དབུ་ཤོག>གསར་འགྱུར།
  • ​ “ཤུགས་སྣོན་ལྔ”ལ་བརྟེན་ནས་གྱོད་གཞི་སྔོན་འགོག་ཚོད་འཛིན་བྱེད་པའི་ལས་དོན་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-07

    ལོ་འགོ་ནས་བཟུང་མི་དམངས་དངུལ་ཁང་ཉིང་ཁྲི་ཉིང་ལག་དངུལ་ཁང་གིས“ཤུགས་སྣོན་ལྔ”ལ་དམ་འཛིན་བྱ་རྒྱུ་གཙོ་བོར་བྱས་ནས་དངུལ་རྩའི་གྱོད་གཞིར་སྔོན་འགོག་ཚོད་འཛིན་བྱེད་པའི་ལས་དོན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ཡོད་པ་རེད།

    རྩ་འཛུགས་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། ཉིང་ཁྲི་ཉིང་ལག་དངུལ་ཁང་གི་ཏང་ཨུད་ཀྱིས་གྱོད་གཞིར་འགོག་ཟོན་བྱེད་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་གྱོད་གཞིར་དོགས་ཟོན་བྱེད་པའི་ལས་དོན་དེ་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་ནས་དུས་གཏན་འཁེལ་ངང་ནང་ཁུལ་ཚོད་འཛིན་ལས་དོན་ཚོགས་འདུ་འཚོག་གི་ཡོད་པ་རེད། ནང་ཁུལ་ཚོད་འཛིན་གཞུང་དོན་ཁང་གིས་ལས་སྒོའི་སྡེ་ཚན་གྱིས་ནང་ཁུལ་ཚོད་འཛིན་ལམ་སྲོལ་འཛུགས་སྐྱོང་བྱེད་པར་སྣེ་ཁྲིད་དང་སྒྲིག་འཛུགས་བྱེད་པ་དང་དུས་གཏན་འཁེལ་ངང་གལ་འགངས་ཆེ་བའི་ལས་གནས་དང་འགག་རྩའི་ལྷུ་ཚིགས་ལ་གྲལ་བཤེར་དང་། སྟོང་ཆ་མི་ལུས་པ། ཉེན་ཁར་དོགས་ཟོན་བཅས་བྱེད་ཀྱི་ཡོད་པ་རེད།

    ལམ་ལུགས་ལག་ལེན་བསྟར་རྒྱུར་ཤུགས་སྣོན་རྒྱག་པ། ལམ་ལུགས་ལག་ལེན་བསྟར་ཤུགས་ཆེ་རུ་གཏོང་རྒྱུར་དམ་འཛིན་བྱས་ནས་ལོ་འཁོར་གྱི་ལས་དོན་བཀོད་སྒྲིག་ཁྲོད་གྱོད་གཞི་དོགས་ཟོན་ལས་དོན་ལ་བཀོད་སྒྲིག་དང་དོན་འཁྱོལ་ཡག་པོ་བྱས་ནས་ལམ་ལུགས་གསེད་བཀྲོལ་དཔྱད་དཔོག་དང་། དོན་འཁྱོལ་འགན་ལེན། ལྟ་སྐུལ་ཞིབ་བཤེར། འགན་འཁྲི་བདའ་འདེད་སོགས་ལས་ཀའི་ལམ་སྲོལ་བཟོ་བ་དང་འཐུས་ཚང་དུ་བཏང་ནས་ཏང་དོན་དང་། སྲིད་དོན། སྲིད་འཛིན་ལས་དོན་བཅས་ཡོངས་བསྒྲགས་བྱ་རྒྱུར་སྐུལ་འདེད་བཏང་ནས་ལས་བཟོའི་རྟོགས་དབང་དང་། ཞུགས་དབང་། ལྟ་སྐུལ་བྱེད་དབང་བཅས་ཆེ་རུ་བཏང་སྟེ་ལས་བྱེད་ལས་བཟོས་ལམ་ལུགས་ལག་ལེན་བསྟར་བའི་རང་རྟོགས་རང་བཞིན་ཆེ་རུ་བཏང་ཡོད་པ་རེད།

    ཉེན་ཁ་གྲལ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་པ། “ལྟེ་བར་དམིགས་པ་དང་། ལས་སྒོར་ཉེ་བཅར། རྒྱུན་ཆད་མེད་པར་ལེགས་གཏོང་། དོ་དམ་ལ་ཤུགས་སྣོན”བཅས་ཀྱི་གྱོད་གཞི་སྔོན་འགོག་ཚོད་འཛིན་ལས་ཀའི་བསམ་ཕྱོགས་གཞིར་བཟུང“རིམ་པ་རེ་རེ་བཞིན་གསེད་བཀྲོལ་དང་ཆད་ལུས་ཞིབ་བཤེར་དང་སྟོང་ཆ་སྐོང་བ་དང་། ཞིབ་བཤེར་གྱི་ཐོག་ནས་བསླབ་བྱ་རྒྱག་པ་དང་རྨང་གཞི་བརྟན་གཏོང། ཆད་གཅོད་ལ་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་འགན་འཁྲི་དོན་འཁྱོལ་བྱེད་པ། མཐོར་གཏོང་ཕྱོགས་སྡོམ་དང་ནང་ཁུལ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ”བཅས་བྱ་ཐབས་གཙོ་བོར་བྱས་པའི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་མཐའ་འཁྱོངས་བྱས་ནས་ལས་དོན་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་གོང་འོག་མཉམ་འགུལ་བྱས་ཏེ་ལྟ་སྐུལ་གྱི་འགྲིལ་ཤུགས་ཤིག་ཆགས་པ་བྱས་ཐོག་འགན་འཁྲིའི་ལས་འཛོལ་དང་ཁྲིམས་འགལ་སྒྲིག་འགལ་གྱོད་གཞི་སྔོན་འགོག་ནུས་ལྡན་བྱས་ཡོད་པ་རེད།

    ལྟ་སྐུལ་གྱི་འགྲིལ་ཤུགས་ཆགས་པ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ལྟ་སྐུལ་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ནང་ཁུལ་ཚོད་འཛིན་གྱི་མཉམ་འབྲེལ་ཚོགས་འདུ་དང་ལྟ་སྐུལ་སྡེ་ཚན་གྱི་མཉམ་འབྲེལ་ཞིབ་བཤེར་ལམ་སྲོལ་བཟོས་ནས་ལྟ་སྐུལ་གྱི་སྤུས་ཚད་འགན་ལེན་བྱེད་ཅིང་། ནང་ཁུལ་རྟོག་ཞིབ་དང་མི་དོན་སོགས་སྡེ་ཚན་གྱི་ལྟ་སྐུལ་ཆ་འཕྲིན་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་མཉམ་འབྲེལ་ཚོགས་འདུ་སོགས་ཀྱི་ཐབས་ལ་བརྟེན་ནས་ཆ་འཕྲིན་སྤེལ་རེས་སྟེགས་བུ་སྐྲུན་པ་དང་ཆ་འཕྲིན་ཐོན་ཁུངས་མཉམ་དུ་ལོངས་སྤྱོད་ཐུབ་པ་དང་ལྟ་སྐུལ་ནུས་པ་ཆེ་རུ་བཏང་ཡོད་པ་རེད། ལྟ་སྐུལ་ཕན་འབྲས་བཀོལ་སྤྱོད་བྱ་ཤུགས་ཆེ་རུ་བཏང་ནས་ནང་ཁུལ་ཚོད་འཛིན་གྱི་ཉམས་ཞན་ལྷུ་ཚིགས་ལ་གཅིག་ཤེས་ཀུན་གྲོལ་ཐུབ་པ་བྱས་ཏེ་དུས་ཐོག་ཏུ་བྱ་ཐབས་སྤྱད་ནས་བཅོས་སྒྲིག་ཐུབ་པ་བྱེད་པ་དང་ལྟ་སྐུལ་བྱས་འབྲས་དེ་ཚན་པ་དེ་གའི་ནང་ཁུལ་ཚོད་འཛིན་བྱ་ཐབས་ལ་བསྒྱུར་བ་བྱས་ནས་ཚོད་འཛིན་དོ་དམ་ནུས་ལྡན་ཐུབ་པ་བྱེད་ཀྱི་ཡོད་པ་རེད།

    དག་ཐེར་དོན་འཁྱོལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ལྟ་སྐུལ་ཞིབ་བཤེར་དང་རྒྱུན་གཏན་གྱི་གྲལ་བཤེར་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་ལ་སྡེ་ཚན་ཁག་གིས་དག་ཐེར་དོན་འཁྱོལ་བྱས་ནས་གནས་པའི་གནད་དོན་དང་ཉེན་ཁ་དང་མངོན་མེད་རྐྱེན་ངན་དག་ཐེར་དོན་འཁྱོལ་བྱ་རྒྱུ་འགན་ལེན་བྱས་ཏེ་གྲལ་བཤེར་ཡང་ཡང་བྱས་ཀྱང་གནས་ཚུལ་ཡང་ཡང་ཐོན་པ་དང་གྲལ་བཤེར་བྱས་ཀྱང་སྒྱུར་བཅོས་མི་བྱེད་པའི་སྣང་ཚུལ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས་པ་དང་གླེང་མོལ་ལམ་ལུགས་དང་རྗེས་འདེད་ཞིབ་བཤེར་ལམ་ལུགས་ལག་ལེན་བསྟར་ནས་ནང་ཁུལ་ཚོད་འཛིན་དོ་དམ་དང་གྱོད་གཞིར་སྔོན་འགོག་ཚོད་འཛིན་བྱེད་པའི་བྱ་ཐབས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།