དབུ་ཤོག>གསར་འགྱུར།
  • མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་དམིགས་ས་དང་ཤུགས་རྒྱག་སར་བརྩི་རྒྱུ་མཐའ་འཁྱོངས་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-07

    བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།

    མེས་རྒྱལ་གཅིག་གྱུར་ནི་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་ཕན་མཐོ་ཤོས་ཡིན་ལ་མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡང་ཡིན། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་པའི་དྲང་ནུས་ཆེན་པོ་མཉམ་དུ་འདུས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་འགན་ལེན་གལ་ཆེན་མངོན་འགྱུར་ཧུར་ཐག་ཡོང་བ་བྱེད་དགོས་པ་དེ་རེད།

    ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་མིག་སྔའི་བོད་ཀྱི་ལས་དོན་ལ་འཕྲད་པའི་དུས་བབ་དང་ལས་འགན་ལ་དབྱེ་ཞིབ་གཏིང་ཟབ་བྱས་ནས་དུས་བབ་གསར་པའི་འོག་གི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཏང་གི་བོད་སྐྱོང་ཇུས་གཞི་ཆེན་མོ་མཐའ་འཁྱོངས་བྱས་ནས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་ཀའི་དམིགས་ས་དང་ཤུགས་རྒྱག་སར་བརྩི་དགོས་ཞེས་ནན་བཤད་བྱས་ཡོད། ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་དེས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་དེ་བོད་ཀྱི་ལས་དོན་གྱི་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་པ་དེར་འཐབ་ཇུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་པས་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་སློབ་སྦྱོང་ནན་ཏན་བྱེད་པ་དང་གོ་བ་གཏིང་ཟབ་བླངས་ནས་ཇི་མ་ཇི་བཞིན་དོན་འཁྱོལ་ཡག་པོ་བྱེད་དགོས།

    བོད་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ས་མདུན་མར་གནས་ཡོད། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་བྱུང་ཚེ་རྒྱལ་སྲིད་དར་ཞིང་མི་སེམས་མཐུན་པ་དང་ལས་རིགས་ཀུན་དར་ཞིང་རྒྱས་པ་ཞིག་ཡོང་ཐུབ། རང་སྐྱོང་ལྗོངས་དབུ་བརྙེས་ཚུན་ལོ་50རིང་རྒྱལ་སྤྱིའི་གནས་ཚུལ་ལ་འགྱུར་ལྡོག་ཇི་ལྟར་བྱུང་བ་དང་མདུན་སྐྱོད་བྱེད་པའི་འགྲོ་ལམ་ཐོག་དཀའ་ངལ་དང་ཉེན་ཁ་ཇི་ཙམ་འཕྲད་ཀྱང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་སྔ་ཕྱི་བར་གསུམ་དུ་མེས་རྒྱལ་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་འབྲེལ་བཅས་བྱས་པ་དང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཡོད།

    མིག་སྔར་རང་ལྗོངས་ལ་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་མི་དམངས་ཀྱི་དངོས་པོ་དང་རིག་གནས་ཀྱི་དགོས་མཁོ་དང་རྗེས་ལུས་ཀྱི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་དབར་གྱི་འགལ་བ་གཙོ་བོ་སྔར་བཞིན་གནས་པ་དང་དུས་མཚུངས་མི་རིགས་ཁག་གི་མི་དམངས་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་མཚོན་པའི་ཁ་ཕྲལ་ཕྱོགས་གཏོགས་དབར་གྱི་དམིགས་བསལ་འགལ་བ་ཡང་གནས་པས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་པ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པར་གནད་དོན་གསར་པ་དང་། གནས་ཚུལ་གསར་པ། འགྲན་སློང་གསར་པ་བཅས་རབ་དང་རིམ་པ་འཕྲད་པ་དང་ལས་འགན་དེ་བས་དཀའ་ཚེགས་ཆེན་པོ་ཡོད། དུས་བབ་གསར་པའི་འོག་གི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་པ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་སར་བརྩི་རྒྱུ་མཐའ་འཁྱོངས་བྱེད་དགོས།

    བོད་ནི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ས་གཙོ་བོ་ཡིན། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་ས་ཡིན་པས་ངེས་པར་དུ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་སྔ་ཕྱི་བར་གསུམ་དུ་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ཆབ་སྲིད་ལས་འགན་ཨང་དང་པོར་བརྩི་དགོས།

    ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པ”དང“བོད་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་ནས་བརྟན་ལྷིང་བཅས་མངོན་འགྱུར་ཧུར་ཐག་ཡོང་བ་བྱེད་དགོས”པའི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་མེས་རྒྱལ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་རྒྱུན་སྲིང་གཏིང་ཟབ་བྱེད་པ། མེས་རྒྱལ་གཅིག་གྱུར་དང་། རྒྱལ་ཁབ་བདེ་འཇགས། བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་བཅས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལ་གཞིགས་ནས་སྔ་ཙམ་དམ་འཛིན་དང་། ཆུང་ས་ནས་དམ་འཛིན། མགྱོགས་མྱུར་དམ་འཛིན། དམ་འཛིན་ཡག་པོ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་སྔར་བས་གཏིང་ཟབ་དང་། ཞིབ་ཚགས། ཏན་ཏིག ཡག་པོ་བཅས་བསྒྲུབས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཡུན་རིང་བདེ་འཁོད་འགན་ལེན་བྱེད་དགོས་པ། སྤྱི་ཚོགས་ངོས་ཀྱི་སྤྱི་ཡོངས་ཀྱི་འགོག་སྲུང་ཚོད་འཛིན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། ནུས་ལྡན་གྱི་ཁ་གཏད་འཇལ་བའི་བྱེད་ཐབས་སྤྱོད་པ། ཕྱོགས་ཐམས་ཅད་ལ་ཁྱབ་པའི་བདེ་འཇགས་འགོག་སྲུང་ཚོད་འཛིན་མ་ལག་སྐྲུན་པ། རང་ལྗོངས་ཀྱི་སྤྱི་ཚོགས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་ནས་བརྟན་ལྷིང་བཅས་སྲུང་སྐྱོང་ཏན་ཏིག་བྱེད་པ། བོད་ལྗོངས་འདི་ཉིད་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་ཞིག་ཏུ་དངོས་འབྲེལ་སྐྲུན་ཐུབ་པ་བཅས་བྱེད་དགོས།

    མི་རིགས་མཐུན་སྒྲིལ་ནི་འཕེལ་རྒྱས་ཡར་ཐོན་གྱི་རྨང་རྡོ་ཞིག་ཡིན། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་ས་ཡིན་པས་ངེས་པར་དུ་ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་གཏོང་བ། མི་རིགས་མཐུན་སྒྲིལ་ལ་དམ་འཛིན་ནན་པོ་བྱེད་དགོས། མི་རིགས་ཁག་གི་མང་ཚོགས་ཁྲོད་དུ་ཡང་དག་པའི་མེས་རྒྱལ་གྱི་ལྟ་བ་དང་མི་རིགས་ཀྱི་ལྟ་བ་བརྟན་པོར་འཛུགས་པ་དང་རྒྱ་རིགས་གྲངས་ཉུང་མི་རིགས་དང་ཁ་འབྲལ་ཐབས་མེད་པ་དང་། གྲངས་ཉུང་མི་རིགས་རྒྱ་རིགས་དང་ཁ་འབྲལ་ཁ་འབྲལ་ཐབས་མེད་པ། གྲངས་ཉུང་མི་རིགས་ཕན་ཚུན་ཡང་ཁ་འབྲལ་ཐབས་མེད་པ་བཅས་ཀྱི་བསམ་བློའི་འདུ་ཤེས་མི་སེམས་ལ་གཏིང་ཟབ་ཟུག་ཏུ་འཇུག་རྒྱུ་དེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རང་རྟོགས་ཀྱི་བྱ་སྤྱོད་དུ་འགྱུར་བ་བྱེད་དགོས་པ། བློ་བརྟན་འགྱུར་མེད་ངང་ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བའི་བརྗོད་བྱ་གཙོ་བོ་ཁོང་དུ་དམ་པོར་ཆུད་པ་བྱེད་པ། གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་། འཐུས་ཚང་། དོན་འཁྱོལ་བཅས་ཡག་པོ་བྱེད་པ། མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ། མི་རིགས་ཁག་གི་མི་དམངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་རྒྱུན་ཆད་མེད་པར་སྐྱེད་སྲིང་དང་གསོ་སྤེལ་བྱེད་པ། མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་བོད་ཀྱི་ཞི་མཐུན་བརྟན་ལྷིང་ཆེད་རྨང་གཞི་བརྟན་པོ་འདིང་བ་དང་རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་ཆེད་རྩ་བའི་འགན་ལེན་མཁོ་འདོན་བྱེད་དགོས།

    མི་དམངས་མང་ཚོགས་ནི་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་རྩ་བའི་རྒྱབ་རྟེན་སྟོབས་ཤུགས་དང་གཙོ་ཤུགས་དམག་ཡིན། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་ཀའི་དམིགས་ས་དང་ཤུགས་རྒྱག་ས་ཡིན་པས་ངེས་པར་དུ་མང་ཚོགས་ལམ་ཕྱོགས་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྤྱི་ཚོགས་དོ་དམ་ཞབས་ཞུ་དང་མང་ཚོགས་ལས་དོན་ཟུང་འབྲེལ་དམ་ཟབ་བྱེད་པ། དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བའི་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བཅས་བྱེད་དགོས་པ་དང་། སྟོབས་ཤུགས་གཅིག་ཏུ་འདུས་ནས་དམངས་ཕན་གྱི“བྱ་བ་དངོས་བཅུ”དང་དགོན་ཕན་གྲྭ་ཕན་གྱི་བྱེད་ཐབས་ཁག་ཡག་པོ་གཉེར་བ་དང་། གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པ། “སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གཏོད་འདེམས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་དང་ཞི་མཐུན་དཔེ་བཟང་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གཏོད་འདེམས་བྱེད་སྒོ་གཏིང་ཟབ་སྤེལ་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་འདེམས་བྱེད་སྒོ་གཏིང་ཟབ་སྤེལ་བ། མང་ཚོགས་ལ་བརྟེན་པ་དང་། མང་ཚོགས་སྐུལ་སློང་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། སྟོབས་ཤུགས་གཅིག་ཏུ་འདུ་བ། མི་སེམས་གཅིག་ཏུ་འདུ་བ་བཅས་བྱས་ནས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་འོད་སྟོང་འཕྲོ་བའི་ལེའུ་ཞིག་རྩོམ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།