དབུ་ཤོག>གསར་འགྱུར།
  • བློ་གཅིག་སེམས་གཅིག་གིས་དམངས་ལ་ཞབས་འདེགས་ཞུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-06

    རྒྱ་ཆེ་བའི་ཞིང་ཐང་དང་མཐའ་ཡས་པའི་རྩ་ཐང་གི་སྟེང་ན། རྒྱུན་དུ་ཁོང་ཚོའི་གྲིབ་གཟུགས་མཐོང་རྒྱུ་ཡོད། ཁོང་ཚོས་རྒྱུན་དུ་གྲོང་ཚོའི་ནང་དུ་བསྐྱོད་ནས་དམངས་ལ་ཏང་གི་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་བྱེད་པ་དང་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་ཁྱབ་སྤེལ་བྱེད་ཀྱི་ཡོད། ཁོང་ཚོས་ཞིང་འབྲོག་ཁུལ་གྱི་གཞི་རིམ་གྱི་འཐབ་ས་མདུན་མར་བསྐྱོད་ནས་ཞིང་གྲོང་གསར་པ་འཛུགས་སྐྱོང་གྱི་ཚ་རླབས་ཁྲོད་འབད་པ་བྱེད་བཞིན་ཡོད། ཁོང་ཚོས་ཆེས་ཕལ་པའི་ལས་གནས་ཐོག་ཆེས་འོད་སྟོང་འབར་བའི་བྱ་བཞག་སྤེལ་བཞིན་ཡོད། ཁོང་ཚོ་ནི་གྲོང་ཚོའི་ལས་བྱེད་མི་སྣའི་ཁྲོད་ཀྱི་ཆེས་ཕུལ་བྱུང་དག་ཡིན་རྐྱེན་ཁོང་ཚོའི་ལས་ཀའི་གྲུབ་འབྲས་ལེགས་པས་འདེམས་ཐོན་བྱུང་བའི་གྲོང་རྡལ་གྱི་སྤྱི་ཞབས་པ་དག་ཡིན།

    ཐོབ་ཐང་དང་གནས་འབབ་ཀྱི་འགྱུར་བ་ལས་ཁོང་ཚོའི་དམངས་ལ་ཞབས་འདེགས་ཞུ་བའི་བློ་རྩ་བརྟན་དུ་སོང་ཡོད་ལ། དེ་བས་ནན་ཏན་ངང་རྫོང་གྲོང་གྱི་སྲིད་ཇུས་དོན་འཁྱོལ་དང་། བརྟན་ལྷིང་སྲུང་སྐྱོང་། ཕྱུག་འགྱུར་སྣེ་ཁྲིད། ཁྲིམས་བཞིན་གྲོང་སྐྱོང་སོགས་ཀྱི་ནུས་པའི་ཐད་འཕེལ་རྒྱས་ཕྱིན་ཡོད་པ་རེད། དེར་བརྟེན་གྲོང་ཚོར་བཅར་བསྡོད་ལས་དོན་རུ་ཁག་དང་ལྷན་དུ་རྫོང་གྲོང་ནས་རྣམ་གྲངས་དང་མ་དངུས་གང་མང་ཐོབ་པ་བྱས་པའི་རྐྱེན་གྱིས་གྲོང་ཚོའི་མང་ཚོགས་རྣམས་ཀྱི་ཁས་ལེན་དང་བསྔགས་བརྗོད་ཆེན་པོ་ཐོབ་ཡོད་པ་རེད། དུས་མཚུངས་རང་ཉིད་དང་གྲོང་མིའི་བར་གྱི་འབྲེལ་ལམ་བེད་སྤྱད་ནས་གྲོང་མི་དང་གྲོང་ཚོའི་གནས་ཚུལ་རྒྱུས་ལོན་བྱས་ཏེ། དོན་དངོས་ཀྱི་གནས་ཚུལ་ལ་གཞིགས་ནས་དེ་དང་མཐུན་པའི་གྲོས་འགོ་བཏོན་ནས་དམངས་ལ་ཞབས་འདེགས་ལེགས་པོ་འགྲུབ་པས། གྲོང་མི་རྣམས་ཀྱིས་རང་ཉིད་ལ་གནས་ཚུལ་འཕྲད་སྐབས་ཁོང་ཚོའི་རོགས་སྐྱོར་ཐོབ་འདོད་བྱེད་ཀྱི་ཡོད་པ་རེད།

    བྲག་གཡབ་རྫོང་གིས་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་ཁྲོད་ནས་གྲོང་རྡལ་གཞུང་ཞབས་མི་སྣ་འདེམས་སྤེལ་བྱེད་འགོ་བཙུགས། སྲིད་ཇུས་འདི་ནི་སྲིད་གཞུང་གིས་ཕུལ་བྱུང་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅིར་འཛིན་པའི་ཁས་ལེན་ཞིག་ཡིན། དེས་ཆེས་ལེགས་པའི་ཐོག་ནས་གྲོང་ཚོར་ཞབས་འདེགས་ཞུ་བ་དང་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་བརྟན་ལྷིང་བཅས་ལ་རྨང་གཞི་བརྟན་པོ་གཏིང་ཡོད། གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་ཚོས་ཆེས་ལེགས་པའི་ཐོག་ནས་རང་ཉིད་ཀྱི་ལས་ཀའི་ཉམས་མྱོང་བེད་སྤྱད་ནས་སྤེལ། སྐྱོར། ཁྲིད་གསུམ་གྱི་ནུས་པ་ཆེན་པོ་ཐོན་ཐུབ་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།