དབུ་ཤོག>གསར་འགྱུར།
  • གྲོང་ཚོར་བཅའ་སྡོད་ལས་དོན་གཏིང་ཟབ་དང་ཏན་ཏིག་སྒོ་ནས་སྤེལ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ ཝང་ཅེ་ཡིས།   |     སྤེལ་དུས།  2015-08-14

    2011ལོར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ཀྱི་དོན་དངོས་ལ་གཞི་ཚུགས་ནས་ལྗོངས་ཡོངས་སུ་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་སྤེལ་རྒྱུའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་གནང་བ་རེད།

    ལོ་གསུམ་ལྷག་ཙམ་རིང་གྲོང་ཚོར་བཅའ་སྡོད་རིམ་ཁག་ལས་དོན་རུ་ཁག་གིས་ལས་ཀའི་ཐབས་ཤེས་གསར་གཏོད་བྱས་པ་དང་། གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པས་གཞི་རིམ་རྩ་འཛུགས་ཀྱི་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། འཐབ་ནུས་བཅས་ཆེ་རུ་ཕྱིན་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་ཏན་ཏིག་ངང་དམ་འཛིན་ཡག་པོ་བྱས་པས་གྲོང་ཁྱེར་དང་གྲོང་གསེབ་ཞི་མཐུན་བརྟན་ལྷིང་ལ་རྣམ་པ་གསར་པ་ཐོན་པ། འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་པོ་བཟོ་བ་དང་ཕྱུག་འགྱུར་གྱི་ལམ་བུ་རྒྱ་ཆེར་གཏོང་རོགས་བྱས་པས་ཞིང་འབྲོག་ཁུལ་གྱི་རང་ངོས་འཕེལ་རྒྱས་ནུས་པ་ཆེ་རུ་ཕྱིན་པ། ཏང་གི་དྲིན་ཚོར་སློབ་གསོ་གཏིང་ཟབ་བཏང་བས་ཏང་གི་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བ་བཅས་ཀྱི་མང་ཚོགས་ཀྱི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་རང་བཞིན་མཐོ་རུ་ཕྱིན་པ། སེམས་ནུས་ཡོད་རྒུས་མང་ཚོགས་ལ་བྱ་བཟང་བསྒྲུབས་པ་དང་དཀའ་གནད་བསལ་བས་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་ལེགས་སུ་ཕྱིན་པ། དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་མ་གཏོང་བ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བཅས་བྱས་པས་གཞི་རིམ་རྩ་འཛུགས་དང་གཞི་རིམ་སྲིད་དབང་ལ་ཤུགས་སྣོན་ཐེབས་པ་དང་ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུའང་ཕྱིན་པ་དང་དམངས་ཆེད་དམངས་གཅེས་ཀྱི་ཏང་དང་སྲིད་གཞུང་གི་གཟུགས་བརྙན་བཟང་པོ་བཏོད་ཡོད་པ་རེད།

    ན་ནིང་ལོ་མཇུག་ཏུ་གྲོང་ཚོར་བཅའ་སྡོད་ལས་བྱེད་པའི་ལས་དོན་སྔར་བས་གཏིང་ཟབ་ཏུ་གཏོང་ཆེད་རང་ལྗོངས་ཀྱིས《སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་བ་དང་གྲོང་ཚོར་བཅའ་སྡོད་ལས་བྱེད་པའི་ལས་ཀའི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཟོས་ཤིང་། 《བསམ་འཆར》ནང་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་ཁ་ཕྱོགས་མི་འགྱུར་བ་དང་། གྲོང་ཚོ(གྲོང་ལྷན)ཚང་མར་ཁྱབ་པ་བྱ་རྒྱུ་མི་འགྱུར་བ། ལས་དོན་རུ་ཁག་ཐད་ཀར་གྲོང་ཚོ《གྲོང་ལྷན》དུ་བཅའ་སྡོད་བྱ་རྒྱུ་མི་འགྱུར་བ་བཅས་ཀྱི་བླང་བྱ་གསལ་པོ་བཏོན་པར་གཞིགས་ནས་ལྗོངས(ཀྲུང་དབྱང)ཐད་གཏོགས་དང་། ས་ཁུལ(གྲོང་ཁྱེར)ཐད་གཏོགས། རྫོང(ཆུས)བཅས་ཀྱི་ཚན་པའི་གྲོང་ཚོར་བཅའ་སྡོད་དེ་སྔའི་ས་ཚིགས་སྤྱི་ཡོངས་ནས་བརྟན་པོ་ཡོང་བའི་མཐའ་འཁྱོངས་བྱས་ཡོད།

    གྲོང་ཚོར་བཅའ་སྡོད་ལས་དོན་མུ་མཐུད་ལག་བསྟར་བྱ་རྒྱུ་རེད་ཅེས་ཐོས་སྟབས་ཞིང་འབྲོག་ཁུལ་གྱི་རྒྱ་ཆེའི་མང་ཚོགས་དགའ་སྤྲོ་རབ་ཏུ་འཁོལ་ནས་གྲོང་ཚོར་བཅའ་སྡོད་ལས་དོན་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཞིང་འབྲོག་ཁུལ་ལ་འཛིན་པའི་སྲིད་ཇུས་ཡག་ཤོས་ཀྱི་གྲས་ཤིག་ཡིན་པ་དང་གྲོང་ཚོར་བཅའ་སྡོད་རྒྱ་ཆེའི་ལས་དོན་རུ་ཁག་གིས་ང་ཚོར་དཀའ་ངལ་མང་པོ་དངོས་འབྲེལ་ཐག་གཅོད་བྱས་པས་ང་ཚོར་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་དང་སེམས་ཁུར་གཏིང་ཟབ་ཚོར་བྱུང་ཞེས་ཤོད་ཀྱི་ཡོད།

    དེར་བརྟེན་ང་ཚོས་གྲོང་ཚོར་བཅའ་སྡོད་ལས་དོན་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་དགོས། གྲོང་ཚོར་བཅའ་སྡོད་རིམ་ཁག་ལས་དོན་རུ་ཁག་གིས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། ལག་བསྟར་ཡག་པོ་བཅས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་བྱེད་པ་དང་། ཁྲིམས་ལྟར་རྒྱལ་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་བ། ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་བྱས་ནས་ཁྲིམས་སྦྱོང་བ་དང་ཁྲིམས་ཤེས་པ་བྱེད་པ་དང་དམངས་ཡོངས་ཀྱིས་ཁྲིམས་སྲུང་རྒྱུར་སྐུལ་མ་གཏོང་བ། ཁྲིམས་ལྟར་རྒྱལ་སྐྱོང་དང་ཁྲིམས་ལྟར་བོད་སྐྱོང་གི་མཛུབ་ཁྲིད་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་འགན་ལེན་བྱེད་པ། “ལས་འགན་ཁག་ལྔ”སྟེ་གཞི་རིམ་རྩ་འཛུགས་སྟོབས་ཆེར་གཏོང་བ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། ཕྱུག་འགྱུར་གྱི་ལམ་བུ་འཚོལ་བ། དྲིན་ཚོར་གྱི་སློབ་གསོ་གཏོང་བ། དོན་དངོས་སྒྲུབ་པ་དང་དཀའ་གནད་སེལ་བ་བཅས་བྱ་རྒྱུ་མུ་མཐུད་དམ་འཛིན་ཡག་པོ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།