དབུ་ཤོག>གསར་འགྱུར།
  • རུལ་སུངས་ལ་ངོ་རྒོལ་བྱས་ནས། ཚུལ་མིན་བྱ་སྤྱོད་སེལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-12

    ཟླ་7ཚེས་29ཉིན།  མཚོ་སྨད་རྫོང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་མཐུན་སྦྱོར་ལས་དོན་ཚོགས་ཆུང་གི་གྲོས་ཚོགས་ཐེངས་དང་པོ་སྐོང་ཚོགས་བྱས་པ།  ཚོགས་འདུའི་ཐོག་བླང་བྱ་བཏོན་གསལ།  ཁོངས་མི་ཁག་གི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་ཀར་ཚད་མཐོའི་ཐོང་ཆེན་བྱེད་དགོས་པ།  བསམ་བློ་གཅིག་གྱུར་དང་།  རུལ་སུངས་ལ་ངོ་རྒོལ་བྱེད་པའི་མཐུན་སྦྱོར་ལས་ཀའི་གལ་ཆེའི་རང་བཞིན་ལ་ཤུགས་སྣོན་རྒྱག་དགོས།  རུལ་སུངས་ལ་ངོ་རྒོལ་བྱེད་པའི་མཐུན་སྦྱོར་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བཙན་གནོན་རྣམ་པའི་འོག་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན།   སྒྲིག་ཁྲིམས་དང་བཅའ་ཁྲིམས་ཀྱི་མཚོན་ཆ་རྣོན་པོ་གཉིས་བེད་སྤྱོད་པར་ལས་བྱེད་པའི་དཔུང་ཁག་ལ་དོ་དམ་ལེགས་པོ་བྱས་ནས་རང་ཉིད་དང་ཁྱིམ་མིར་འགན་འཁུར་བ།  མཚོ་སྨད་འཕེལ་རྒྱས་དང་བརྟན་ལྷིང་ལ་ཞབས་འདེགས་ཞུ་དགོས།

    ད་ཆ།  ཏང་ཡོན་ལས་བྱེད་པ་ཁག་ཤིག་གིས་སྒེར་གྱི་འདོད་པའི་འོག  ཁྲིམས་ལུགས་ཀྱི་འདུ་ཤེས་རིམ་བཞིན་བརྗེད་ནས།  དབང་ཆའི་འགག་སྒོ་དང་།  དངུལ།  བུ་ཕྲུག་སོགས་ཀྱི་འགག་སྒོའི་མདུན་དུ་རྩ་དོན་ཤོར་ནས།  ཏང་དང་རྒྱལ་ཁབ་ཀྱི་ལོ་མང་རིང་གསོ་སྐྱོང་དང་སློབ་གསོ་བརྒྱབ་པར་མ་བལྟས་པར་།  དབང་ཆ་བེད་སྤྱད་ནས་གུང་ཁྲན་ཏང་ཡོན་དང་མི་དམངས་སྤྱི་ཞབས་པའི་རྩ་དོན་དང་དམིགས་ཡུལ་དང་འགལ་བའི་བྱ་བ་སྒྲུབ་ནས།  ནག་ཉེས་ཅན་གྱི་གོམས་སྟབས་སྤོས་ནས་རང་ཉིད་དམྱལ་བའི་སྒོ་ཁར་བསྐྱལ་ཡོད།  མཐའ་མར་ཁེ་གྲགས་གཉིས་ཤོར་དེ་བས་ཀྱང་རང་ཉིད་ཀྱི་ཚེ་སྲོག་ཡང་ཤོར་གྱི་ཡོད།  དེའི་བསླབ་བྱ་ནི་ཟབ་མོ་དང་མི་རྣམས་སེམས་སྡུག་དགོས་པ་ཞིག་རེད།

    “འཁོར་ལོ་སྔོན་མ་ལོག་པ་དེ།  རྗེས་མའི་བསླབ་བྱར་འགྱུར”བ་ལྟར།  ང་ཚོས་ངེས་པར་དུ་དཔེ་མཚོན་དེ་དག་ཁྲོད་ནས་བསླབ་བྱ་ལེན་དགོས།  ལྷག་པར་དུ་ཏང་ཡོན་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་སློབ་སྦྱོང་བྱེད་པའི་གོམས་གཤིས་བཟང་པོ་དེ་རྒྱུན་འཁྱོངས་བྱེད་དགོས།  སློབ་སྦྱོང་བྱེད་རྒྱུར་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་ན།  གཞི་ནས་རང་ཉིད་ཀྱི་སྦྱང་ཚད་དང་ནུས་པ་མཐོ་རུ་གཏོང་ཐུབ།    བསླུ་ཁྲིད་སྣ་ཚོགས་ཁྲོད།  ངེས་པར་དུ་རང་ཉིད་ཀྱི་ཁ་བཅུན་ཐུབ་པ་དགོས།  བཟའ་མི་ཉན་པ་དེ་མི་བཟའ།  འཐུང་མི་རུང་བ་དེ་མི་འཐུང་།    རང་ཉིད་ཀྱི་ལག་པ་བཅུན་ནས།  མི་གཞན་གྱི་དངོས་པོ་མ་ལེན་པར་རང་ཉིད་སྦྱང་ཚད་མཐོ་བ་དང་།  ནུས་པ་ཆེ་བ།   སྤྱོད་ཚུལ་ལེགས་པ་བཅས་མང་ཚོགས་ཀྱིས་མཁས་ལེན་པའི་ལས་བྱེད་པ་བཟང་པོ་ཞིག་བྱེད་དགོས།

    དེར་བརྟེན།   ཚན་པ་ཁག་གིས་   རང་སོ་སོའི་འགན་ནུས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས།  ཐོན་ཁུངས་གཅིག་བསྡུས་དང་། རུལ་སུངས་སྔོན་འགོག་ལས་ཀའི་ཐད་འབད་པ་བྱས་སྟེ་རུལ་སུང་ལ་ཁྲིམས་གཅོད་བྱེད་པའི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་ནས་སྤྱོད་གཙང་ལྡན་པའི་མཚོ་སྨད་ཀྱི་གཟུགས་བརྙན་ཞིག་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།