དབུ་ཤོག>གསར་འགྱུར།
  • ལོ་སྟོད་དུ་ནག་ཆུའི་དཔལ་འབྱོར་བརྟན་པོའི་ངང་འཕར་ནས་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་42.75ཟིན་རྒྱུ་ཡིན་པ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-05

    ཉིན་ཤས་གོང་གསར་འགོད་པས་ནག་ཆུ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོ་ནས་བཟུང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ནག་ཆུ་ས་ཁུལ་གྱིས་བརྟན་པོའི་ངང་འཕར་བ་དང་། གྲུབ་ཆ་ལེགས་སྒྲིག སྒྱུར་བཅོས་ལ་སྐུལ་འདེད། དམངས་འཚོར་ཕན་འདོགས་པ། བརྟན་ལྷིང་འགན་ལེན་བཅས་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབས་པས་ས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་བརྟན་པོའི་ངང་འཕར་བའི་རྣམ་པ་བཟང་པོ་ཞིག་མངོན་ཡོད།

    ཟླ་དང་པོ་ནས་དྲུག་པ་བར་ས་ཁུལ་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་42.75ཟིན་རྒྱུ་ཡིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་13331.97ཟིན་རྒྱུ་དང་གྲོང་གསེབ་ཀྱི་གྲོང་མིའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་2315.24ཟིན་རྒྱུ་རེད། ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར་2.83ཟིན་པ་དང་། སྤྱི་པའི་ནོར་སྲིད་སྔོན་རྩིས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་1.94ཟིན་པ། ས་ཁུལ་ཡོངས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་7.4ཟིན་པ། བཅོལ་དངུལ་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་195.15ཟིན་པ། དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་58.82ཟིན་པ་བཅས་བྱ་རྒྱུ་རེད།

    དུས་ཚིགས་དང་པོ་ནས་གཉིས་པ་བར་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་ལ་བལྟས་ན། ནག་ཆུ་ས་ཁུལ་གྱི་དཔལ་འབྱོར་སྟོན་གྲངས་གཙོ་བོ་དེ་ན་ནིང་གི་དུས་མཚུངས་དང་བསྡུར་ན། བརྟན་པོའི་ངང་འཕར་ཡོད། དེའི་ནང་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་14.43%འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དང་གྲོང་གསེབ་ཀྱི་གྲོང་མིའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་22.5%དང་21.8%སོ་སོར་འཕར་བ། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་30.72%འཕར་བ། ཁྲལ་བསྡུའི་ཡོང་འབབ་17.61%འཕར་བ། སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་76.6%འཕར་བ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་2.5%འཕར་བ་བཅས་རེད། གཙོ་བོ་མ་འཇོག་གི་སྐུལ་ཁྲིད་ནུས་པ་མངོན་གསལ་དོད་པ་དང་། སྒྱུར་བཅོས་གསར་གཏོད་རིམ་བཞིན་གཏིང་ཟབ་ཏུ་འགྲོ་བ། ཐོན་ལས་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་ཕྱིན་པ། རྫོང་ཁོངས་དཔལ་འབྱོར་རིམ་བཞིན་འཁྲུག་ཆ་དོད་པ། ཚོང་འགུགས་མ་འདྲེན་རིམ་བཞིན་ཚད་ལྡན་དུ་སོང་བ། དམངས་འཚོ་ལེགས་གཏོང་ལ་སྐུལ་འདེད་ཆེན་པོ་ཐེབས་པ། སྤྱི་ཚོགས་བྱ་གཞག་ཁྱོན་ཡོངས་ནས་འཕེལ་རྒྱས་ཕྱིན་པ། སྣོད་བཅུད་སྲུང་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་ཐེབས་པ། འཕེལ་རྒྱས་ཁོར་ཡུག་ཆེས་ཆེར་ལེགས་སུ་ཕྱིན་པ། སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་ཡིན་པ་བཅས་ནས་མཚོན་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།