དབུ་ཤོག>གསར་འགྱུར།
  • སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་མགྱོགས་པོ་བཏང་ནས་མི་དམངས་མང་ཚོགས་ལ་དངོས་ཕན་སྔར་བས་མང་བ་ཐོབ་པའི་ཚོར་སྣང་ཞིག་ཡོང་བ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-08-14

    སྤྱི་ཚོགས་བྱ་གཞག་ནི་མི་དམངས་བདེ་བར་འཁོད་རྒྱུ་དང་འབྲེལ་བ་ཡོད་པ་དང་། རྒྱལ་ཁབ་དང་མི་རིགས་ཀྱི་ཕུགས་ཀྱི་འཕེལ་རྒྱས་དང་འབྲེལ་བ་ཡོད་པ་ཞིག་ཡིན་པ་མ་ཟད། ད་དུང་ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་སྐྱིད་དང་འབྲེལ་བ་ཡོད་པ་ཞིག་ཀྱང་རེད།

    “སྤྱི་ཚོགས་བྱ་གཞག་ཁྱོན་ཡོངས་ནས་ཡར་རྒྱས་ཡོང་བ་བྱེད་དགོས”ཞེས་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་གི་ཆོད་གཏམ་དེ་ནི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་འཚོགས་ཚུན་བོད་ཀྱི་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་མགྱོགས་པོ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ལ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱས་པ་དང་མི་སེར་ལ་དངོས་ཕན་སྔར་བས་མང་པོ་ཐོབ་པའི་ཚོར་སྣང་ཞིག་ཡོང་བར་བྱས་པར་ཁས་ལེན་གང་ལེགས་བྱས་པ་ཞིག་རེད་ལ་རང་ལྗོངས་ལ་བཏོན་པའི་སྤྱི་ཚོགས་བྱ་གཞག་སྔར་བས་འཕེལ་རྒྱས་གཏོང་དགོས་པའི་སྔར་བས་མཐོ་བའི་བླང་བྱ་གསར་པ་ཞིག་ཀྱང་རེད། ང་ཚོས་ངེས་པར་དུ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་ཡག་པོ་དང་གོ་བ་ཡག་པོ་བླངས་ཏེ་ལས་དོན་ལ་མཛུབ་ཁྲིད་བྱེད་པ་དང་ཆབས་ཅིག་སྐུལ་འདེད་ཀྱང་བཏང་ནས་རང་ལྗོངས་ཀྱི་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་པ་ཞིག་གཏོད་དགོས།

    ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། ཀྲུང་དབྱང་རྒྱལ་ཁབ་པུའུ་ཨུད་དང་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་། གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱི་རྒྱབ་སྐྱོར་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དམངས་འཚོ་ལེགས་སུ་གཏོང་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཏེ་གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་ཐུབ་པའི་འགན་ལེན་ནུས་ལྡན་བྱས་ནས་སྤྱི་ཚོགས་བྱ་གཞག་དར་རྒྱས་གོང་འཕེལ་བཏང་བས་སྤྱི་ཚོགས་བྱ་གཞག་ཐད་ཁྱོན་ཡོངས་ནས་ཡར་རྒྱས་དང་གསར་གཏོད་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་བཟང་པོ་ཞིག་ཐོན་ཡོད།

    ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ནི་རང་ལྗོངས་ཀྱི་སྤྱི་ཚོགས་བྱ་གཞག་ཁྱོན་ཡོངས་ནས་ཡར་རྒྱས་ཡོང་བ་བྱེད་པའི་སྒུལ་ཤུགས་ཆེན་པོ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་ཚུགས་ས་དང་དོན་ལ་བབས་ས་རེད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་སྦྱོང་དུས་སློབ་མཁན་ཡོད་པ་དང་། ལས་ཀར་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒན་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ་བཅས་ཀྱི་བླང་བྱ་གཞིར་བཟུང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རྨང་གཞིའི་ཐོག་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་གཙོ་གནད་དུ་བཟུང་བའི་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས་ཞེས་ནན་བཤད་ཡང་ཡང་གནང་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་རང་ལྗོངས་ཀྱི་སྤྱི་ཚོགས་འཛུགས་སྐྲུན་ལ་ཤུགས་སྣོན་ཆེན་པོ་རྒྱག་རྒྱུའི་ཐད་བཀོད་སྒྲིག་བྱས་པ་མ་ཟད། ད་དུང་གཙོ་གནད་མངོན་གསལ་དོད་པོས་གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་དགོས་ཤིང་། ནོར་ཤུགས་སྔར་བས་མང་བ་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་སུ་གཏོང་བ་དང་། སྤྱི་ཕན་རང་བཞིན་གྱི་རྣམ་གྲངས་གལ་ཆེན་ཐོག་དོན་འཁྱོལ་བྱེད་པ། སྲིད་ཇུས་དང་མ་དངུལ་སྔར་བས་མང་བ་རྒྱ་ཆེའི་ཞིང་འབྲོག་ཁུལ་དང་ཐག་རིང་ས་ཁུལ་ལ་གཟིགས་སྐྱོང་གིས་བཏང་ནས་གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་ཀྱང་བྱས་ཡོད།

    རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་ནི་རང་ལྗོངས་ཀྱི་སྤྱི་ཚོགས་བྱ་གཞག་ཁྱོན་ཡོངས་ནས་ཡར་རྒྱས་འགྲོ་བར་བྱེད་པའི་འགན་ལེན་ནུས་ལྡན་ཞིག་རེད། ཁ་གཏད་བོད་སྐྱོར་བྱེད་མཁན་ཀྲུང་དབྱང་རྒྱལ་ཁབ་པུའུ་ཨུད་དང་། ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ་དང་། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲིའི་བསམ་པའི་ཐོག་ནས་དམངས་འཚོ་བོད་སྐྱོར་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་པ། ཞིང་ཆེན་དང་གྲོང་ཁྱེར་དེ་གའི་ལོ་འཁོར་གོང་མའི་ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་རང་བཞིན་གྱི་སྔོན་རྩིས་ཡོང་འབབ་ཀྱི་སྟོང་ཆ་གཅིག་ལྟར་བཀོད་སྒྲིག་བྱས་པ། བོད་སྐྱོར་མ་དངུལ་དང་རྣམ་གྲངས་གཞི་རིམ་དང་ཞིང་འབྲོག་ཁུལ་ལ་ཕྱོགས་པ། ལས་དོན་སྤེལ་ཤུགས་སྔར་བས་ཆེ་རུ་བཏང་བ། བདེ་སྡོད་ལས་གྲྭ་དང་། ངལ་རྩོལ་ལས་ཞུགས། སྨན་བཅོས། སློབ་གསོ། དབུལ་སྐྱོར་དཀའ་སེལ། སྤྱི་པའི་ཞབས་ཞུ། ཆུ་གློག་ལམ་དྲོད་སོགས་སྒྲིག་བཀོད་འཛུགས་སྐྲུན་སོགས་དམངས་འཚོའི་ལས་གྲྭ་འཛུགས་སྐྲུན་ལ་རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་སྐུལ་འདེད་བཏང་བ་བཅས་ལས་རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ཁ་གཏད་བོད་སྐྱོར་ལས་དོན་ཁྲོད་ནས་དངོས་གནས་དྲང་གནས་དང་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འགན་ཁུར་ཕོད་པར་བྱས་པ་ནི་རང་ལྗོངས་ཀྱི་སྤྱི་ཚོགས་བྱ་གཞག་ཁྱོན་ཡོངས་ནས་ཡར་རྒྱས་འགྲོ་བར་བྱེད་པའི་རྩ་བའི་འགན་ལེན་ཞིག་རེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་དམངས་གཅེས་དང་། དམངས་བདེ། དམངས་ཕན་བཅས་ཀྱི་བསམ་ཕྱོགས་གཞིར་བཟུང་བའི་ཁར། དམངས་ཕྱུག་བོད་དར་འཐབ་ཇུས་ལག་ལེན་བསྟར་རྒྱུ་མཐའ་འཁྱོངས་ཀྱིས་70%ཡན་གྱི་ནོར་ཤུགས་དམངས་འཚོར་བཏང་སྟེ་ཞིང་འབྲོག་པ་དང་། གཞི་རིམ། ཉམས་ཞན་ཚོགས་སྤྱི་བཅས་ལ་ཕྱོགས་ཡོད། བདེ་སྡོད་ལས་གྲྭར་སྐུལ་འདེད་གཏོང་རྒྱུ་དང་། ཞིང་འབྲོག་ཁུལ་གྱི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ། སྣོད་བཅུད་གནས་སྤོ་ཡག་པོ་བྱ་རྒྱུ། ལས་ཞུགས་རྒྱ་ཆེར་ཧུར་ཐག་གཏོང་རྒྱུ། ཟོག་གོང་ཚོད་འཛིན་ནན་པོ་བྱ་རྒྱུ། སྨན་བཅོས་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སྤྱི་ཚོགས་འགན་ལེན་མ་ལག་འཐུས་ཚང་དུ་གཏོང་རྒྱུ། དབུལ་སྐྱོར་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ། གནོད་འཚེ་སྔོན་འགོག་ཉུང་གཏོང་དང་བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱ་རྒྱུ་བཅས་དམངས་འཚོའི“བྱ་བ་དངོས་བཅུ”མུ་མཐུད་ཡག་པོ་བསྒྲུབས་པ་དང་། སྤྱི་པའི་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་དོ་འཁུར་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་བ། སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་ཀྱི་ཆུ་ཚད་ཇེ་མཐོར་བཏང་ཡོད།

    དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་རྩ་བའི་དམིགས་ཡུལ་ནི་དམངས་འཚོ་འགན་ལེན་བྱེད་པ་དང་ལེགས་སུ་བཏང་ནས་མི་དམངས་བདེ་བར་འཁོད་ཤུགས་ཆེ་རུ་གཏོང་རྒྱུ་དེ་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག“དམངས་འཚོ་ལེགས་སུ་གཏོང་རྒྱུ་དང་མི་སེམས་གཅིག་ཏུ་སྒྲིལ་རྒྱུ་དེས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་བྱེད་དགོས”ཞེས་ནན་བཤད་བྱས་པ་དེ་འཚོ་བ་སྔར་བས་ཡག་པོ་ཞིག་སྐྱེལ་འདོད་བྱེད་པའི་མི་རིགས་ཁག་གི་མི་དམངས་ཀྱི་རེ་སྒུག་གསར་པ་དང་བསྟུན་པ་ཞིག་རེད། ང་ཚོས་རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་སྤྱི་ཚོགས་བྱ་གཞག་སྒྱུར་བཅོས་དང་གསར་གཏོད་མགྱོགས་པོ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་དངོས་པོ་དང་རིག་གནས་ཀྱི་དགོས་མཁོ་བསྐངས་ནས་མི་སེར་གྱི་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ལེགས་སུ་འགྲོ་བར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།