གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ(ཟླ་8ཚེས་10ཉིན་ནས་ཟླ་8ཚེས་16ཉིན་བར)
གཟའ་ཟླ་བ་ནས་ཕུར་བུ་བར་མངའ་རིས་ས་ཁུལ་དང་། གཞིས་རྩེ་གྲོང་ཁྱེར། ནག་ཆུ་ས་ཁུལ་དབུས་ནུབ་རྒྱུད་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་རམ་ཡང་ན་འབྲུག་ཆར་འབབ་རྒྱུ་དང་། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ། ས་ཆ་ཁག་གཅིག་ལ་ཆར་པ་སིམ་སིམ་མམ་ཡང་ན་འབྲུག་ཆར་འབབ་རྒྱུ། གཟའ་པ་སངས་ནས་ཉི་མ་བར་ནག་ཆུ་ས་ཁུལ་དང་། གཞིས་རྩེ་གྲོང་ཁྱེར། ཆབ་མདོ་གྲོང་ཁྱེར་བྱང་རྒྱུད་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་རམ་ཡང་ན་འབྲུག་ཆར་འབབ་རྒྱུ་དང་། ས་ཆ་ཁག་གཅིག་ལ་ཆར་པ་ཆེན་པོ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་ཆར་པ་ཆུང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ།
གཉིས། གྲོས་འགོ
1.གཟའ་འཁོར་གོང་མར་ཡོམ་ཁུལ་དུ་རྒྱུན་མཐུད་ངང་ཆར་ཆུ་བབས་པ་དང་གཟའ་འཁོར་འདིར་གཞིས་རྩེའི་ལྷོ་རྒྱུད་དུ་སྔར་བཞིན་ཆར་ཆུ་འབབ་རྒྱུ་ཡིན་པས་ས་ཆ་ཆ་ཤས་སུ་འདམ་རྡོའི་ཆུ་རུད་དང་རི་ཉིལ་བ་སོགས་ཞོར་ཐོན་གནོད་འཚེ་ཕོག་རྒྱུར་དོགས་ཟོན་བྱེད་དགོས་ལ་འབྲེལ་ཡོད་ལམ་བུར་འགྲོ་འོང་བྱེད་མཁན་ཁ་ལོ་བས་གཟབ་ནན་ངང་རླངས་འཁོར་བཏང་སྟེ་འགྲིམ་འགྲུལ་བདེ་འཇགས་འགན་ལེན་བྱེད་དགོས།
2.གཟའ་འཁོར་འདིའི་ནང་ཆར་ཆུ་འབབ་མང་བས་འབྲེལ་ཡོད་སྡེ་ཚན་གྱིས་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་ཁུལ་དང་ཆུ་རྒྱུན་འབྲིང་ཆུང་འབབ་རྒྱུད་དང་ཆུ་མཛོད་ཀྱི་སྐོར་ཞིབ་ལྟ་ཞིབ་ཚད་འཇལ་བྱེད་ཤུགས་ཆེ་རུ་བཏང་ནས་རི་ཉིལ་བ་དང་། འདམ་རྡོའི་ཆུ་རུད་ཐོན་པ། དེ་བཞིན་ཆུ་ལོག་གི་གནོད་འཚེ་ཐོན་རྒྱུ་སོགས་ལ་དོགས་ཟོན་བྱེད་དགོས།