དབུ་ཤོག>གསར་འགྱུར།
  • “རྒྱུད་གཅིག་ལམ་གཅིག”གིས“ཧི་མ་ལ་ཡའི་དཔལ་འབྱོར་ཁུལ”གྱི་འཕེལ་རྒྱས་ལ་རོགས་རམ་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-09

    ལོ་གཅིག་གི་གོང་། སྤྱི་ཁྱབ་ཧྲུ་ཅི་ཞིས་ཅིན་ཕིང་གིས་བཏོན་གནང་པའི“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་ཀྱི་བསམ་འཀོད་དེར་རྒྱལ་ཕྱི་རྒྱལ་ནང་དུ་ཚད་མཐོའི་དོ་ཁུར་ཐོབ་ཡོད། 2015ལོའི་ཟླ་1པོའི་ཚེས་18ཉིན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྐབས།  2015ལོར་ཨེ་ཤེ་ཡ་ལྷོ་མའི་འགྲོ་ལམ་འཛུག་བསྐྲུན་མགྱོགས་སུ་བཏང་ཏེ“རྒྱུད་གཅིག་ལམ་གཅིག”དང་བྷང་ག་ལ་དང་འབར་མ་སོགས་དཔལ་འབྱོར་འགྲོ་ལམ་འབྲེལ་མཐུད་བྱས་ནས་ཧི་མ་ལ་ཡའི་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་རེད་ཅེས་གསུང་པ་རེད།  

    ལོ་རྒྱུས་ཐོག བོད་ནི་ལྷོ་ཕྱོགས་ཀྱི་དར་གོས་ལམ་བུ་དང་ཇ་རྟའི་གནའ་ལམ་ཀྱི་གཙོ་བོའི་འགྲོ་ལམ་ཞིག་རེད།   ས་གཤིས་ཐོག་ནས་བརྗོད་ན། བོད་ཀྱི་བྱང་ཕྱོགས་ཀྱི་ཉེ་འདབས་ནི་མཚོ་སྔོན་དང་ཤིན་ཅང་ཡིན་པ་དང་། ཤར་དང་ཤར་ལྷོའི་ངོས་ནི་ཡུན་ནན་དང་སི་ཁྲོན་གྱི་ས་མཚམས་དང་སྦྲེལ།  ནུབ་ངོས་དང་ལྷོ་ངོས་ཁག་སོ་སོར་འབར་མ་དང་རྒྱ་གར། ནེ་པ་ལ་སོགས་ཀྱི་རྒྱལ་ཁབ་མང་པོ་ཞིག་དང་སྦྲེལ་ཡོད།  བོད་ཀྱི་ས་ཁོངས་ཡངས་ཤིང་རྒྱ་ཆེ་ལ་ཐོན་ཁུངས་ཕུན་སུམ་ཚོགས་པས་ཕྱི་སྐྱོད་བྱེད་པའི་འགྲོ་ལམ་གཙོ་བོ་ཞིག་ཡིན་པ་མ་ཟད་རྒྱལ་ནང་ས་ཁུལ་གྱི་ས་ཆ་གཞན་དང་འབྲེལ་བ་བྱེད་པའི་འགྲོ་ལམ་གཙོ་བོ་ཞིག་ཀྱང་རེད།   དེར་བརྟེན་ཧི་མ་ལ་ཡའི་དཔལ་འབྱོར་འགྲོ་ལམ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་བཏང་ནས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཡོང་བ་བྱེད་དགོས།

    ཧི་མ་ལ་ཡའི་དཔལ་འབྱོར་མཉམ་ལས་ཁུལ་ནི་འགྲམ་དང་།   སྐྱིད་གྲོང་།  སྤུ་ཧྲེང་བཅས་ཀྱི་འགག་སྒོའི་འགྲོ་ལམ་གཙོ་བོར་བྱས་པ་དང་།  ལྷ་ས་དང་གཞིས་རྩེ་གྲོང་ཁྱེར་གྱིས་གཙོ་བོའི་རྒྱབ་སྐྱོར་འོག་ཁ་ཕྱོགས་གཙོ་བོ་ནེ་པ་ལ་དང་། རྒྱ་གར།  འབྲུག་ཡུལ་སོགས་བྱས་ནས་མཐའ་མཚམས་ཚོང་དོན་དང་རྒྱལ་སྤྱིའི་ཡུལ་སྐོར།   བོད་སྨན་ཐོན་རྫས།  དེ་བཞིན་ཁྱད་ལྡན་ཀྱི་ཞིང་འབྲོག་ཐོན་རྫས།  རིག་གནས་ཐོན་རྫས་སོགས་འཕེལ་རྒྱས་བཏང་ཡོད་པ་རེད།

    ཧི་མ་ལ་ཡའི་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད། ཕྱོགས་གཅིག་ནས།  སྲོན་རྒྱུན་གྱི་མཐའ་མཚམས་ཚོང་དོན་དང་ཚོང་དོན་བགྲོད་ལམ་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་ཟམ་མི་ཆད་པར་རྒྱག་དགོས།  གཙོ་བོ་ཚོང་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་ཚང་དུ་བཏང་ནས་ཚོང་དོན་འགག་སྒོའི་ཕྱོགས་བསྡུས་ལས་གྲྭའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པ་དང་། ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་གཏོང་རྒྱུར་ཤུགས་ཆེའི་རྒྱབ་སྐྱོར་བྱས་ནས་ཕྱིར་གཏོང་ནང་འབྲེལ་གྱི་ཁྲོམ་རའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་དང་།   ཕྱི་ཕྱོགས་ཉོ་ཚོང་གི་དོ་དམ་སྒྲིག་སྲོལ་རིམ་བཞིན་འཐུས་ཚང་དུ་གཏོང་དགོས།  མཐའ་མཚམས་ཀྱི་གྲོང་མིའི་ཚོང་དོན་བྱེད་པའི་ཚོང་ཟོག་གི་སྣེ་ཁ་མང་དུ་བཏང་ནས་རང་ཉིད་ཀྱིས་ཐོན་སྐྱེད་བྱས་པའི་ཡུལ་ཟོག་ཕྱིར་གཏོང་བྱེད་པར་སྐུལ་ལྕགས་བཏང་ནས་རང་ཉིད་འཕེལ་རྒྱས་གཏོང་བའི་ནུས་པ་ཆེ་རུ་གཏོང་དགོས།  ཕྱོགས་གཞན་ནས།  བོད་དང་མེས་རྒྱལ་ནང་ཁུལ་དབར་གྱི་ཚོང་དོན་འགྲོ་རྒྱུགས་ཤུགས་ཆེར་གཏོང་དགོས།  བོད་ཀྱི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་དགོས་པ་དང་། ལྷག་པར་དུ་དམིགས་བསལ་ཁྱད་ཆོས་ལྡན་པའི་ས་མཐོའི་ཞིང་འབྲོག་ནགས་ལས་ཐོན་རྫས་ཏེ།  དཔེར་ན།  གཡག་དང་།  ནས།  ནགས་ཚལ་གྱི་ཐོན་ཁུངས་སོགས་བེད་སྤྱོད་ལེགས་པོ་བྱས་ནས་དེ་དང་འབྲེལ་ཡོད་ཐོན་རྫས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་དགོས། འགྲིམ་འགྲུལ་དང་ཆ་འཕྲིན་དྲ་བ་ཉིན་བཞིན་དར་རྒྱས་འགྲོ་བའི་དུས་སྐབས་འདིར་རྒྱལ་ནང་དང་དཔལ་འབྱོར་གྱི་ཚོང་དོན་མཉམ་ལས་བྱེད་ཤུགས་དེ་ཆེ་རུ་གཏོང་དགོས།

    “རྒྱུུད་གཅིག་ལམ་གཅིག”འཐབ་ཇུས་ལག་བསྟར་བྱས་ནས་བོད་འདི་ཉིད་སྐམ་སའི་ཞིང་ཆེན་ནས་ཕྱི་ཕྱོགས་སུ་སྒོ་དབྱེ་འབྱེད་པའི་འཐབ་ས་མདུན་མ་ཞིག་ཏུ་འགྱུར་དགོས། ཧི་མ་ལ་ཡའི་དཔལ་འབྱོར་གྱི་འགག་སྒོ་འཛུགས་སྐྲུན་བྱས་ནས་ཀྲུང་གོས་ཨེ་ཤེ་ཡ་ལྷོ་མ་དང་།  ཨེ་ཤེ་ཡ་ཤར་ལྷོའི་ས་ཁུལ་ཀྱི་ཚོང་ཟོག་དང་མ་རྩའི་ཕྱིར་ཐོན་འགྱོགས་སུ་བཏང་ནས་བོད་ལྗོངས་འདི་ཉིད་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།