དབུ་ཤོག>གསར་འགྱུར།
  • “བློ་བརྟན་འགྱུར་མེད་བཞི”མཐའ་འཁྱོངས་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-08-11

    ལོ་རྒྱུས་ཀྱི་ཉམས་མྱོང་ལས་ཏང་གི་བོད་སྐྱོང་ཐབས་ཇུས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱ་རྒྱུ་དེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་གཞི་རྩའི་འགན་ལེན་ཡིན་པ་གསལ་བཤད་གང་ལེགས་ཐུབ་ཡོད།

    ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་དུས་བབ་གསར་པའི་འོག་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར“བློ་བརྟན་འགྱུར་མེད་ངང་ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ངང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། བློ་བརྟན་འགྱུར་མེད་ངང་མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ”བཅས་བྱེད་དགོས། “བློ་བརྟན་འགྱུར་མེད་བཞི”དང་། “དམིགས་ས” “ཤུགས་རྒྱག་ས” “འགན་ལེན་བཞི”བཅས་ནི་དུས་བབ་གསར་པའི་འོག་བོད་ཀྱི་ལས་ཀའི་ཆོས་ཉིད་ཚན་རིག་དང་མཐུན་པའི་ཁོང་དུ་ཆུད་པ་དང་ལག་ལེན་ཉམས་མྱོང་ཕྱོགས་སྡོམ་གཏིང་ཟབ་བྱས་པ་ཞིག་དང་། རང་རེའི་ཏང་གི་རྒྱལ་སྐྱོང་སྲིད་གཉེར་དང་མཐའ་མཚམས་སྐྱོང་བ་དང་བོད་བརྟན་ལྷིང་ཡོང་བའི་ཐབས་ཇུས་ཀྱི་སྙིང་བསྡུས་གསར་པ་དང་འཕེལ་རྒྱས་གསར་པ་ཡིན་པས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བར་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་བརྩི་སྲུང་ཞུ་ས་དང་སྒུལ་ཤུགས་སྟོབས་ཆེན་མཁོ་འདོན་བྱས་ཡོད།

    ཏང་ཀྲུང་དབྱང་གིས་སྔར་ནས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་གནང་གི་ཡོད། ཏང་ཀྲུང་དབྱང་གི་དམིགས་བསལ་དོ་ཁུར་དང་། དམིགས་བསལ་ལྟ་རྟོག དམིགས་བསལ་ཐུགས་ཁུར་བཅས་འོག་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50སོང་ཚུན་གྱི་བྱ་གཞག་ཁག་གི་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་བ་དང་དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་ནས་མི་ཡུལ་གྱི་ངོ་མཚར་བཏོད་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལས་དོན་ཡག་པོ་སྒྲུབ་པའི་ཐད་མཆན་འགོད་མཛུབ་སྟོན་རབ་དང་རིམ་པ་གནང་བ་དང“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་བ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་བཏོན་ཡོད། ད་ཐེངས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་བོད་ཀྱི་ལས་ཀའི་མཛུབ་ཁྲིད་བསམ་བློ་དང་གཞི་རྩའི་རྩ་དོན་སྔར་བས་གསལ་བཟོ་བྱས་ནས་ཏང་གི་བོད་སྐྱོང་ཐབས་ཇུས་དང་གཅིག་ཤུལ་གཅིག་འཛིན་བྱས་པ་དེ་དུས་བབ་གསར་པའི་འོག་གི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་གཞི་རྩའི་ཕྱོགས་སྟོན་ཡིན་པས་ང་ཚོས་ངེས་པར་དུ་སློབ་སྦྱོང་ཡག་པོ་དང་། གོ་བ་ཡག་པོ་ལེན་པ། ལག་བསྟར་ཡག་པོ་བྱེད་པ་བཅས་བྱས་ནས་བོད་ཀྱི་ཡུན་རིང་བདེ་འཁོད་དང་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།

    བོད་ནི་རང་རྒྱལ་གྱི་རྒྱལ་ཁབ་བདེ་འཇགས་སྲུང་ཡོལ་གལ་ཆེན་ཡིན་པ་དང་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་སྤྱི་ཡོངས་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད། བོད་ཀྱི་བརྟན་ལྷིང་དེ་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་འབྲེལ་བ་ཡོད་པ་དང་བོད་ཀྱི་བདེ་འཇགས་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད། མིག་སྔར་རང་ལྗོངས་ཀྱི་སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་གི་དུས་མཚམས་གསར་པར་སླེབས་མོད། འོན་ཀྱང་བོད་འདི་ཉིད་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ས་དང་པོར་གནས་པས་བོད་ཀྱི་མི་རིགས་ཁག་གི་མི་དམངས་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་བྱེད་གཏེ་བྱས་པའི་ཁ་ཕྲལ་ཕྱོགས་གཏོགས་དབར་དམིགས་བསལ་འགལ་ཟླ་ཡོད་པས་ང་ཚོ་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་དབར་གྱི་འཐབ་རྩོད་དེ་ཡུན་རིང་དང་། རྙོག་འཛིང་ཆེ་བ། རྣོ་ངར་ཆེ་བ་བཅས་ཡིན་པས་ང་ཚོར་ངེས་པར་དུ་བློ་བརྟན་འགྱུར་མེད་ངང་ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་བྱེད་པ་དང་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་ཡུན་རིང་བདེ་འཁོད་ཀྱི་རྨང་གཞིའི་ལས་དོན་ཡག་པོ་བསྒྲུབས་ཏེ་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་སྔ་ཙམ་དམ་འཛིན་དང་། ཆུང་ས་ནས་དམ་འཛིན། མགྱོགས་མྱུར་དམ་འཛིན། དམ་འཛིན་ཡག་པོ་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་དོན་འཁྱོལ་ཏན་ཏིག་བྱས་ཐོག་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཡུན་རིང་བདེ་འཁོད་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུ་དེ་བོད་ཀྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་འགག་རྩ་ཡིན་ཞིང་། རང་ལྗོངས་སུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་འཕེལ་རྒྱས་ལ་བརྟེན་དགོས་པ་དང་། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བར་འཕེལ་རྒྱས་ལ་བརྟེན་དགོས་པ། སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་གཏོང་བར་འཕེལ་རྒྱས་ལ་བརྟེན་དགོས་པ་བཅས་རེད། དམིགས་བསལ་གྱི་ས་ཁམས་ཁོར་ཡུག་དང་ལོ་རྒྱུས་ཀྱི་རྒྱུ་རྐྱེན་དབང་གིས་བོད་འདི་ཉིད་སྔར་བཞིན་འཕེལ་རྒྱས་འགྲོ་འགོར་བའི་ས་ཁུལ་གྱི་ཁོངས་སུ་གཏོགས་པ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་ཞན་པ་དང་། དཔལ་འབྱོར་སྤྱི་འབོར་ཉུང་བ། གསོག་འཇོག་བྱེད་ཉུང་བ། སྟོབས་ཤུགས་ཞན་པ་བཅས་ཡིན་པས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པའི་དམིགས་ཚད་མངོན་འགྱུར་བྱེད་པར་ངེས་པར་དུ་བློ་བརྟན་འགྱུར་མེད་ངང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་རང་འགུལ་ངང་འཚམ་པ་བྱས་ནས་རྨང་གཞིའི་སྒྲིག་བཀོད་སྔར་བས་འཐུས་ཚང་དུ་བཏང་སྟེ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ། ནང་ས་དང་ཧེ་བག་ཆུང་དུ་ཧུར་ཐག་གཏོང་བ་བཅས་བྱས་ནས་རྒྱལ་ཡོངས་ཀྱི་འཕེལ་རྒྱས་གོམ་སྟབས་ཀྱི་རྗེས་སུ་བསྙེགས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་འགན་ལེན་བྱེད་དགོས།

    མི་རིགས་ལས་དོན་ཡག་པོ་སྒྲུབ་པར་སྤྱོད་གོ་ཆེ་ཤོས་དེ་མི་སེམས་ཐོབ་པ་བྱ་རྒྱུ་དེ་ཡིན་ཞིང། མི་སེམས་ཐོབ་པ་དང་མི་སེམས་གོང་བུ་འགྲིལ་བ་བྱེད་པའི་འགག་རྩ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་གོང་མཐོར་བཏང་ནས་མི་རིགས་ཁག་གི་མི་དམངས་ཀྱིས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱ་རྒྱུ་དེ་རེད། དམངས་འཚོ་འགན་ལེན་དང་ལེགས་སུ་ཧུར་ཐག་གཏོང་རྒྱུ་དེ་ང་ཚོའི་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབས་ས་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དམངས་འཚོ་འདི་ཉིད་ནི་སྔ་ཕྱི་བར་གསུམ་དུ་བོད་ཀྱི“གླེང་མང་བ”དང“འགག་གནད”ཅིག་རེད། དམངས་འཚོར་དོ་ཁུར་དང་། དམངས་འཚོར་མཐོང་ཆེན། དམངས་འཚོ་འགན་ལེན། དམངས་འཚོ་ལེགས་གཏོང་བཅས་བྱ་རྒྱུ་དེ་ལྗོངས་ཡོངས་ཀྱི་གོང་འོག་གི་ཐུན་མོང་ངོས་འཛིན་དང་བྱ་སྤྱོད་དུ་གྱུར་བ་དང་དུས་བབ་གསར་པའི་འོག་གི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་བློ་བརྟན་འགྱུར་མེད་ངང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་དགོས། ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་རིམ་པ་དེ་གའི་ནོར་སྲིད་ཡོང་འབབ་ཀྱི་70%ཡན་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་ཐད་སྤྱད་དེ་དམངས་བདེ་དམངས་ཕན་དང་དགོན་སྡེ་དང་གྲྭ་བཙུན་ལ་ཕན་པའི་བྱ་བ་དངོས་ཁག་བཅུ་མུ་མཐུད་ཡག་པོ་བསྒྲུབས་ཐོག་མི་རིགས་ཁག་གི་མང་ཚོགས་ཀྱི་དངོས་པོ་དང་རིག་གནས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་འགྲོ་བའི་འགན་ལེན་བྱེད་དགོས།

    མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡིན་པ་དང་དེ་ནི་བོད་ཀྱི་ལས་དོན་མཐའ་དག་ཡག་པོ་སྒྲུབ་པའི་རྩ་བའི་སྔོན་འགྲོ་དང་འགན་ལེན་ཡིན་ཞིང་། མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་ཡིན་པས་དུས་བབ་གསར་པའི་འོག་གི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས“བོད་འདི་ཉིད་མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་དུ་ཧུར་ཐག་གཏོད་དགོས”ཞེས་པའི་བླང་བྱ་གཞིར་བཟུང་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས། ཏང་གི་མི་རིགས་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ནས་མི་རིགས་ཁག་འཕེལ་རྒྱས་ཡར་ཐོན་གྱི་རྨང་གཞི་ཡིན་པའི་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་སྟེ་མཐུན་སྒྲིལ་ལ་བརྟེན་ནས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་པའི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་དྲང་ནུས་ཆེན་པོ་གཅིག་སྡུད་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་འོད་སྟོང་འབར་བའི་ལེའུ་རྩོམ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།