
ཉེ་བའི་ལོ་ཤས་རིང་ཆབ་མདོ་གྲོང་ཁྱེར་རུ་བཞི་ཤང་མདའ་རོ་གྲོང་ཚོས། གྲོང་ཁྱེར་དང་བར་ཐག་ཉེ་བའི་ས་བབ་ཀྱི་ལེགས་ཆ་སྤྱད་དེ། གྲོང་མིའི་མ་རྐང་ལམ་ལུགས་ཀྱི་མ་རྩ་བསྡུ་རུབ་བྱས་པ་བརྒྱུད། བྱེ་རྡོ་ར་བ་དང་། རྡོ་ལས་སྣོན་བཟོ་གྲྭ ཆུ་འཐག ཞིང་འབྲོག་པའི་ཨར་ལས་རུ་ཁག་སོགས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གཅིག་རྗེས་གཉིས་མཐུད་ངང་གཉེར་བར། ལོ་རེར་གཉེར་སྐྱོང་ཡོང་འབབ་སྒོར་ཁྲི་500ཟིན་པ་དང་། མང་ཚོགས་ཀྱི་ཡོང་འབབ་ཀྱང་ལོ་རེ་བཞིན་མང་དུ་སོང་ཞིང་།
འདི་ནི་མདའ་རོ་གྲོང་ཚོའི་གྲོང་མི་ཨུ་ལྷན་གྱི་ལས་བྱེད་པས(གཡོན)གྲོང་མིར་དངོས་རྫས་སྤྲོད་པའི་གནས་ཚུལ་ཡིན་པ།