དབུ་ཤོག>གསར་འགྱུར།
  • བོད་ཀྱི་ལོ་སྟོད་ཀྱི་སྤྱི་ཚོགས་མ་དངུལ་མཉམ་འདྲེས་བྱེད་ཚད་70% ཡན་འཕར་བ།

  • ཡོང་ཁུངས།  ​ ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-08-08

    ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་ནས་གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། བོད་ཀྱི་དངུལ་རྩའི་སྒྲིག་གཞིས“ཞིང་གསུམ”དང་། ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས། དམངས་འཚོའི་ཁྱབ་ཁོངས་བཅས་ལ་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་བསྲིང་ངང་ཆེ་རུ་གཏོང་གི་ཡོད་པ་རེད། བོད་ཀྱི་ལོ་སྟོད་ཀྱི་སྤྱི་ཚོགས་མ་དངུལ་མཉམ་འདྲེས་བྱེད་ཚད་དུས་མཚུངས་ལས་74.3%འཕར་ནས་ལོ་རྒྱུས་ཀྱི་དུས་མཚུངས་ཚད་གཞི་མཐོ་ཤོས་བཏོད་པ་རེད།

    “བོད་ཀྱི་ལོ་སྟོད་ཀྱི་སྤྱི་ཚོགས་མ་དངུལ་མཉམ་འདྲེས་བྱེད་ཚད་སྒོར་དུང་ཕྱུར་759.01ཟིན་པ་དེ་དུས་མཚུངས་ལས་74.3%འཕར་བ་དེ་ཐོག་ནས་སྣ་མང་ཅན་གྱི་སྤྱི་ཚོགས་མ་དངུལ་མཉམ་འདྲེས་མ་ལག་ལ་སྒྱུར་བཅོས་བྱས་པ་དེའི་ནུས་པ་ཐོན་བཞིན་ཡོད་པ་མཚོན་པ་དང་མི་དམངས་ཤོག་སྒོར་གྱི་དངུལ་བུན་གྱིས་དུས་མཚུངས་ཀྱི་སྤྱི་ཚོགས་མ་དངུལ་མཉམ་འདྲེས་བྱེད་ཚད་ནང་གསུམ་ཆ་གཅིག་ལྷག་ཙམ་བཟུང་བ་དང་། ཡིད་རྟོན་དངུལ་བུན་དང་མངགས་བཅོལ་དངུལ་བུན་མང་ཙམ་འཕར་བ། དངོས་གཞིའི་དཔལ་འབྱོར་ཀྱི་ཐད་ཀའི་མ་དངུལ་མཉམ་འདྲེས་བྱེད་ནུས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་སོགས་ཀྱི་ཁྱད་ཆོས་མཚོན་ཡོད”ཅེས་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གི་བསྡོམས་རྩིས་ཞིབ་འཇུག་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཡུས་ཡུང་ཆིན་གྱིས་བཤད་པ་རེད།

    ཁེ་ལས་ཆུང་གྲས་དང་ཆེས་ཆུས་གྲས་ཀྱི་འཕེལ་རྒྱས་ནི་དངུལ་རྩའི་སྒྲིག་གཞིའི་དངུལ་བུན་རྒྱབ་སྐྱོར་དང་ཁ་བྲལ་ཐབས་མེད་པ་རེད། ཟླ་དྲུག་པའི་ཟླ་མཇུག་བར་བོད་ཀྱི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་288.27ཟིན་པ་དེ་དུས་མཚུངས་ལས་56.0%འཕར་བ་དང་། ཁེ་ལས་ཆེས་ཆུང་གྲས་ཀྱིས་དངུལ་བུན་ལེན་དཀའ་བའི་གནད་དོན་ཞི་ལྷོད་དུ་འགྲོ་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།