དབུ་ཤོག>གསར་འགྱུར།
  • གངས་རིའི་ཁྲོད་ཀྱི་བསྟོད་གླུ་སྙན་མོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-09

    གནས་རི་དང་གནས་མཚོ། རླུང་དར་དང་མཆོད་རྟེན། རྩྭ་ཐང་དང་སྦྲང་ཆར། ལྷ་བྱ་དང་གླུ་དབྱངས་སོགས་ལས་མཛེས་སྡུག་ཡིད་དབང་འཕྲོག་པའི་མཐོ་སྒང་གི་མཛེས་ལྗོངས་འདི་ཆགས། མཐོ་སྒང་ནི་སྙན་ངག་པ་ཞིག་ལྟར་རང་ཉིད་ཀྱི་ཚེ་སྲོག་ལ་རྟེན་ནས་གསོན་ཉམས་དོད་པའི་སྙན་ངག་ཤོ་ལོ་ཀ་རེ་རེ་འབྲི་བཞིན་མཆིས། འདི་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་50འཁོར་ཞིང་། ལོ་ངོ་50ཀྱག་ཀྱོག་གི་ལམ་བུས་བོད་ཀྱི་འཕེལ་རྒྱས་དང་འགྱུར་བ། ལོ་རྒྱུས་རིང་མོའི་སྙན་ངག་བདེན་དཔང་བྱེད་ཐུབ། གསན་དང་། མཐོ་སྒང་ནས་ཡིད་སེམས་འགུག་པའི་བསྟོད་གླུ་སྙན་མོ་གྲགས་ཡོང་གིས།

    བོད་འདི་ཉིད་ནི་ནམ་མཁའ་དང་ཆེས་ཐག་ཉེ་བའི་ས་ཆར་གྲགས་ཀྱི་ཡོད། འདི་ནི་སྐྱེ་བོ་དུ་མའི་སེམས་དབུས་ཀྱི་ཤམ་བྷ་ལ་དང་ངོ་མཚར་གྱི་གཏེར་མཛོད་ཞིག་ཡིན་ངེས། ལོ་ངོ་50རིང་། བོད་འདི་ཉིད་འཕེལ་རྒྱས་ཀྱི་ལམ་བུར་འཇུག་ནས་སྐྱེ་བོ་ཀུན་ཧང་སང་དགོས་པའི་གྲུབ་འབྲས་ཐོབ་ཡོད། ལོ་ངོ་50བོད་ཀྱི་འཕེལ་རྒྱས་ཀྱི་ལམ་བུར་དྲན་འཆར་ཞིག་བྱས་ན། ང་ཚོས་བོད་ལྗོངས་ཀྱི་དོན་དུ་དགའ་འབོད་བྱེད་བཞིན་ཡོད་ལ། ལྷན་ཅིག་བོད་ལྗོངས་གསར་པའི་བསྟོད་གླུ་སྙན་མོ་འདི་སུ་ཞིག་གིས་བྲིས་མིན་ལ་མནོ་བསམ་གཏོང་བཞིན་ཡོད། ཕྱི་མིག་ཞིག་བལྟ་དུས། བོད་ལྗོངས་ཀྱི་འཕེལ་རྒྱས་ནི་རྒྱལ་ཁབ་དང་སྲིད་གཞུང་། དེ་བཞིན་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རྒྱབ་སྐྱོར་དང་ཁ་བྲལ་ཐབས་མེད། ཁོང་ཚོས་བོད་ལྗོངས་འདི་ཉིད་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱིས་བཞག་པའི་ཤུགས་རྐྱེན་ངན་པ་ལས་ཐར་བ་བྱས་ཡོད་ལ། དུས་མཚུངས་བོད་ལ་ཐོབ་པའི་གྲུབ་འབྲས་འདི་ཡང་བོད་ཀྱི་དོན་དུ་རང་ཉིད་ཀྱི་ནུས་ཤུགས་འདོན་བཞིན་པའི་མིང་མེད་ཀྱི་དཔའ་བོ་དག་དང་དེ་བཞིན་བོད་ཀྱི་ཞི་མཐུན་འཕེལ་རྒྱས་ཆེད་རང་ཉིད་ཀྱི་ཚེ་སྲོག་སྐྱེས་སུ་འབུལ་མཁན་ལས་བྱེད་མང་ཚོགས་རྣམས་དང་ཁ་བྲལ་ཐབས་མེད། བོད་ལྗོངས་ཀྱི་བསྟོད་གླུ་ནི་བོད་ལྗོངས་ཀྱི་བུ་ཕྲུག་དང་བོད་ལྗོངས་ཀྱི་གྲུབ་འབྲས་ཀྱི་ཆེད་དུ་ཕུལ་བ་ཡིན།

    གསན་དང་། མཐོ་སྒང་གི་བསྟོད་གླུ་གྲགས་བཞིན་འདུག མི་སེམས་འགུལ་བའི་དབྱངས་རྟ་སྙན་མོ་དེས་རེག་བཞིན་པ་ནི་ང་ཚོའི་བླ་སྲོག་ཡིན་ལ། བརྗེད་མི་ཐུབ་པ་ནི་དེ་ལས་འཕྲོས་པའི་ངོ་མཚར་གྱི་གཡོ་འགུལ་དེ་ཡིན། གཟིགས་དང་། དེ་བས་ལེགས་པའི་བོད་ལྗོངས་འཛུགས་སྐྲུན་གྱི་ཆེད་དུ། བོད་སྐྱོར་ལས་བྱེད་པ་དུ་མ་མཛེས་སྡུག་གི་གངས་ལྗོངས་ས་མཐོར་ཆས་ཡོང་ཞིང་། དེ་བས་ལེགས་པའི་བོད་ལྗོངས་འཕེལ་རྒྱས་གཏོང་ཕྱིར། གྲོང་ཚོར་བཅར་སྡོད་ལས་དོན་རུ་ཁག་དུ་མ་ཞིང་འབྲོག་ཁུལ་དུ་ཁ་ཕྱོགས། ཁོང་ཚོས་རང་ཉིད་ཀྱི་ལང་ཚོའི་གསོན་ཤུགས་ལ་བརྟེན་ནས་བོད་ལྗོངས་ཀྱི་ཆེས་སྙན་པའི་བསྟོད་གླུ་དེ་འབྲི་བཞིན་ཡོད།    

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།