ཡུལ་མིའི་བདེ་ཐང་ཡིག་ཚགས་ནི་ཡུལ་མིའི་བདེ་ཐང་གནས་ཚུལ་གྱི་དཔྱད་ཡིག་མཛོད་ཁང་ཞིག་ཡིན་ཞིང་། དེའི་ནང་ཡུལ་མིའི་ཁྱིམ་རྒྱུད་ཀྱི་ནད་གཞིའི་ལོ་རྒྱུས་དང་རྒྱུད་འཁྲི་བའི་ནད་གཞི་ཡོད་མེད། འཚོ་བ་དང་ལས་ཀའི་ཁོར་ཡུག་སོགས་ཀྱི་གནས་ཚུལ་འཁོད་ཡོད། ཕྲུ་གུ་སྐྱེས་པ་ནས་བཟུང་སྐྱེས་མ་ཐག་གམ་དམར་འབྱར་དང་བྱིས་པ། སློབ་ལོ་མ་ལོན་སྔོན་དུས་ཀྱི་འཚར་ལོངས། དེ་བཞིན་བདེ་ཐང་གནས་ཚུལ་དང་སྔོན་འགོག་བདེ་སྲུང་དོ་དམ་གྱི་ཆ་འཕྲིན་འཁོད་ཡོད་པ། བུད་མེད་ཀྱི་མི་ཚེའི་ལོ་མཚམས་ཁག་ནང་དང་ལྷག་པར་དུ་སྦྲུམ་འཁོར་བའི་དུས་རིམ་གྱི་བདེ་ཐང་དོ་དམ་ཆ་འཕྲིན། རྒན་རྒོན་གྱི་བདེ་ཐང་དོ་དམ་དང་མི་ཚེའི་དུས་རིམ་ཁག་ནང་ནད་གཞི་ཕོག་སྐབས་ཀྱི་སྨན་བཅོས་བདེ་སྲུང་གི་ཆ་འཕྲིན་ལ་སོགས་ཐོ་འགོད་བྱས་ཡོད་པས། མདོར་ན་བདེ་ཐང་ཡིག་ཚགས་ནི་ཡུལ་མི་ཚོར་ཚེ་གང་འགྲོགས་པ་དང་། ཁྱོན་ཡོངས། ཕྱོགས་བསྡུས། རྒྱུན་མཐུད་རང་བཞིན་བཅས་ཀྱི་བདེ་ཐང་དཔྱད་ཡིག་ཞིག་ཡིན་ལ་དེའི་ནང་དུ་ཞིབ་ཅིང་ཁུངས་འཕེར་བ་དང་ཆ་ཚང་བའི་ངང་ཡུལ་མིའི་ཚེ་གང་པོའི་དུས་མཚམས་ཁག་གི་བདེ་ཐང་གནས་ཚུལ་དང་དེ་བཞིན་སྔོན་འགོག སྨན་བཅོས། བདེ་སྲུང་། དྲག་སྐྱེད་སོགས་ཀྱི་ཆ་འཕྲིན་ཐོ་འགོད་བྱས་ཡོད།