
འདི་ནི་ཉིང་ཁྲི་གྲོང་ཁྱེར་ཉིང་ཁྲི་གྲོང་རྡལ་སྤང་སྣེ་གྲོང་ཚོའི་གྲོང་མི་མཚམས་གོ་དང་དཀོན་མཆོག་སྒྲོལ་མས་སྟེགས་བུ་ནས་རང་ཁྱིམ་རྩིས་ཐོའི་ནང་གི་ཞིང་ཕན་མ་དངུལ་འདྲི་རྩད་བྱེད་པའི་གནས་ཚུལ་ཡིན་པ།
ཉེ་བའི་ལོ་ཤས་རིང་ཕུའུ་ཅན་ཞིང་ཆེན་དང་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱིས་ཞིང་ཕན་མ་དངུལ་སྣ་ཚོགས་གཅིག་སྡུད་ཀྱི་ཞིང་ཕན་མ་དངུལ་ལྟ་སྐུལ་དོ་དམ་སྟེགས་བུ་་བཙུགས་ཏེ་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་ཞིང་ཕན་མ་དངུལ་སྤྲོད་རིམ་ཉུང་དུ་བཏང་བ་དང་། ཞིང་འབྲོག་པས་ཞིང་ཕན་མ་དངུལ་ལྟ་སྐུལ་དོ་དམ་སྟེགས་བུ་ནས་དུས་ཐོག་ཏུ་རང་ཁྱིམ་གྱི་ཞིང་ཕན་མ་དངུལ་གྱི་གནས་ཚུལ་འདྲི་རྩད་བྱེད་ཆོག་པ་མ་ཟད། འབྱུང་རྩ་ནས་ཞིང་ཕན་མ་དངུལ་འཕྲི་འཐེན་གྱི་སྐྱོན་ཆ་ཡང་སེལ་ཐུབ་པས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་དགའ་བསུ་ཐོབ་ཡོད།