དབུ་ཤོག
  • ལོ་ཐོའི་ཟླ་བཤད་ཀུན་གསལ་མ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-14

    རྒྱ་རྩིས་སྟོན་ཐ་ཤིང་ཕོ་ཁྱི་ཟླ་ཆེ་བ། ཚེས་7སྤྲེལ་གྱི་ལྔ་ཆ་གཅིག་ནས་རང་ཟླའི་དབུགས་ཐོབ། སྟོན་ཟུག བྱ་སྐད་འཆག ཚད་པ་ཅུང་ཟད་ཁ་འབྲི། དགུན་གྲོ་སྨིན་རིམ་བཞིན་བརྔ་བསྡུ་བྱ་དགོས། ཚེས་14བྱའི་ལྔ་ཆ་གཉིས་ནས་དུས་ཀྱི་བདག་པོ་གདོང་ལྔའི་ཁབ་ཏུ་སོན། རང་ཟླའི་ཚེས་14ནས་ཕྱི་ཟླའི་ཚེས་13བར་བུམ་སྟོང་ཤར། མུ་མཐུད་ནས་དགུན་གྲོ་བརྔ་བསྡུ་བྱེད་པ་དང་། གཡུལ་ལས་གཏོང་བ། སྟོན་རྨོད་རྒྱག་པ། དགུན་གྲོ་འདེབས་པ་བཅས་དུས་ཐོག་ཏུ་བྱ་དགོས། ཚེས་22ཁྱིའི་ལྔ་ཆ་བཞི་ནས་སྟོན་ཐོག་མའི་རང་སྒང་ཟིན། ཆར་སྒང་འཆག ཆུ་བོ་ཁ་འབྲི། མུ་མཐུད་སྟོན་བསྡུ་ཟིན་པའི་ཚར་མར་ཆུ་སྐྱོན་དང་། བཞའ་སྐྱོན། རུལ་སྐྱོན་བཅས་མི་ཡོང་བ་བྱ་དགོས། སྟོད་བྱང་འབྲོག་པའི་ས་ཁུལ་གྱི་ཕྱུགས་ཟོག་རྣམས་སྤང་རི་མཐོ་ས་ནས་དམའ་སར་སྐྱས་སྤོས་ཏེ་ཤ་ཤེད་རྒྱས་ཐབས་དང་ཕ་སྦྱོར་གྱི་ལས་ཀ་ཡག་པོ་བྱ་དགོས། ཚེས་26སྟག་གི་ལྔ་ཆ་བཞི་ནས་ཚེས་27སྔ་མ་སྟག་གི་ལྔ་ཆ་ལྔ་བར་ཉི་མ་ནག ཚེས་27སྔ་མའི་ཕག་གི་ལྔ་ཆ་གསུམ་ནས་གྲུབ་རྩིས་སྐར་མ་རི་ཥི་འཆར། ཞག་བདུན་རིང་ཆུ་ཀླུང་ཡན་ལག་བརྒྱད་ལྡན་བདུད་རྩིར་འགྱུར་བས་སྨན་དཔྱད་དང་ཁྲུས་ལ་གཞུག་པར་བྱ། ལྔ་ཤར། དགུ་ནུབ། ཟིན་ཕུང་བྱང་ནས་ལྷོར་ནམ་ལངས་རྒྱུ། རྟ་རྫོགས་ནས་ལྡོག ཧལ་ཁྱི་བྱང་སྟོད། ཤར་ལྷོར་ཕུང་པོ་དྲངས་ན་ངན། འབྲུག་རྗེ་མཐོངས་དང་སྲང་ཁར་གནས། ཡས་ལམ་བྱང་ཤར། ཕུག་ལུགས་གྲུབ་པའི་ཚེས་12、24ཆད། ཚེས་8、27ལྷག དཔལ་ལྡན་བྱེད་པའི་ཚེས་19ཆད། ལྷག་མེད། སྤྱི་ལ་ཟླ་འདི་ནག་ཅིང་བྱེ་བྲག་ཚེས་21ནས་30བར་ཤིན་ཏུ་ནག

    སྤྱི་ལ་ཟླ་འདིར་འབྱུང་བ་མེ་ཆུ་རླུང་གསུམ་གྱི་ཁམས་ཤས་ཆེ་བས་ཡུལ་སྤྱིར་ཆར་གྱི་འབབ་ཚད་འབྲིང་། བྱེ་བྲག་ཚེས་7ནས་གཟའ་རྣམས་ཕལ་ཆེར་མེ་སྐར་ལ་སྤྱོད་ཅིང་། ཚེས་27ནས་པ་སངས་རྒྱུ་སྐར་རྒྱལ་སྟེང་ཕྱིར་ལོག་པས་ཆར་ཆུ་མི་སྙོམས། ཤར་དང་། ཤར་ལྷོ་ཁུལ་དུ་ཆར་དྲག་རླུང་འཚུབ་སོགས་རང་བྱུང་གནོད་འཚེར་དོགས། བྱང་རྒྱུད་དུ་ཆར་རླུང་འཚུབ་པ་མང་།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།