དབུ་ཤོག>གསར་འགྱུར།
  • ལྷ་ས་གྲོང་ཁྱེར་བཟོ་ཚོང་ཅུས་ཀྱིས་ཐོ་བཀོད་ལམ་ལུགས་སྟབས་བདེ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-06

    198932_yis_1438750254929.jpg

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་བཟོ་ཚོང་ཅུས་ཀྱིས་ཐོ་བཀོད་ལམ་ལུགས་སྟབས་བདེ་ཅན་དང་སྒྱུར་བཅོས་ཀྱི་བྱ་ཐབས་ཁག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་བ་བརྒྱུད། ཁེ་ལས་ལ་དབང་ཆ་དངོས་སུ་གཤམ་སྤྲོད་བྱས་ནས་ལྷ་སའི་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། 2015ལོའི་ལོ་སྟོད་བར་གྲོང་ཁྱེར་ཡོངས་སུ་ཁྲོམ་རའི་བྱེད་པོའི་དུད་ཚང་47310ཡོད་པ་དང་ཐོ་བཀོད་མ་དངུལ་སྒོར་དུང་ཕྱུར་712ཟིན་པ། གསར་སྣོན་ཁྲོམ་རའི་བྱེད་པོའི་དུད་ཚང་8178ཟིན་ཞིང་། འདི་ནི་ཉེ་ཆར་ལྷ་ས་གྲོང་ཁྱེར་བཟོ་ཚོང་ཅུས་ཀྱི་ལས་དོན་མི་སྣས་ཁེ་ལས་ལ་ལས་སྒོ་སྒྲུབ་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།