དབུ་ཤོག>གསར་འགྱུར།
  • ཚན་ཞིབ་རྣམ་གྲངས་དེ་མངའ་རིས་འཕེལ་ རྒྱས་ཀྱི“ནུས་ལྡན་ལག་ཆར”གྱུར་པ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-09

    “ད་ཆ་ངའི་ཁྱིམ་གྱིས་ཁུ་ལུ་དཀར་པོའི་ར་300ལྷག་ཙམ་ལས་བརྒལ་བ་གསོ་ཚགས་བྱས་ཡོད”དཔལ་ལྡན་རྡོ་རྗེ་ནི་མངའ་རིས་ས་ཁུལ་རུ་ཐོག་རྫོང་གི་འབྲོག་པ་ཡིན་པ་དང་ཁུ་ལུ་དཀར་པོའི་ར་གསོ་ཚགས་བྱས་རྗེས་དཔལ་ལྡན་རྡོ་རྗེའི་ཁྱིམ་གྱིས་དེའི་ལེགས་ཆ་ཚོར་བ་མ་ཟད། ཁྱིམ་ཚང་གི་ཡོང་འབབ་ཀྱང་ལོ་རེ་བཞིན་ཇེ་མང་དུ་སོང་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”ཚུན་དུ་མངའ་རིས་ས་ཁུལ་ཚན་རྩལ་ལས་དོན་གྱིས་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ཏེ་ཁུལ་ལྡན་རའི་ཐོན་ལས་ཀྱི་ཆེད་དམིགས་རྣམ་གྲངས་དང་། སྔོ་ཚལ་ཐོན་ལས་ཀྱི་ཆེད་དམིགས་རྣམ་གྲངས། གཟན་རྩྭ་ཐོན་ལས་ཀྱི་ཆེད་དམིགས་རྣམ་གྲངས་སོགས་ཚན་ཞིབ་རྣམ་གྲངས་70ཙམ་སྒྲིག་འཛུགས་ལག་བསྟར་བྱས་པར་རྒྱལ་ཁབ་དང་རང་སྐྱོང་ལྗོངས་དང་དེ་བཞིན་རིམ་པ་དེ་གའི་ནོར་སྲིད་ཀྱིས་མ་དངུལ་སྒོར་ཁྲི་7000བཏང་བས་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་ཁུལ་ལྡན་ར་དེ་མངའ་རིས་ས་ཁུལ་གྱི་ཁྱད་ལྡན་ཐོན་ལས་སུ་གྱུར་པ་དང་རུ་ཐོག་རྫོང་གི་ཁུ་ལུ་དཀར་པོའི་རའི་སྔར་ཡོད་རྒྱུད་པའི་ར་བ་ལྟེ་བར་བྱེད་པ་དང་མཚོ་ཆེན་རྫོང་གི་ཁུ་ལུ་སྨུག་པོའི་རའི་སྔར་ཡོད་རྒྱུད་པའི་ར་བ་དང་དགེ་རྒྱས་དང་སྒེར་རྩེའི་ཁུ་ལུ་དཀར་པོའི་རའི་སྐྱེ་འཕེལ་ར་བས་གཤོག་ཟུང་བྱེད་པའི་ཁུལ་ལྡན་རའི་ཐོན་ལས་ཁུལ་གྱི་རྣམ་པ་ཞིག་ཆགས་པར་བྱས་ཡོད་པ་རེད།

    རུ་ཐོག་རྫོང་གི་ཁུལ་ལྡན་རའི་སྔར་ཡོད་རྒྱུད་པའི་ར་བའི་འགོ་འཛིན་གྲུབ་ཐོབ་ཀྱིས་2014ལོའི་ལོ་མཇུག་བར་རུ་ཐོག་རྫོང་གི་མགོ་ཕྱུགས་བསྡོམས་འབོར་ཁྲི་33.6ཟིན་པ་དང་དེའི་ནང་ར་ཁྲི་23.2དང་ཁུ་ལུ་དཀར་པོའི་རས་རའི་བསྡོམས་འབོར་གྱི་96%བཟུང་བ་དང་ར་རེ་ནས་ཆ་སྙོམས་ཁུ་ལུ་ཐོན་ཚད་ཁེ་279.6ཟིན་པ་དང་ཁུ་ལུ་འཇམ་ཚད་ཝེ་སྨིའི་14ཡི་ནང་ཚུན་དུ་85%བཟུང་ཡོད། དེ་དང་ཕྱོགས་མཚུངས་ཁུ་ལུའི་སྤུས་ཚད་ཀྱང་ཧ་ཅང་ལེགས་སུ་ཕྱིན་ནས་རིམ་པ་དང་པོའི་ཁུ་ལུས་80%ཡན་བཟུང་ཡོད། ད་ཆ་སྔར་ཡོད་རྒྱུད་པའི་ར་བར་ཤང་དང་གྲོང་ཚོ་ཁག་ཏུ་འདེམས་གསོའི་ས་ཚིགས་9དང་ཁུ་ལུ་དཀར་པོའི་རའི་ཚན་རྩལ་དཔེ་སྟོན་དུད་ཚང་517ཡོད་པ་དེས་ཁུ་ལུ་དཀར་པོའི་ར་འདེམས་གསོ་དང་། ཁྱབ་གདལ། དཔེ་སྟོན། ཐོན་སྐྱེད་བཅས་ཀྱི་ཕྱོགས་མང་པོའི་མ་ལག་ཅིག་གྲུབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།