དབུ་ཤོག>གསར་འགྱུར།
  • ཀྲུང་གོ་བཟོ་བཀོད་ཁང་གི་ཡོན་ཧྲིས་བོད་ལྗོངས་ཀྱི་གཏེར་ལས་འཕེལ་རྒྱས་ལ་ཐབས་ཇུས་བཏོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-10

    ཀྲུང་གོ་བཟོ་བཀོད་ཁང་གི་ཡོན་ཀྲང་གཞོན་པ་ཞུས་ཏེ་ལུང་ཚུད་པའི་ཡོན་ཧྲི་7ཚེས་29ཉིན་བོད་དུ་སླེབས་ནས“བོད་ཀྱི་ལྷད་མེད་གཏེར་ཐོན་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”བཞུགས་མོལ་ཚོགས་འདུར་ཞུགས་ཏེ་རང་ལྗོངས་ཀྱི་གཏེར་ལས་འཕེལ་རྒྱས་ལ་ཐབས་ཇུས་བཏོན་པ་རེད། ཡོན་ཧྲི་ཚོས་བོད་ཀྱིས་ལྷད་མེད་གཏེར་ཐོན་དཔལ་འབྱོར་སྲུང་སྐྱོབ་བྱེད་ཀྱིན་དུ་འཕེལ་རྒྱས་གཏོང་བ་དེར་བྱེད་གཞི་ཆེན་པོ་ཡོད་པའི་ངོས་འཛིན་གནང་བ་རེད།

    རང་ལྗོངས་ཀྱི་གཏེར་ཐོན་ཐོན་ཁུངས་ཕུན་སུམ་ཚོགས་པས་གཏེར་ཕུང་དང་། གཏེར་གནས། དེ་བཞིན་གཏེར་སྒྱུར་ས་གནས་3000ལྷག་ཙམ་རྙེད་པ་དེ་དག་གཏེར་རིགས་སྣ་ཁ་102དང་འབྲེལ་བ་ཡོད། ཐོན་ཁུངས་གསོག་ཚད་གསལ་པོ་རྟོགས་པའི་གཏེར་ཁའི་ཐོན་ཁུངས་སུ་སྣ་ཁ་12ཀྱི་གཏེར་ཁའི་ཐོན་ཁུངས་གསོག་ཚད་རྒྱལ་ཡོངས་ཀྱི་ཨང་5པར་སླེབས་ཡོད། དེའི་ནང་ཁེར་དང་ཟངས་ཀྱི་བདག་ཡོད་གནས་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། འོན་ཀྱང་རང་ལྗོངས་ནི་ཀྲུང་གོའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པ་དང་། སྣོད་བཅུད་ཁོར་ཡུག་ཉམས་ཞན་ཡིན་པས། ང་ཚོར་གཏེར་ཐོན་གསར་སྤེལ་དང་སྣོད་བཅུད་སྲུང་སྐྱོབ་དབར་གྱི་འབྲེལ་བ་ངེས་པར་དུ་ཐག་གཅོད་འོས་འཚམ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    ཡོན་ཧྲི་7བོད་དུ་བསྐྱོད་པའི་ས་ཆ་དང་པོ་ནི་ཧྭ་ཡུས་གཏེར་ལས་མ་རྐང་ཚད་ཡོད་ཀུང་སི་ཡིན་ཞིང་། བཞུགས་མོལ་ཚོགས་འདུའི་ཐོག་གི་བརྗོད་དོན་གཙོ་བོ་ནི“བོད་ཀྱི་ལྷད་མེད་གཏེར་ཐོན་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ”དེ་རེད།

    ཀྲུང་གོ་བཟོ་བཀོད་ཁང་གི་ཡོན་ཧྲི་ལི་ཙི་ཉེས་བཞུགས་མོལ་ཚོགས་འདུའི་ཐོག་བོད་ཀྱི་གཏེར་ལས་འཕེལ་རྒྱས་ལ་བྱེད་གཞི་ཆེན་པོ་ཡོད། དེའི་རྒྱུ་མཚན་ནི་བོད་དུ་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་བཏང་ན་དེ་བས་འཚམ་པོ་ཡོད། “གཏེར་སྙིགས་ཐག་གཅོད་སོགས་ཚང་མ་འཁོར་རྒྱུག་དཔལ་འབྱོར་མ་ལག་ཏུ་འཇུག་ཆོག་ལ་ཆུ་ནུས་དང་། ཉི་ནུས། ས་འོག་ཚ་ནུས་སོགས་ནུས་རྒྱུའི་ཐོན་ཁུངས་གང་ལེགས་སྤྱད་དེ་གཏེར་ལས་འཕེལ་རྒྱས་ལ་ནུས་རྒྱུ་གཙང་མའི་རྒྱབ་སྐྱོར་བྱེད་དགོས”ཞེས་བཤད་པ་རེད།

    ཀྲུང་གོ་བཟོ་བཀོད་ཁང་གི་ཡོན་ཧྲི་ཡོན་ལེའང་གིས་བོད་ཀྱི་གཏེར་ལས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། མིག་སྔར་བོད་ཟངས་གསོག་ཚད་རྒྱལ་ཡོངས་ཀྱི་50%ཙམ་བཟུང་བ་དང་། ཞ་དང་ཏི་ཚའི་གསོག་ཚད་40%བཟུང་བ་གསལ་པོ་རྟོགས་ཡོད་པས་བོད་ཀྱིས་གཏེར་ལས་ཐོན་ཁུངས་ཀྱི་རྒྱལ་ཁབ་འཐབ་ཇུས་གྲབས་གསོག་ནང་གི་གནས་བབ་སྔར་བས་མཐོ་རུ་གཏོང་དགོས་པ་སྟེ། གཅིག་ནས་རྩད་འཚོལ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། གཅིག་ཆོད་ནས་ལུགས་མཐུན་དང་ཚན་རིག་དང་མཐུན་པའི་འཆར་འགོད་བྱེད་དགོས་ཞེས་བཤད་པ་རེད། ཁོང་གིས་སླ་བ་ནས་དཀའ་བའི་བར་དང་གཏིང་ཐུང་བ་ནས་གཏིང་ཟབ་པའི་བར་བྱེད་དགོས་པ་དང་ཆབས་ཅིག ཕན་ནུས་ཆེ་རུ་བཏང་ནས་གཏེར་སྙིགས་བེད་སྤྱོད་གང་ལེགས་གཏོང་བ་དང་སྙིགས་རོ་ནོར་བུར་འགྱུར་བ་བྱས་ཏེ་ལྷད་མེད་གཏེར་ལས་ཀྱི་སྦྲེལ་ཐག་ཅིག་གཏོད་དགོས་ཞེས་གྲོས་འགོ་བཏོན་པ་རེད།

    ཧྭ་ཡུས་གཏེར་ལས་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལིའུ་ཅན་ཅུན་གྱིས་གཏེར་ཁའི་ཐོན་ཁུངས་ལུགས་མཐུན་དང་གོ་རིམ་ལྡན་པའི་ངང་གསར་སྤེལ་བྱས་ཚེ། བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྒུལ་ཤུགས་ཀྱི་རྒྱབ་སྐྱོར་བྱ་ཐུབ། བོད་ཀྱི་གཏེར་ལས་བརྟན་པོའི་ངང་འཕེལ་རྒྱས་བྱུང་ནས་བཟོ་ལས་ལ་མ་བཅོས་རྒྱུ་ཆ་མཁོ་འདོན་བྱེད་ཐུབ་པ་མ་ཟད། ད་དུང་ཞིང་ལས་དང་ཞབས་ཞུའི་ལས་རིགས་ཀྱི་འཕེལ་རྒྱས་དང་། བོད་ཀྱི་འགྲིམ་འགྲུལ་དང་ནུས་རྒྱུ་སོགས་དང་འབྲེལ་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། བོད་ཀྱི་ཐོན་ལས་གྲུབ་ཆ་ལེགས་སྒྲིག་བཅས་ལ་སྐུལ་ཁྲིད་བྱ་ཐུབ། བོད་ཀྱི་གཏེར་ལས་བརྟན་པོའི་ངང་འཕེལ་རྒྱས་བྱུང་ནས་གཏེར་ཁུལ་གྱི་ཞིང་འབྲོག་པའི་ངལ་ནུས་ལྷག་མའི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་པ་དང་ཞིང་འབྲོག་པའི་ཡོང་འབབ་ཐད་ཀར་འཕར་ནས་ཞིང་འབྲོག་པ་བདེ་སྡོད་ལས་བརྩོན་དང་མཐའ་མཚམས་བརྟན་ལྷིང་ལ་སྐུལ་འདེད་གཏོང་ཐུབ་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།