དབུ་ཤོག>གསར་འགྱུར།
  • “ལྡོག་ཕྱོགས་ཀྱི་དཔེ་མཚོན”མེ་ལོང་དུ་འཛིན་ནས་རང་སེམས་རང་གཅུན་བྱེད་དགོས།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-09

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་དབྱང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་ཚད་རྒྱུན་མེད་པར་ཆེ་རུ་བཏང་བ་དང་ཆབས་ཅིག་ཀྲོའུ་ཡུང་ཁང་དང་། པོ་ཤིས་ལའེ། ཀུའོ་པོ་ཞུང་། ཞུས་ཚའེ་ཧའུ། ལིང་ཅི་ཧྭ། སུའུ་རུང་སོགས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་དཔེ་མཚོན་གྱོད་གཞི་རྒྱུན་ཆད་མེད་པར་ཡོངས་བསྒྲགས་བྱས་པ་དང་ཁྲིམས་འགལ་གྱི་བྱ་བ་དངོས་དང་རུལ་སུངས་ཀྱི་ཚད་གཞི་ནི་མཐོང་བ་ཙམ་གྱིས་ཧང་སངས་དགོས་པ་ཞིག་ཡོད།

    དཔེ་མཚོན་ནི་ཆེས་ཐད་ཀར་དང་ཆེས་ཐད་མཐོང་གི་སློབ་གཞི་ཞིག་རེད། གལ་ཏེ་སྔོན་ཐོན་དཔེ་མཚོན་ནི་ཏང་ཡོན་ལས་བྱེད་པའི་སློབ་སྦྱོང་གི་མིག་དཔེ་ཞིག་རེད་ཞེ་ན་ལྡོག་ཕྱོགས་ཀྱི་དཔེ་མཚོན་ནི་ཏང་ཡོན་ལས་བྱེད་པས་དོགས་ཟོན་བྱེད་དགོས་པའི་ཉེན་བརྡ་ཞིག་རེད། “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་གཏིང་ཟབ་སྤེལ་བར་སྔོན་ཐོན་དཔེ་མཚོན་གྱི་ཁྲིད་སྟོན་ནུས་པ་དང་ལྡོག་ཕྱོགས་དཔེ་མཚོན་གྱི་དྲན་སྐུལ་ནུས་པ་འདོན་སྤེལ་གྱིས་མཛངས་པར་མིག་ལྟོས་པ་དང་མ་མཛངས་པ་ཡིན་ཕྱིན་རང་བརྟག་བྱེད་དགོས། ལྐོག་ཟ་རུལ་སུངས་ཀྱི་དཔོན་རིགས་ཀྱི“དཔེ་མཚོན་གསོན་པོ”ཡོངས་བསྒྲགས་བྱེད་པའི་དམིགས་ཡུལ་ནི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཕྱོགས་སྡོམ་དང་བསམ་ཞིབ་གཏིང་ཟབ་བྱས་ནས་སྒྲིག་འགལ་ཁྲིམས་འགལ་བྱས་པ་དེས་ཏང་གི་གཟུགས་བརྙན་དང་སྲིད་སྐྱོང་གི་རྨང་གཞིར་གནོད་འཚེ་ཚབས་ཆེན་གཏོང་བར་ངོས་འཛིན་གསལ་པོ་བྱེད་པ་དང་ལྐོག་ཟ་རུལ་སུངས་ཀྱི་དཔོན་རིགས་ཀྱི་བྱེད་སྟངས་བྱེད་ལུགས་ཀྱིས་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་གྱོང་གུན་ཚབས་ཆེན་བཟོས་པར་ངོས་འཛིན་གསལ་པོ་བྱས་ཏེ་སློབ་གསོ་དང་ལེན་ཞུ་བ་དང་། མ་མཐའི་མཚམས་ཐིག་གསལ་བཟོ། གུས་སྐྲག་རྟོགས་པ་བཅས་བྱེད་དགོས།

    གསར་འགོད་པས་གཞི་རིམ་དུ་བརྟག་ཞིབ་བྱ་སྐབས་དེང་སྐབས“སྤྱོད་ཚུལ་བཞིའི”གནད་དོན་ཕྱི་ངོས་ནས་ལེགས་སུ་ཕྱིན་ཡོད་ཀྱང་ཤིང་སྡོང་འགྱེལ་ཡང་རྩ་བ་གནས་ཡོད་ཅིང་། ཏང་ཡོན་ལས་བྱེད་པ་ཁ་ཤས་སྔར་བཞིན“བྱེད་མི་ཕོད་པའི”དུས་མཚམས་སུ་གནས་ཡོད་པ་དང་། “མི་ཆོག་པ”བྱེད་ཐུབ་མེད་ལ“བསམ་བློ་མི་འཁོར་བ”དེ་བས་ཀྱང་ཐུབ་མེད། ཏང་ཡོན་ལས་བྱེད་པ་ལ་ལས་གོ་གནས་གང་ཞིག་བཟུང་ན་དེ་ཡི་སྲིད་དོན་བསྒྲུབ་ཐུབ་མེད་པ་དང་། གཡོ་ཟོལ་བྱེད་པ། གཏད་མེད་ཅོལ་ཆུང་བྱེད་པ། “ནན་པོ་མེད་པ”བཅས་ཡོད།

    གལ་ཏེ་གཞི་རིམ་ཏང་རྩ་འཛུགས་དང་འགོ་ཁྲིད་ལས་བྱེད་པས“ལྡོག་ཕྱོགས་དཔེ་མཚོན”ལུང་མདོའི་གྱང་ཧྲུལ་བྱེད་པ་དང་། རང་བརྟག་གི་སེམས་པ་རྩ་བ་ནས་མེད་པ། འདོད་འདུན་གྱི་གནོད་འཚེ་སེམས་ལ་མི་འཁོར་བ། རང་གནས་ཀྱི་གཞི་རྩའི་རྩ་བ་སྲུང་མི་ཐུབ་པ་བཅས་བྱས་ཚེ་རང་ཉིད་ལྡོག་ཕྱོགས་སུ་འཁྱོག་པ་དང་ལྐོག་ཟ་རུལ་སུངས་ཀྱི་གཡང་དུ་ལྷུང་སྲིད། དེར་བརྟེན“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་གཏིང་ཟབ་སྤེལ་བར་ལྡོག་ཕྱོགས་ཀྱི་དཔེ་མཚོན་ལ་དབྱེ་ཞིབ་དང་དྲན་སྐུལ་སློབ་གསོ་རྒྱག་རྒྱུར་དོ་སྣང་བྱས་ནས་ཏང་ཡོན་ལས་བྱེད་པར་ལྡོག་ཕྱོགས་དཔེ་མཚོན་མེ་ལོང་དུ་འཛིན་ཏེ་རང་སེམས་རང་གཅུན་བྱ་རྒྱུའི་ཁྲིད་སྟོན་བྱེད་དགོས།

    རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་གནད་དོན་ཁྲིད་སྟོན་དུ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རང་ཉིད་དེའི་ཁྲོད་གཞི་ཚུགས་པ་བྱས་ཏེ་ནན་པོ་དང་དྲང་པོའི་སྤྱོད་ཚུལ་འཛུགས་རྒྱུར་སྐུལ་འདེད་བཏང་ནས“གྲོག་མའི་ཚང་གིས་ཆུ་རགས་བསྡིབས་སྲིད”ཞེས་པའི་དཔེ་ལྟར་སེམས་ཁྲལ་གྱི་བསམ་པ་འཆང་ཐོག་དེ་གཏམ་གླེང་དང་བྱ་སྤྱོད་ཀྱི་ཚད་གཞི་འཛིན་པ་དང“རང་འགན་ནན་སྒྲུབ”ཀྱི་གཞུང་ཞབས་པའི་བསམ་པའི་ཐོག་ནས་མི་དམངས་ཀྱི་མངགས་བཅོལ་བློ་ལ་ངེས་ཚེ་གཞི་ནས་བསམ་བློ་དང་། ཆབ་སྲིད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།