དབུ་ཤོག>གསར་འགྱུར།
  • ཐག་རིང་དུ་བསྐྱོད་སྐབས་བདེ་ཐང་ནི་ཨང་དང་པོ་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-07

    ཉེ་ཆར།  ས་སྐྱ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ 《ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་བདེ་འཇགས་ཁྲིམས་ལུགས་》དང་ལག་བསྟར་ཁྲིམས་སྲོལ་གྱི་དགོངས་དོན། ས་ཆ་དེ་གའི་འགྲིམ་འགྲུལ་དོ་དམ་ཚན་ཁག་གི་རེ་བ་བཞིན་གཤོང་མ་ཤང་ནས་བྲག་མཇུག་ཤང་བར་གྱི་འགྲིམ་འགྲུལ་ཞིབ་བཤེར་ས་ཚུགས་དངོས་སུ་བེད་སྤྱོད་བྱེད་འགོ་ཚུགས་པ་རེད།དེ་ནི་གཤོང་མ་ཤང་གི་འགྲིམ་འགྲུལ་བདེ་འཇགས་ལེགས་སྒྲིག་བྱ་སྤྱོད་ཆེན་པོ་འགོ་ཚུགས་པའི་མཚོན་རྟགས་ཤིག་ཀྱང་རེད།

    ལ་ལྷོ་ཆུ་བེད་རྣམ་གྲངས་འཛུགས་སྐྲུན་དང་རྣམ་གྲངས་ཁག་གཞན་པ་རྣམས་ཕྱོགས་ཡོངས་ནས་ལས་འགོ་བསྐྱར་ཚུགས་བྱས་ཚུན་བྲག་མཇུག་ཤང་ནས་གཤོང་མ་ཤང་བར་གྱི་འགྲོ་འོང་བྱེད་བཞིན་པའི་རླངས་འཁོར་རིམ་བཞིན་ཇེ་མང་དུ་སོང་འགྲོ་བ་དང་། ལྷག་པར་དུ་རླངས་འཁོར་ཆེ་གྲས་དེ་བས་མང་དུ་ཕྱིན་པས་སྔོན་ནས་གྲོང་ཚོའི་འགྲོ་ལམ་ཁ་ཞེང་ཆེན་པོ་མེད་པའི་གནས་ཚུལ་འོག་འགྲིམ་འགྲུལ་བདེ་འཇགས་ལ་གནོན་ཤུགས་དང་བདེ་འཇགས་ཀྱི་གནས་ཚུལ་ཐོན་ངེས།  གཤོང་མ་ཤང་གིས་རྗོང་འབྲེལ་ཡོད་ཚན་ཁག་དང་ལྷན་དུ་དོན་དངོས་དང་བསྟུན་ནས་གཙོ་བོའི་འགྲོ་ལམ་དང་། གྲོང་ཚོ། ལམ་ཀྱག་ཀྱོག་སོགས་ཀྱི་སར་མགྱོགས་ཚད་ཚད་གཞི་དལ་བུར་གཏོང་དགོས་པ། ཉེན་བརྡའི་གློག་འོད་སོགས་འགྲིམ་འགྲུལ་བདེ་འཇགས་སྔོན་བརྡའི་དྲན་སྐུལ་བྱང་བུ་བཙུགས་ནས་འགྲོ་འོང་བྱེད་མཁན་ཁ་ལོ་བ་ཚོར་ཉེན་ཁའི་སྔོན་བརྡ་མཁོ་འདོན་བྱས་ཡོད།

    གཤོང་མ་ཤང་མངགས་གཏོང་ཁང་ཞིབ་གཤེར་ས་ཚིགས་དང་སྤྱི་བདེ་ལས་བྱེད། ཤང་བདེ་འཇགས་ཞིབ་གཤེར་པ་རྣམས་གཙོ་བོ་འགྲུལ་སྐྱེལ་རླངས་འཁོར་དང་། ཟོག་འཁོར། སྦག་སྦག  འདྲུད་འཐེན་འཁོར་ལོ་སོགས་ཀྱི་ཁ་ལོ་བའི་མགྱོགས་ཚད་ལ་ཞིབ་བཤེར་དང་ཁྲིམས་འགལ་གྱིས་རླངས་འཁོར་བསྒྱུར་བཀོད་བྱས་ཡོད་མེད།  དངོས་ཟོག་ལྗིད་ཚད་ཁྲིམས་ལས་འགལ་ཡོད་མེད་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་ལ་ཞིབ་གཤེར་བྱེད་ཀྱི་ཡོད།

    དུས་མཚུངས་སུ་རླངས་འཁོར་གྱི་བཀག་གཏོང་བདེ་འཇགས་དང་འཁོར་ལོ། སྣུམ། གློག་ཞུ། རླངས་འཁོར་བདེ་འཇགས་མཁོ་ཆས་སོགས་ལ་གནད་དོན་ཡོད་མེད་ཞིབ་བཤེར་བྱེད་པ་དེ་རེད།

    དེ་དང་དུས་མཚུངས། གཤོང་མ་ཤང་མངགས་གཏོང་ཁང་ཞིབ་བཤེར་ས་ཚིགས་ཀྱིས་རླངས་འཁོར་འགྲོ་འོང་བྱེད་མཁན་ཁ་ལོ་བ་ཚོར་འགྲོ་ལམ་ཁྲིམས་སྲོལ་དང་། བདེ་འཇགས་ངང་རླངས་འཁོར་གཏོང་བ།  བདེ་འཇགས་ཐོན་སྐྱེད་ཁྲིམས་སོགས་འབྲེལ་ཡོད་ཁྲིམས་སྲོལ་ཤེས་བྱ་དྲིལ་བསྒྲགས་བྱས་ནས་ཁ་ལོ་བར་དེའི་ཐད་ཀྱི་ཤེས་བྱ་ངོས་འཛིན་ཐུབ་པ་བྱས་ནས་ཡ་རབས་ལྡན་པའི་ཁ་ལོ་བ་ཞིག་དང་། ཚད་དང་ལྡན་པའི་ཁ་ལོ་བ་ཞིག་བྱེད་རྒྱུར་རྨང་གཞི་བརྟན་པོ་བརྟིང་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།