆུང་ངུའི་འཛུགས་སྐྲུན་དང་། ཆུ་ཡུར་ཉམས་བཟོ། གཞུང་ལམ་ཉམས་བཟོ། ཟམ་པ་འཛུགས་སྐྲུན། རིག་དངོས་སྲུང་སྐྱོང་སོགས་ཀྱི་རྣམ་གྲངས་མང་པོ་ཞིག་གཏན་འཁེལ་བྱས་ཡོད། མིག་སྔར་རྣམ་གྲངས་མང་ཆེ་བར་ཞིབ་བཤེར་ཆོག་མཆན་ཐོབ་པ་མ་ཟད། ཁག་གཅིག་ལག་བསྟར་བྱེད་བཞིན་ཡོད་པ་རེད།

    པེ་ཅིང་དུ་བཅའ་སྡོད་བོད་ལྗོངས་གཞུང་དོན་ཁང་གི་གྲོང་ཚོར་་བཅའ་སྡོད་ལས་དོན་རུ་ཁག་གིས་མ་དངུལ་སྒོར་ཁྲི་120བཏང་ནས་ཁྱིམ་ཚང་རྣམ་པའི་ལག་ཤེས་བཟོ་རྩལ་དེ“མཉམ་ལས་ཁང་ལྔ་དང་གསོ་ཚགས་དུད་ཚང་གཅིག་ཟུང་འབྲེལ”གྱི་ཕྱུག་འགྱུར་རྣམ་པར་འགྱུར་ནས་གཞི་ཁྱོན་གྱི་ཕན་འབྲས་དང་སྤུས་རྟགས་ཀྱི་ཕན་འབྲས་མངོན་འགྱུར་ཡོང་བ་བྱས་ཡོད། ད་ཆ་ཁ་དཀར་གྲོང་ཚོ་དང་དགེ་ལྡིང་གྲོང་ཚོའི་བོད་གྲི་དང་། ཁྱིམ་ཆས། ཐང་གའི་སྒྱུ་རྩལ་སོགས་རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཆོད་པ་མ་ཟད། ལོ་རེའི་ཡོང་འབབ་སྒོར་ཁྲི་བརྒྱ་ཙམ་ཟིན་ནས་གྲོང་ཚོ་དེ་གཉིས་རྒྱུན་མཐུད་འབབ་འཕར་ཡོང་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

    ད་ཕན་ལོ་ཤས་རིང་གྲོང་ཚོར་བཅའ་སྡོད་རིམ་ཁག་ལས་དོན་རུ་ཁག་གིས་གྲོང་ཚོར(གྲོང་ལྷན)འཕེལ་རྒྱས་ཀྱི་བསམ་ཕྱོགས་ཁྲི་2.38གསལ་པོ་བཟོ་རོགས་དང་། མཉམ་སྡེབ་དཔལ་འབྱོར་དངོས་ཚན་1747དང་མཉམ་ལས་དཔལ་འབྱོར་རྩ་འཛུགས་763འཕེལ་རྒྱས་བཏང་བ། མང་ཚོགས་མི་ཐེངས་ཁྲི་1.8ལ་རྩལ་ནུས་གསོ་སྦྱོང་བྱས་པ། རྣམ་གྲངས་ཁྲི་1.3ལག་བསྟར། མ་དངུལ་སྒོར་དུང་ཕྱུར་26.64བསྡུ་སྒྲིལ་དང་དོན་འཁྱོལ་བཅས་བྱས་ཏེ་མང་ཚོགས་ཕྱུག་པོ་ཆགས་རྒྱུར་སྐུལ་འདེད་བཏང་བ་མ་ཟད། གཞི་རིམ་གྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།

    ཤེས་དཔལ་དར་སྤེལ་གཏོང་བའི་བརྗིད་ཉམས་ལྡན་པའི་བསྒྲགས་གཏམ།

    གྲོང་ཚོར་བཅའ་སྡོད་རིམ་ཁག་ལས་དོན་རུ་ཁག་གིས་བྱེད་ཐབས་སྣ་མང་སྤྱད་ནས་མང་ཚོཌ་ཁྲོད་དུ་བསྐྱོད་དེ་རྒྱལ་གཅེས་རིང་ལུཌ་དང་། མི་རིགས་མཐུན་སྒྲིལ། བཅའ་ཁྲིམས་དང་ཁྲིམས་སྲོལ། དམངས་ཕྱུག་དམངས་ཕན་གྱི་སྲིད་ཇུས། མི་རིགས་ཆོས་ལུགས་སྲིད་ཇུས་བཅས་རྒྱ་ཁྱབ་ངང་སྒྲོག་འགྲེལ་བྱེད་པ་དང་། ཤེས་དཔལ་སྲོལ་གཏོད་དང་། ཤེས་དཔལ་གོང་བཀུར། ཤེས་དཔལ་དར་སྤེལ་བཅས་གཏོང་བ། “གུང་ཁྲན་ཏང་ཡག སྤྱི་ཚོགས་རིང་ལུགས་ཡག སྒྱུར་བཅོས་སྒོ་དབྱེ་ཡག རླབས་ཆེན་མེས་རྒྱལ་ཡག མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་ཡག”བཅས་དུས་རབས་ཀྱི་བརྗོད་བྱ་གཙོ་བོ་མཆོག་ཏུ་འཛིན་པ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་དང་ཁྲིམས་ལྟར་བོད་སྐྱོང་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་གཅིག་སྒྲིལ་དང་མི་སེམས་གཅིག་ཏུ་འདུས་ཡོད།

    གྲོང་ཁྱེར་ཡོངས་ཀྱི་གྲོང་ཚོར་བཅའ་སྡོད་རིམ་ཁག་ལས་དོན་རུ་ཁག་གིས་ད་དུང་འཚོལ་ཞིབ་ཧུར་ཐག་དང་། གསར་གཏོད་བྱེད་ཕོད་པ། རང་འགུལ་ངང་བྱས་རྗེས་འཇོག་པ་བཅས་བྱས་ཏེ“མཉམ་འབྲེལ་གསུམ་དང་། རོགས་སྐྱོར་གསུམ། གསར་གཏོད་གསུམ”བཅས་དང་། ཤང་ཧྲིལ་པོར་སྐུལ་འདེད་གཏོང་བའི་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་བྱེད་པའི་ལས་དོན། “ཕུལ་བྱུང་སྤྱོད་ཚུལ་ལྔ”དར་སྤེལ་གཏོང་བ། རྒྱལ་རྩེའི་དབྱིན་འགོག་དམག་འཁྲུག་ལངས་ནས་ལོ་110འཁོར་བར་དྲན་གསོ་ཞུ་བའི་དྲིལ་བསྒྲགས་སློབ་གསོ་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་། སྔོན་གཏོད་ལེཌ་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི“གཞི་རིམ་དུ་གཞི་ཚུགས་པ་དང་། དམངས་ལ་བརྩེ་སེམས་བཅངས་པའི”གཏམ་བཤད་འགྲན་བསྡུར་བྱེད་པ། “དེབ་གཅིག་དང་འོད་སྡེར་གཅིག”དང“བྱེད་ཐབས་གཅིག་དང་གཏན་འབེབས་གཉིས”གཏོད་རྒྱུ་སོགས་གཞི་རྟེན་དུ་བྱས་ནས་གྲོང་ཚོར་བཅའ་སྡོད་ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་ཕྱོགས་སུ་སྤེལ་ཡོད།

    ལོ་གསུམ་ནང་གྲོང་ཚོར་བཅའ་སྡོད་རིམ་ཁག་ལས་དོན་རུ་ཁག་གིས་མང་ཚོགས་སྒྲིག་འཛུགས་བྱས་ནས་དྲིན་ཚོར་སློབ་གསོའི་སྒྲོག་འགྲེལ་ཚོགས་འདུ་ཐེངས་ཁྲི་4.31འཚོགས་པ་དང་། བོད་གསར་རྙིང་བསྡུར་བ་བྱེད་པའི་བྱེད་སྒོ་ཐེངས་ཁྲི་1.3སྤེལ་བ། དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་ཁྲི་158.42སྤྲད་པས་མང་ཚོགས་ལ་སློབ་གསོ་ཐེབས་ཚད་100%ཟིན་ཏེ་ཏང་གི་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བ་བཅས་ཀྱི་མང་ཚོགས་ཀྱི་དད་སེམས་བརྟན་དུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།