དབུ་ཤོག>གསར་འགྱུར།
  • ལྷག་བསམ་དག་པོས་སྤྱི་ཞབས་པའི་གཟུགས་བརྙན་བཟང་པོ་མངོན་པར་བྱས།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-07

    རྐུབ་སྟེགས་དྲག་པོ་འགུལ། ཕོར་པའི་ནང་གི་ཆུ་ཡང་བོ་གྲབས་བྱས། ཁང་པ་ཡང་འགུལ།

    བག་གྲོས་འཕྲལ་མར་ཡར་ལངས་ནས་སྒོ་འགྲམ་དུ་བསྐྱོད་དེ“ས་ཡོམ་བརྒྱབ་སོང་། ཚང་མས་དངངས་སྐྲག་མ་བྱས་པར་ཐོག་ཁ་ནས་བབ་ཤོག”ཅེས་བཤད། སྐབས་དེར་གཞུང་དོན་ཐོག་བརྩེགས་ཁང་ཆེན་འགུལ་ཚབས་ཆེ་སྟབས་བག་གྲོས་ལག་གཅིག་གྱང་ལ་བསྙེས་བཞིན་དུ་ཚང་མ་ཕྱིར་འཐེན་བྱ་རྒྱུའི་སྒྲིག་འཛུགས་བྱས།

    གེགས་བར་དང་ཉེན་ཁའི་མདུན་དུ་དངངས་སྐྲག་མི་བྱེད་པ།

    གཞུང་དོན་ཐོག་བརྩེགས་ཁང་ཆེན་ནས་ཕྱིར་འཐེན་བྱེད་མཁན་མཐའ་མའི་ངོས་ནས་སྒོ་རའི་ནང་སྐྱོད་སྐབས། བག་གྲོས་འཕྲལ་མར་གཞུང་དོན་ཁང་གི་མི་སྣ་བཀོད་སྒྲིག་བྱས་ཏེ“འཕྲལ་དུ་མི་གྲངས་བཤེར་བ་དང་མི་ཤི་རྨས་བྱུང་ཡོད་མེད་ལྟ་རུ་བཅུག་པ”དང་འབྲེལ་ལམ་སེང་བཀོད་སྒྲིག་དེ་ལྟར་བྱས།

    ཁྱིམ་དུ་ཡོད་པའི་རྫོང་རིམ་པའི་འགོ་ཁྲིད་དང་ཚན་པ་ཁག་གི་འགོ་ཁྲིད་འཕྲལ་དུ་གཞུང་དོན་ཁང་གི་ཐོག་བརྩེགས་ཁང་ཆེན་གྱི་མདུན་དུ་ཚོགས་འདུར་བསྐོངས་པ་དང་། འཕྲལ་དུ་རྫོང་སློབ་གྲྭ་འབྲིང་ཆུང་གི་སློབ་ཕྲུག་བདེ་འཇགས་ངང་ཕྱིར་འཐེན་བྱ་རྒྱུའི་སྒྲིག་འཛུགས་བྱས་པ། འཕྲལ་དུ་ཁ་པར་བརྒྱབ་ནས་ཤང་གྲོང་ཁག་དང་འབྲེལ་བ་བྱས་ཏེ་གནས་ཚུལ་ཤེས་རྟོགས་བྱས་པ་དང་ཤང་གྲོང་ལ་འཕྲལ་མ་ཉིད་དུ་གྲོང་ཚོ་དང་གྲོང་མི་ཨུ་ལྷན་གཉིས་དང་། གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པ་དང་། མང་ཚོགས། གྲྭ་བཙུན་བཅས་གནས་སྤོ་བྱ་རྒྱུ་སྒྲིག་འཛུགས་བྱེད་དུ་བཅུག་པ་བཅས་རེད།

    དུས་མཚུངས་སུ་དུས་ཐོག་ཏུ་ཤང་གྲོང་ཁག་གི་མང་ཚོགས་གནས་སྤོ་བྱས་ཚུལ་དང་གེགས་བར་བྱུང་བའི་གནས་ཚུལ་དེ་དག་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་གཙོ་བོར་སྙན་སེང་ཞུས་པ་རེད།

    སྐར་མ་བཅུ་སོང་རྗེས་བག་གྲོས་ཚན་ཁག་ཆེན་པོ་བཞིའི་འགོ་ཁྲིད་དང་རྫོང་ཐད་གཏོགས་སྡེ་ཚན་ཁག་གི་འགན་འཁུར་བ་གཙོ་བོའི་ཚོགས་འདུ་འཚོགས་ནས་ས་ཡོམ་གྱི་གེགས་བར་བརྡ་ཁྱབ་བཏང་ནས། སྐྱིད་གྲོང་རྫོང་གི་གེགས་བར་གྱི་ཛ་དྲག་འཕྲལ་སྡོམ་སྔོན་ཇུས་ཛ་དྲག་ངང་སྤྱོད་འགོ་ཚུགས་པ་དང་། རྫོང་ཨུད་ཀྱི་ཧྲུའུ་ཅིས་ཙུའུ་ཀྲང་དང་། ལས་ཐོག་རྫོང་རིམ་པའི་ལས་བྱེད་པས་ཙུའུ་ཀྲང་གཞོན་པ། འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་ཁོངས་མི་བཅས་བྱས་པའི་ཡོམ་འགོག་གེགས་སེལ་འགོ་ཁྲིད་ཚོགས་ཆུང་བཙུགས་ཤིང་། རྫོང་རིམ་པའི་ལས་བྱེད་པས་སྣེ་ཁྲིད་པའི་ཆེད་དོན་རྣམ་གྲངས་ལས་དོན་ཚོགས་ཆུང་13བཙུགས་པ་དེ་དག་འཕྲལ་དུ་ཤང་གྲོང་ཁག་ཏུ་མང་ཚོགས་ལ་རོགས་སྐྱོབ་དང་གནས་སྤོ་བཀོད་སྒྲིག་བྱས་པ་རེད།

    རོགས་སྐྱོབ་ཀྱི་འཐབ་ས་དང་པོར་རང་དཔེ་གཞན་སྟོན་བྱས་པ།

    སྐྱིད་གྲོང་གྲོང་རྡལ་དུ་སྐྱོད་པའི་ལམ་བར་དུ་རྦབ་རྡོ་རྒྱུན་ཆད་མེད་པར་ལྷུངས་ཀྱི་ཡོད། བག་གྲོས་ཁ་ལོ་བར“མགྱོགས་ཙམ་གཏོང་དང”ཞེས་སྐུལ་ལྕག་བཏང་བ་དང་། ཁོང་གིས་ཤང་གྲོང་ཁག་ལ་ཁ་པར་བརྒྱབ་སྟེ་བྲེལ་ཚུབ་ངང་ཉེ་འགྲམ་གྱི་ལས་དོན་མི་སྣར“སྐྱིད་གྲོང་གྲོང་རྡལ་དང་ས་ལེབ་ཤང་གི་གནས་ཚུལ་ཇི་འདྲ་ཡོད་མེད་དང་། མང་ཚོགས་དུས་ཐོག་ཏུ་བདེ་འཇགས་ངང་གནས་སྤོ་བྱས་མིན། ཤང་གྲོང་གཞན་དག་གི་གནས་ཚུལ་ཇི་འདྲ་ཡོད་མེད་བཅས་ཡང་བསྐྱར་ཁ་པར་བརྒྱབ་ནས་དྲིས་དང”ཞེས་བཤད།

    ས་ཡོམ་བརྒྱབ་རྗེས་གཞུང་ལམ་ཉིལ་ཚབས་ཆེ་སྟབས་རླངས་འཁོར་སྤྱི་ལེ་10སར་སླེབས་སྐབས་རི་ནས་ཉིལ་བའི་འདམ་དང་ཕ་བོང་གིས་ལམ་བཀག

    བག་གྲོས་གནས་ཚུལ་དེ་མཐོང་སྐབས་སེམས་འཚབ་ཆེན་པོ་ལངས་ནས་འཕྲལ་དུ་མི་སྣ་བཀོད་སྒྲིག་བྱས་ཏེ་མྱུར་བཟོ་བྱེད་དུ་བཅུག་པ་དང་། དངངས་འཚབ་ངང་གཞུང་ལམ་མྱུར་བཟོ་སྒུག་པ་དང་དུས་མཚུངས། ཁོང་གིས་ཕྱོགས་ཁག་ལ་ཁ་པར་བརྒྱབ་ནས་གནས་ཚུལ་ཤེས་རྟོགས་བྱས་ཏེ། མང་ཚོགས་མྱུར་སྐྱོབ་དང་གནས་སྤོ་བཀོད་སྒྲིག་གི་ལས་དོན་ལ་བཀོད་འདོམས་བྱས་པ་རེད།

    སྐར་མ་30སོང་རྗེས་སྐྱིད་གྲོང་གྲོང་རྡལ་བར་གྱི་རི་ཉིལ་ཚད་ཆེ་གྲས་དང་པོ་དེ་མྱུར་བཟོ་ཐུབ་སྐབས་བག་གྲོས་འཕྲལ་དུ་ཚང་མའི་སྣེ་ཁྲིད་དེ་མདུན་དུ་བསྐྱོད་ཅིང་། ལམ་བར་དུ་རླངས་འཁོར་ནས་ཡང་ཡང་བབས་ཏེ་ལམ་བཤངས་པ་དང་། རླངས་འཁོར་ལ་བཀོད་འདོམས་བྱས་ནས་རི་ཉིལ་ས་ཆུང་གྲས་ནས་སྒྲོལ་བ། ནུས་ཤུགས་ཡོད་རྒུས་སྐྱིད་གྲོང་གྲོང་རྡལ་ཕྱོགས་སུ་བསྐྱོད་པ་རེད། འོན་ཀྱང་དཔའ་བོའི་ལུང་ཤུར་ལམ་དུམ་བུར་སླེབས་སྐབས་རི་ཉིལ་ཚད་ཆེན་པོ་ཞིག་དང་གངས་རྡིབ་ཆེན་པོ་ཞིག་གིས་ལམ་རྦད་དེ་བཀག

    “དུས་ཚོད་འདང་བ་མི་འདུག་ཚང་མ་རླངས་འཁོར་ནས་བབས་ཏེ་ལ་རྒྱག་དགོས་བྱུང་ཡང་སྐྱོད་དགོས”

    ཡོམ་འགོག་གེགས་སེལ་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་ཚང་མ་བག་གྲོའི་རྗེས་སུ་འབྲངས་ཏེ་རྐང་ཐང་མར་རི་ཉིལ་ས་བརྒལ་ནས་མུ་མཐུད་མདུན་དུ་བསྐྱོད། སྐབས་དེར་རི་ཉིལ་སར་ད་དུང་རྦབ་རྡོ་རྒྱུན་མི་ཆད་པར་ལྷུངས་པ་མ་ཟད། གཡང་གཟར་བ། གཞོགས་གཅིག་རི་ནས་རྒྱུན་ཆད་མེད་པར་ལྷུངས་པའི་རྦབ་རྡོ་ཡིན་པ་དང་གཞོགས་གཞན་ཞིག་ལང་ལོང་དུ་འཕྱུར་བའི་སྐྱིད་གྲོང་གཙང་པོ་རེད།

    དཀའ་ཚེགས་ཆེན་པོས་བསྐྱོད་པ་བརྒྱུད། བག་གྲོས་ཚང་མའི་སྣེ་ཁྲིད་དེ་གཞི་ནས་རི་ཉིལ་སའི་ལམ་དུམ་བུ་བརྒལ་སྐབས་སྐྱིད་གྲོང་གྲོང་རྡལ་གྱིས་རླངས་འཁོར་བཏང་ནས་ཁོང་ཚོ་བསུ་བར་ཡོང་སྟབས་ཡོམ་འགོག་གེགས་སེལ་འགོ་ཁྲིད་ཚོགས་ཆུང་མགྱོགས་མྱུར་སྐྱིད་གྲོང་གྲོང་རྡལ་གྱི་ཕྱོགས་སུ་བསྐྱོད་པ་རེད།

    རྫོང་ཨུད་ཀྱི་ཧྲུའུ་ཅི་སླེབས་འདུག་ཅེས་ཐོས་སྐབས་གེགས་བར་བྱུང་བའི་མང་ཚོགས་གཅིག་རྗེས་གཉིས་མཐུད་ངང་དེ་གར་འཛོམས། “ཚང་མ་དངངས་སྐྲག་མ་བྱོས། ཡིད་ཆེས་ཡོད་པ་གྱིས་དང་། ཏང་དང་སྲིད་གཞུང་ལ་ཡིད་ཆེས་གྱིས་དང་། ཁང་པ་བརྡིབས་ཀྱང་མི་སྣ་གསོན་ཚེ་གང་ས་ཅི་ཐད་ལ་རེ་བ་ལྡན་ཡོད། ང་ཚོས་ཚང་མ་མཉམ་དུ་དཀའ་གནད་ལས་སྒྲོལ་སྲིད”

    བག་གྲོས་གྲོང་ཚོ་དང་གྲོང་མི་ཨུ་ལྷན་གཉིས་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ལ་མང་ཚོགས་བཀོད་སྒྲིག་བྱེད་ས་ཚན་རིག་དང་མཐུན་པའི་སྒོ་ནས་འདེམས་པ་དང་། མང་ཚོགས་གནས་སྤོ་བཀོད་སྒྲིག་ལས་དོན་མགྱོགས་མྱུར་ཡག་པོ་སྒྲུབ་པ། གྲོང་རྡལ་སྲིད་གཞུང་དང་མཐུན་སྦྱོར་བྱས་ནས་དངོས་ཟོག་དབོར་བ་བཅས་བྱས་ཏེ་མང་ཚོགས་རྣམས་མི་འཁྱག་པ་དང་མི་ལྟོགས་པའི་འགན་ལེན་བྱེད་དགོས་པའི་རེ་བ་བཏོན།

    སྐྱིད་གྲོང་གྲོང་རྡལ་གྱི་བཀོད་སྒྲིག་བྱེད་སར་སླེབས་སྐབས་མཚན་མོའི་ཆུ་ཚོད་8དང་སྐར་མ་30ཟིན་ཡོད་པ་དང་། བག་གྲོས་ལམ་བར་གྱི་ངལ་དུབ་སེལ་ཁོམ་མ་བྱུང་བར་འཕྲལ་དུ་སྐྱིད་གྲོང་གྲོང་རྡལ་གྱི་བཀོད་སྒྲིག་བྱ་ཡུལ་དུ་མང་ཚོགས་བཀོད་སྒྲིག་བྱས་ཚུལ་ལ་ལྟ་བར་བསྐྱོད། བཀོད་སྒྲིག་བྱ་ཡུལ་གྱི་གུར་ནང་དུས་མཚམས་གོང་མའི་གེགས་སེལ་དང་མང་ཚོགས་གནས་སྤོ་བཀོད་སྒྲིག་བྱས་ཚུལ་སྐོར་གྱི་སྐྱིད་གྲོང་གྲོང་རྡལ་གྱི་སྙན་སེང་མདོར་བསྡུས་ཉན་རྗེས། བག་གྲོས་འཕྲལ་དུ་འབྲེལ་ཡོད་ལས་དོན་ཞིབ་ཕྲ་སྤེལ་རྒྱུའི་སྐོར་ཛ་དྲག་ངང་བཀོད་སྒྲིག་བྱས་ནས། “གེགས་བར་བྱུང་བའི་མང་ཚོགས་བཀོད་སྒྲིག་བྱ་རྒྱུ་འདི་དགོས་གཏུགས་ཆེ་ཤོས་ཀྱི་ལས་འགན་ལ་བརྩིས་ནས་བརྩེ་སེམས་བཅངས་ཏེ་བཀོད་སྒྲིག་ལས་དོན་སྒྲུབ་ཐོག་མང་ཚོགས་ལ་ལྟོ་ཆས་དང་། གོས། སྡོད་ཁང་། འཐུང་ཆུ་བཅས་ཡོད་པའི་འགན་ལེན་བྱེད་དགོས”ཞེས་ནན་བཤད་བྱས། ཟླ་4ཚེས་26ཉིན་གྱི་མཚན་མོའི་ཆུ་ཚོད་12སྐབས་བག་གྲོ་སླར་ཡང་སྐྱིད་གྲོང་གྲོང་རྡལ་གྱི་བཀོད་སྒྲིག་བྱ་ཡུལ་དུ་མང་ཚོགས་བཀོད་སྒྲིག་བྱས་ཚུལ་ལ་ལྟ་བར་བསྐྱོད་པ་དང་། གནས་སྐབས་བཀོད་འདོམས་ཁང་དུ་ཕྱིར་ལོག་རྗེས། སླར་ཡང་ཚང་མ་དང་མཉམ་དུ་གེགས་སེལ་ལས་དོན་སྐོར་གྲོས་བསྡུར་དང་ཞིབ་འཇུག་བྱས་ནས་མཚན་འཁྱོངས་བྱས།

    ཚེས་26ཉིན་གྱི་ཞོགས་པའི་ཆུ་ཚོད་7པར་བག་གྲོ་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་དང་མཉམ་དུ་གྲོང་ཚོ་དང་གྲོང་ལྷན་ཁག་ཏུ་གེགས་བར་གྱི་གནས་ཚུལ་ཤེས་རྟོགས་བྱེད་པར་སྐྱོད་པའི་ལམ་བར་དུ་ཡོད།

    མང་ཚོགས་ལ་བརྩེ་སེམས་བཅངས་བ་དང་ཟས་བརྗེད་གཉིད་བྲལ་གྱིས་ལས་དོན་བསྒྲུབས་པ།

    ས་ཡོམ་ནང་རྫོང་ཡོངས་སུ་མི་7ཤི་བ་དང་། མི་32རྨས་པ། དུད་ཚང་1428ཀྱི་ཁང་པ་བརྡིབས་པ། དུད་ཚང་3597ལ་གཏོར་སྐྱོན་ཕོག་ཅིང་། ལྷག་པར་དུ་ས་ལེབ་ཤང་དང་སྐྱིད་གྲོང་གྲོང་རྡལ་གྱི་ཁང་པ་80%ཡན་ལ་གཏོར་སྐྱོན་ཚབས་ཆེན་ཕོག་པ་དང་། རྫོང་ཡོངས་ཀྱི་གཞུང་ལམ་དང་། ཆུ་ལོག འཕྲིན་གཏོང་སོགས་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་ལ་གཏོར་སྐྱོན་ཚབས་ཆེན་ཕོག་པ། དགོན་སྡེའི་རིག་དངོས་ལ་གཏོར་སྐྱོན་ཚབས་ཆེན་ཕོག་ཡོད་པ་རེད།

    མང་ཚོགས་ལ་སེམས་གསོ་གཏོང་བ་དང་བཀོད་སྒྲིག་ཡག་པོ་བྱས་ཚེ། གཞི་ནས་གེགས་སེལ་ལས་དོན་ནུས་ལྡན་ངང་སྒྲུབ་ཐུབ་ཅེས་པ་འདི་ནི། ཟླ་4ཚེས་26ཉིན་གྱི་སྔ་དྲོ་བག་གྲོས་རྫོང་ཡོངས་ཀྱི་ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་ལས་དོན་སྒྲུབ་མཁན་རྒྱ་ཆེའི་ལས་བཟོ་ཚོར་ནན་བཤད་བྱས་པའི་རེ་བ་ཞིག་རེད། མྱུར་སྐྱོབ་བྱས་པའི་རྨས་མའི་སྐོར་གླེང་སྐབས། ཁོང་གིས་སྨན་བཅོས་སྐྱོབ་བཅོས་ཚོགས་ཆུང་ལ་སྟོབས་ཤུགས་ཡོད་ཚད་བཏོན་ནས་དུས་ཐོག་ཏུ་སྐྱོབ་བཅོས་བྱེད་དགོས་པ་ལས། དུས་ཚོད་སྐར་ཆ་ཙམ་ཡང་ཆུད་ཟོས་སུ་གཏོང་མི་རུང་བའི་རེ་བ་བཏོན་པ་རེད།

    ཚེས་26ཉིན་སྐྱིད་གྲོང་གྲོང་རྡལ་ནས་ད་རེས་ཀྱི་ས་ཡོམ་ནང་མི་སྣ་ཤི་རྨས་ཚབས་ཆེ་ཤོས་བྱུང་བའི་གནས་གྲོང་ཚོའི་བར་གྱི་གཞུང་ལམ་མྱུར་བཟོ་ཐུབ་པ་རེད། བག་གྲོ་འཕྲལ་དུ་གནས་གྲོང་ཚོར་བསྐྱོད་དེ་གེགས་བར་བྱུང་བའི་མང་ཚོགས་ལ་བལྟས་པ་དང་འབྲེལ། ཤི་རྨས་བྱུང་བའི་མང་ཚོགས་ཀྱི་ནང་མིར་སེམས་གསོའི་འཚམས་འདྲི་ཞུས་པ་རེད།

    ཚེས་27ཉིན་སྐྱིད་གྲོང་གྲོང་རྡལ་ནས་ས་ལེབ་ཤང་བར་གྱི་གཞུང་ལམ་མྱུར་བཟོ་ཐུབ་ཅིང་། བག་གྲོ་སླར་ཡང་ད་རེས་ཀྱི་ས་ཡོམ་ཚབས་ཆེ་ཤོས་དང་ཐག་རིང་ཤོས་ཀྱི་མཐའ་མཚམས་ཤང་ས་ལེབ་ཤང་དུ་བསྐྱོད་དེ་གྲོང་ཚོ་རེ་རེ་བཞིན་བྱས་ནས་གེགས་བར་བྱུང་བའི་མང་ཚོགས་ལ་བལྟས་པ་དང་སེམས་གསོའི་འཚམས་འདྲི་ཞུས་པ་དང་། གེགས་བར་གྱི་གནས་ཚུལ་ཤེས་རྟོགས་བྱས་པ། མང་ཚོགས་བཀོད་སྒྲིག་སོགས་ཡོམ་འགོག་གེགས་སེལ་ལས་དོན་ལ་མཛུབ་ཁྲིད་དང་བཀོད་སྒྲིག་བྱས་པ་རེད།

    ཁོང་གིས་གནོད་འཚེ་ཕོག་པའི་མང་ཚོགས་ལ“ཡུལ་མི་རྣམ་པ་ཚོ། ངེས་པར་དུ་སྡུག་རུས་བྱེད་དགོས། དཀའ་ངལ་གནས་སྐབས་ཙམ་རེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐུགས་ཁུར་དང་། ལྗོངས་ཏང་ཨུད་དང་གྲོང་ཨུད་ཀྱི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད། རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི་མི་དམངས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་བཅས་ཡོད་ཕྱིན། ང་ཚོས་ཁྱིམ་གཞིས་བསྐྱར་དུ་བསྐྲུན་ནས་དེ་བས་ལེགས་པའི་འཚོ་བ་སྐྱེལ་ཐུབ་ངེས་ཡིན་པར་ཡིད་ཆེས་བྱེད་དགོས”ཞེས་བཤད།

    སྐྱིད་ར་གཞུང་ལམ་འགག་པར་དམིགས་ཏེ་ར་སོག་ཕྱོགས་ཀྱི་མང་ཚོགས་དང་འབྲེལ་ཡོད་མི་སྣར་ཡོམ་འཕྲོ་ལས་རྐྱེན་པའི་རི་ཉིལ་བའི་ཉེན་ཁ་འཕྲད་བཟོ་ཡོད་པས། ཁོང་གིས་མཐུན་སྦྱོར་ཧུར་ཐག་བྱས་ནས་ར་སོག་འགག་སྒོར་ལུས་པའི་མང་ཚོགས་དང་། ལས་དོན་མི་སྣ། མཐའ་སྲུང་དཔོན་དམག ནེ་པ་ལར་ཡོད་པའི་ཆུ་ཤུགས་གློག་ཁང་ཅུས་བདུན་པའི་ལས་དོན་མི་སྣ་བཅས་396ལ་གནམ་གྲུ་བཏང་ནས་རོགས་སྐྱོབ་བྱས་པ་རེད། ལམ་འགག་ནས་ཅང་གྲོང་ཚོའི་མང་ཚོགས་ལུས་པའི་གནས་ཚུལ་ཚབས་ཆེན་ལ་ཁ་གཏད་གཅོག་སྐབས། ཁོང་གིས་དུས་ཐོག་ཏུ་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་མཐའ་སྲུང་དཔོན་དམག་བཀོད་སྒྲིག་དང་། སྐུལ་སློང་། སྒྲིག་འཛུགས་བཅས་བྱས་ནས་རྐང་ཐང་མར་གེགས་སྐྱོབ་དངོས་ཟོག་སྐྱེལ་བར་བཏང་བས། ཅང་གྲོང་ཚོའི་མང་ཚོགས་རྣམས་དུས་ཐོག་ཏུ་བཀོད་སྒྲིག་ཐུབ་པ་བྱུང་ཡོད།

    ས་ཡོམ་བརྒྱབ་ཚུན་ཡོམ་འགོག་གེགས་སེལ་གྱི་ཚོགས་འདུ་འཚོགས་པ་དང་བཀོད་སྒྲིག་ལས་དོན་བྱས་པ་ཕུད། ཁོང་གི་དུས་ཚོད་ཚང་མ་གནོད་འཚེ་ཕོག་པའི་གྲོང་ཚོ་ཁག་ཏུ་བསྐྱོད་རྒྱུར་སྤྱད་པས། ཁོང་གནོད་འཚེ་ཚབས་ཆེན་ཕོག་པའི་ཤང་གྲོང་བཞིའི་ཁྲོད་ཀྱི་ཤང་གྲོང་གསུམ་གྱི་གྲོང་ཚོ་གྲོང་ལྷན་ཚང་མར་སྐྱོད་མྱོང་བ་དང་། མང་ཚོགས་10513ཚང་མ་དུས་ཐོག་ཏུ་བཀོད་སྒྲིག་ཐུབ་པ་བྱུང་བ་རེད།

    བསམ་གཞིག་ལེགས་པར་བྱས་ནས་དམངས་འཚོར་བརྩེ་སེམས་བཅངས་པ།

    དུས་ཐོག་ཏུ་ཚེ་སྲོག་བགྲོད་ལམ་གཏོད་ཕྱིར་བག་གྲོས་མི་སྣ་སྒྲིག་འཛུཌ་ཀྱིས་ཉིན་མཚན་བསྟུད་མེད་འབད་བརྩོན་བྱས་ནས་དུས་ཐུང་ནང་རྫོང་ནས་སྐྱིད་གྲོང་གྲོང་རྡལ་བར་དང་། སྐྱིད་གྲོང་གྲོང་རྡལ་ནས་ས་ལེབ་ཤང་དང་གནས་གྲོང་ཚོའི་བར་གྱི་འགྲོ་ལམ་མྱུར་བཟོ་བྱས་ཏེ་རོཌ་སྐྱོབ་དངོས་ཟོག་དང་མི་སྣ་དུས་ཐོག་ཏུ་གེཌ་ཁུལ་དུ་བསྐྱོད་རྒྱུར་མཐུན་རྐྱེན་བསྐྲུན་ཡོད་པ་རེད།

    དེ་དང་ཆབས་ཅིག་ལྷོད་གཡེང་སྤུ་ཙམ་ཡང་མེད་པའི་སྒོ་ནས་མི་སྣ་སྒྲིག་འཛུགས་ཀྱིས་སྐྱིད་གྲོང་གྲོང་རྡལ་ནས་ར་སོག་བར་དང་། ས་ལེབ་ནས་ལ་ཕྱེད་སེར་ཆུང་བར། རྫོང་ནས་གུང་ཐང་ཤང་བར་བཅས་ཀྱི་གཞུང་ལམ་མྱུར་བཟོའི་ལས་དོན་སྤེལ་བ་དང་། རྫོང་ཡོངས་ཀྱི་གཞུང་ལམ་ཧྲིལ་པོ་གང་མགྱོགས་ཤར་གཏོང་ཐུབ་པའི་འགན་ལེན་བྱས་ཏེ་ཡོམ་འགོག་གེགས་སེལ་ལས་དོན་ལ་འགན་ལེན་བརྟན་པོ་བྱས་ཡོད་པ་རེད། ཆུ་དང་གློག་མཁོ་འདོན་དང་འཕྲིན་གཏོང་སྒྲིག་ཆས་མྱུར་བཟོའི་ལས་དོན་སྒྲིག་འཛུགས་དམ་ཟབ་བྱས་ནས་དུས་ཐོག་ཏུ་གནོད་འཚེ་ཕོག་པའི་མང་ཚོགས་ཚོའི་ཆུ་སྤྱོད་གློག་སྤྱོད་ཀྱི་གནད་དོན་ཐག་གཅོད་བྱས་ཐོག་གེགས་ཁུལ་གྱི་འཕྲིན་གཏོང་སླར་གསོ་ཐུབ་པར་བྱས་པ་རེད། ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་བྱ་ཡུལ་འཆར་འགོད་དང་ཆུ་མཁོ་འདོན་དང་བཙོག་ཆུ་ཕྱིར་འབུད་ཀྱི་ལས་དོན་སྤེལ་ནས་སྔར་ལས་ལྷག་པའི་ངང་བཀོད་སྒྲིག་བྱ་ཡུལ་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་བཏང་བ་དང་། བཀོད་སྒྲིག་བྱ་ཡུལ་དུ་བརྙན་འཕྲིན་གཅིག་སྡུད་ལྟ་ཉན་བྱ་ཡུལ་བཙུགས་པ། རླུང་འཕྲིན་ཉན་བྱེད་སྒྲིག་ཆས་སྒྲིག་སྦྱོར་བྱས་པ་བཅས་ཀྱིས། གེགས་ཁུལ་གྱི་མང་ཚོགས་ཀྱིས་དུས་ཐོག་ཏུ་ཏང་དང་སྲིད་གཞུང་གི་གེགས་སེལ་ཆ་འཕྲིན་ཤེས་རྟོཌ་ཐུབ་པར་བྱས་པ་རེད།

    གེགས་བར་ཆེ་མོའི་རྗེས་སུ་རིམས་ནད་མི་ཐོན་པའི་འགན་ལེན་བྱ་ཆེད། བག་གྲོས་དུས་ཐོག་ཏུ་སྨན་དོན་མི་སྣ་སྒྲིག་འཛུགས་ཀྱིས་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་དང་ཁང་པ་ཞིག་རོ་སོགས་ཀྱི་ཁོར་ཡུག་ཏུ་དུག་སེལ་ལས་དོན་སྤེལ་བ་དང་། མང་ཚོགས་ཀྱི་འཐུང་ཆུར་ལྟ་ཞིབ་དང་བཟའ་བཅའི་འཕྲོད་བསྟེན་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་བཀོད་སྒྲིག་བྱ་ཡུལ་གྱི་གནས་སྐབས་སྨན་ཁང་དང་འགྲིམ་འགྲུལ་ལམ་རྒྱུད་དུ་དུག་སེལ་ས་ཚིགས་བཙུགས་ཐོག ཉིན་ལྟར་མང་ཚོགས་ལ་སྐོར་སྐྱོད་ནད་བརྟག་སྨན་བཅོས་བྱེད་པ་དང་། རྒྱུན་སྤྱོད་སྨན་རྫས་སྤྲོད་པ། འགྲོ་འོང་བྱེད་མཁན་རླངས་འཁོར་གྱི་ཁ་ལོ་བར་དུག་སེལ་བྱེད་པ། ཆེད་ལས་མི་སྣ་སྒྲིག་འཛུགས་ཀྱིས་མང་ཚོགས་ལ་སེམས་གསོ་དང་བསམ་བློའི་མཛུབ་ཁྲིད་བཅས་བྱས་ཏེ་ས་ཡོམ་གྱི་སེམས་ནད་བསལ་ཡོད་པ་རེད། ཞོར་ཐོན་གནོད་འཚེ་མ་ཐོན་སྔོན་འགོག་བྱ་ཆེད། བག་གྲོས་དུས་ཐོག་ཏུ་ས་གཤིས་ཀྱི་མི་མངོན་པའི་རྐྱེན་ངན་བསལ་ནས་ཁུག་ཆ་མི་ལུས་པ་བྱས་ཡོད་པ་རེད།

    རྫོང་ཡོངས་ཀྱི་ཡོམ་འགོག་གེགས་སེལ་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ་དང་བསྟུན་ནས་བག་གྲོས་གང་མགྱོགས་མང་ཚོགས་ཀྱི་རྒྱུན་གཏན་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་ཐུབ་རྒྱུར་བསམ་གཞིག་བྱེད་འགོ་ཚུགས་པ་རེད།

    མཚན་གཅིག་རིང་བསམ་གཞིག་ཞིབ་ཚགས་བྱས་པ་དང་ནམ་ལངས་རྗེས་སྐྱིད་གྲོང་གྲོང་རྡལ་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའུ་རུ་བག་གྲོས་འཕྲལ་མ་ཉིད་དུ་ལས་དོན་བཀོད་སྒྲིག་བྱེད་འགོ་ཚུགས་པ་རེད། ཡོམ་འགོག་གེགས་སེལ་ལས་དོན་ལ་ཞུགས་མཁན་དཔོན་དམག་དང་སྲིད་ཁྲིམས་ལས་བྱེད་པའམ་ཉེན་རྟོག་པས་ཡུག་དབྱེའི་ངང་རོགས་སྐྱོབ་འགན་གཙང་བླངས་ཏེ་ལས་བྱེད་པ་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་མཉམ་དུ་ཁང་པ་བརྡིབས་པའི་མང་ཚོགས་དུད་ཚང་གཙང་བཤེར་ནན་པོ་བྱས་ནས། དངོས་ཟོག་མྱུར་འདོན་བྱེད་རོགས་དང་། མང་ཚོགས་སྒྲིག་འཛུགས་ཀྱིས་མིག་སྔའི་ཞིང་འབྲོག་ལས་ཐོན་སྐྱེད་ལས་དོན་ལེགས་པར་བསྒྲུབས་པ། དུས་ཚོད་དམ་འཛིན་གྱིས་གཞུང་དོན་སྒྲུབ་ཁང་དང་ཉེ་འགྲམ་ཁང་པར་ལྟ་ཞིབ་ཚོད་སྐོར་བཅས་བྱས་ཏེ་བདེ་འཇགས་འགན་ལེན་ཐུབ་པའི་རྨང་གཞིའི་ཐོག གེགས་ཁུལ་གྱི་ཐོན་སྐྱེད་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པར་བྱས་པ་རེད།

    གནད་ལ་འཁེལ་བའི་ངང་གེགས་བར་བྱུང་ཚུལ་མཐིལ་རྟོགས་ཐུབ་པ་བྱ་ཆེད། བག་གྲོས་སྡེ་ཚན་མང་པོ་ཞིག་གི་འགན་འཁུར་མི་སྣ་ལས་གྲུབ་པའི་ལས་དོན་ཚོགས་ཆུང་སྒྲིག་འཛུགས་བྱས་ནས་གེགས་བར་བྱུང་ཚུལ་ལ་ཕྱོགས་ཡོངས་དང་ཞིབ་ཚགས་ངང་གྲལ་བཤེར་བྱས་ཐོག་ཁུངས་བཙན་པའི་གེགས་བར་བྱུང་ཚུལ་གྱི་དཔྱད་གཞི་ཁོང་དུ་ཆུད་པར་བྱས་པ་རེད། སློབ་མའི་སློབ་སྦྱོང་ལ་འཐུས་ཤོར་མི་ཡོང་བའི་ཆེད། བག་གྲོས་རྫོང་སློབ་གསོ་སྡེ་ཚན་ལ་གུར་གྱི་སློབ་གྲྭ་འཛུགས་རྒྱུའི་རེ་བ་བཏོན་ནས་གཏོར་སྐྱོན་ཕོག་པའི་སློབ་གྲྭར་གནས་སྐབས་སློབ་ཁྲིད་བྱ་ཡུལ་བསྐྲུན་ཐོག དུས་ཐོག་ཏུ་རྒྱུན་གཏན་གྱི་སློབ་ཁྲིད་སླར་གསོ་ཐུབ་པའི་འགན་ལེན་བྱས་པ་རེད།

    ཟླ་5ཚེས་11ཉིན་གྱི་ཞོགས་པ་སྔ་པོ་གསར་འགོད་པ་སྐྱིད་གྲོང་གྲོང་རྡལ་ནས་ཁ་གྱེས་སྐབས་ཁྲོམ་གཞུང་གི་ཚོང་ཁང་ཚང་མ་སྒོ་ཕྱེ་ནས་ཚོང་རྒྱག་འགོ་ཚུགས་པ་དང་། བཀོད་སྒྲིག་བྱ་ཡུལ་གྱི་གུར་མང་པོ་ཞིག་ནས་ཐབ་ཀྱི་དུ་བ་ལང་ལོང་དུ་འཕྱུར་ཞིང་། ཕྲུ་གུ་ཚོས་རྒྱབ་ཏུ་དཔེ་ཁུག་ཁྱེར་ནས་དགའ་སྤྲོའི་ངང་གུར་གྱི་སློབ་གྲྭར་སྐྱོད་བཞིན་འདུག ཡོམ་འགོག་གེགས་སེལ་མདུན་ཕྱོགས་བཀོད་འདོམས་པུའུ་རུ་ཧྲུའུ་ཅི་བག་གྲོས་ཚོགས་འདུ་ཞིག་འཚོགས་ནས་གོམ་སྟབས་རྗེས་མའི་རྫོང་ཡོངས་ཀྱི་ལས་དོན་བཀོད་སྒྲིག་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་འདུག

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།