
2015ལོའི་ཟླ8ཚེས5ཉིན། འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་བཅིངས་འགྲོལ་གྲོང་ཚོའི་ཞིང་འབྲོག་པའི་མི་རིགས་ལག་ཤེས་བཟོ་ལས་ཐོན་རྫས་ལས་སྣོན་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་གཉེར་འགོ་ཚུགས་པ་དང་། འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་བཅིངས་འགྲོལ་གྲོང་ཚོའི་ཏང་ཀྲི་པུའུ་དང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གིས་ཞིང་དལ་དུས་ཚོད་སྤྱད་ནས་ལྷོ་ཁ་ས་ཁུལ་དང་འཕྱོངས་རྒྱས་རྫོང་སོགས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་ལག་རྩལ་མི་སྣ་གདན་དྲངས་ནས་མཛུབ་ཁྲིད་དང་གྲོང་མི་སྒྲིག་འཛུགས་བྱས་ནས་བསླས་ཐག་དང་གྱོན་ཆས་ལས་སྣོན་སོགས་དངོས་སྤྱོད་ལག་རྩལ་སྦྱོང་བརྡར་བྱས་ནས་གྲོང་མི་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུའི་སྣེ་འཁྲིད་བྱེད་ཀྱི་ཡོད་པ་རེད། ལག་རྩལ་གསོ་སྦྱོང་བྱས་པ་བརྒྱུད་གྲོང་མིའི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་ནུས་ལྡན་ཐེབས་ནས་ན་ནིང་བཅིངས་འགྲོལ་གྲོང་ཚོའི་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་ཁེར་གཙང་སྒོར8800ཟིན་ཞིང་། འདི་ནི་ཞིང་འབྲོག་པས་བོད་རང་སྐྱོང་ལྗོངས་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་བཅིངས་འགྲོལ་གྲོང་ཚོའི་གྲོང་ཚོ་ཨུ་ཡོན་ལྷན་ཁང་དུ་མི་རིགས་ལག་ཤེས་བཟོ་ལས་ཀྱི་ལས་སྣོན་དང་གྱོན་ཆས་ལས་སྣོན་སོགས་ཀྱི་ལག་རྩལ་སྦྱོང་བཞིན་པའི་གནས་ཚུལ་ཡིན་པ།