དབུ་ཤོག>གསར་འགྱུར།
  • མི་རིགས་ཀྱི་མི་ཉམས་པའི་བསམ་པའི་ཤུལ་བཞག་ལེགས་པར་སྲུང་དགོས།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-05

    མི་རིགས་ཤིག་གི་བསམ་པའི་ཁྱབ་ཁོངས་སུ་དཔའ་བོ་ནི་ཆེས་མངོན་གསལ་དོད་ཤོས་ཀྱི་མཚོན་རྟགས་ཤིག་རེད། དཔའ་བོའི་མཚན་སྙན་ལས་གཟི་བརྗིད་དང་དགའ་སྐྱོ་གཉིས་ལྡན་གྱི་མི་རིགས་ཀྱི་ལོ་རྒྱུས་མངོན་ཞིང་། དཔའ་བོའི་བརྗིད་ཆགས་གཞུང་དྲང་གི་སྤྱོད་བཟང་བསྐལ་བརྒྱར་གནས་ཚེ་འབྱུང་འགྱུར་ཕྱོགས་སུ་མདུན་སྐྱོད་བྱེད་པའི་ལམ་བུར་འོད་སྣང་འཕྲོ་ངེས་ཡིན།

    ཉིན་ཤས་བསྟུད་མར་་ལོ་རྒྱུས་འཁྱོག་བཤད་དང་དཔའ་བོར་དམའ་འབེབས་དང་ཟུར་ཟ་བྱེད་པའི་གནས་ཚུལ་ལ་དམིགས་ཏེ“དཔའ་བོའི་མཚན་སྙན་སྲུང་བའི”རང་རྟོགས་བྱ་སྤྱོད་ཅིག་དམག་སྒར་དང་། སློབ་གྲྭ སྨྱན་སྦྱོར་བཅས་ཁག་ཏུ་གཅིག་རྗེས་གཉིས་མཐུད་ངང་སྤེལ་འགོ་ཚུགས་ཡོད། སྤྱི་ཚོགས་ལས་རིགས་ཁག་གི་དྲང་བདེན་འཛིན་མཁན་མི་སྣས་དོན་དངོས་གཞི་འཛིན་སར་བྱས་ནས་དཔའ་བོའི་མཚན་སྙན་ལ་འཁྱོག་བཤད་དང་། རྒྱལ་ཁབ་ཀྱི་ལོ་རྒྱུས་དང་། ཏང་གི་ལོ་རྒྱུས། དམག་དོན་ལོ་རྒྱུས་བཅས་ལ་འཁྱོག་བཤད་བྱེད་རིགས་ལ་དགག་རྒྱག་སུན་འབྱིན་ནུས་ལྡན་བྱས་པ་དང་། ལོ་རྒྱུས་ལ་ཕྱིར་དྲན་བྱེད་པའི་བརྒྱུད་རིམ་ནང་གནས་ཚུལ་དབྱེ་ཞིབ་དང་གནས་ལུགས་རྒྱུ་མཚན་ལེགས་པར་དྲངས་ཏེ་ན་གཞོན་མི་རབས་ཚོར་ཡང་དག་པའི་ལོ་རྒྱུས་ལྟ་བའི་སློབ་གསོ་ཞིག་ཐེབས་པར་བྱས་ཡོད། དེ་དང་ཆབས་ཅིག་ལོ་རྒྱུས་ཀྱི་དོན་དངོས་མངོན་པར་བྱས་ནས་དོན་དངོས་ལ་བརྩི་འཇོག་དང་དཔའ་བོའི་མཚན་སྙན་ལེགས་པར་སྲུང་བའི་སྤྱི་ཚོགས་ཀྱི་རིན་ཐང་ལྟ་བ་གཙོ་བོའི་སློབ་གསོ་གཏོང་བའི་བརྒྱུད་རིམ་ནང་སྔོན་གཤེགས་དཔའ་བོའི་མཛད་རྗེས་དང་སྤྱོད་བཟང་མངོན་རྒྱུ་རྒྱུན་འཛིན་བྱས་ཡོད།

    དཔའ་བོ་ནི་མི་རིགས་ལོ་རྒྱུས་ཀྱི་འགྱུར་མེད་བླ་སྲོག་ལྟ་བུ་ཞིག་ཡིན་པ་དང་མི་རིགས་ཤིག་གི་བསམ་པའི་སྙིང་སྟོབས་ཀྱི་མཚོན་ཚུལ་ཞིག་ཡིན་ཞིང་། དེ་ལས་མི་གྲངས་ལས་འདས་པའི་ཕུགས་འདུན་དང་དད་སེམས་མངོན་ལ་་མི་རབས་མང་པོ་ཞིག་གིས་ལང་ཚོ་སྐྱེས་སུ་འབུལ་རྒྱུ་དང་འབད་འཐབ་ལྷོད་མེད་བྱེད་རྒྱུར་སྐུལ་ལྕག་བྱས་ཡོད། “མཁས་མཛངས་དམག་དཔོན་བཀོལ་སྤྱོད་བྱེད་ཐུབ་ན་། བཙན་འཛུལ་གཤེད་མའི་ཚུར་རྒོལ་འཇོམས་པར་ནུས”ཞེས་པའི་དཔའ་ཉམས་དང་། “བྱེ་རླུང་ཁྲོད་དུ་ཁྲབ་གྱོན་ལན་བརྒྱ་འཐབ། ལུའོ་ལན་མ་བླངས་བར་དུ་ཕྱིར་མི་ལོག”ཅེས་པའི་ཡིད་སྐྱོ་ཞིང་བརྗིད་ཉམས་ལྡན་པའི་རྣམ་པ་བཅས་ལས་མི་མང་པོ་ཞིག་གི་དཔའ་ངར་ཞུམ་མེད་དང་འབད་འབུངས་ཧུར་ལེན་གྱི་བློ་སྟོབས་དང་སྙིང་རུས་འཕེལ་བར་བྱས་ཡོད། དབྱང་ཅིན་ཡུས་དང་། ཕུང་ཞོལ་ཕུང་། ཏུང་ཚུན་རུའེ། ཆིའུ་ཧྲའོ་ཡུན། ཧོང་ཅི་ཀོང་། “ལང་ཡ་རི་བོའི་དཔའ་རྒོད་ལྔ”སོགས་ཀྱི་དཔའ་ངར་ཆེ་བའི་མཛད་རྗེས་ལས་མི་མང་པོ་ཞིག་གི་དྲང་བདེན་ཆེད་དུ་རང་སྲོག་དོར་བ་དང་མེས་རྒྱལ་གྱི་བཀའ་དྲིན་འཇལ་བའི་བརྗིད་ཉམས་ལྡན་པའི་ངང་ཚུལ་ལ་སྐུལ་ལྕག་ཐེབས་ཡོད།

    དཔའ་བོའི་སྐུལ་ལྕག་མེད་པའི་མི་ཚེ་དེ་ཇི་འདྲའི་རིན་ཐང་མེད་པ་ཞིག་དང་དཔའ་བོའི་རོགས་ཟླ་མེད་པའི་འཚོ་བ་ནི་ཇི་འདྲའི་ཁ་ཕྱོགས་མེད་པ་ཞིག་རེད་ཨང་། དཔའ་བོ་ནི་མི་དམངས་ཁྲོད་ནས་ཐོན་པ་དང་མི་དམངས་ལ་དཔའ་བོ་དེ་བས་དགོས་མཁོ་ཆེ། “དཔའ་བོ་མེད་པའི་མི་རིགས་ནི་ཡ་ང་བའི་བྲན་གཡོག་ཚོགས་སྤྱི་ཞིག་དང་དཔའ་བོ་ཡོད་ཀྱང་དེར་བརྩི་འཇོག་མི་བྱེད་པའི་མི་རིགས་ཤིག་ནི་སྐྱོབ་ཐབས་བྲལ་བའི་དུད་འགྲོའི་ཚོགས་སྤྱི་ཞིག་རེད།”གལ་ཏེ་ལོ་ཟླའི་བརྒྱུད་རིམ་ནང་མཛད་རྗེས་ལྷག་པར་ཆེ་བའི་བདེན་འཛིན་མི་སྣའི་ལྷག་བསམ་བྱ་སྤྱོད་བརྗེད་པ་དང་ལོ་རྒྱུས་ཀྱི་དོན་སྟོང་རིང་ལུགས་ལ་བརྟེན་ནས་ང་ཚོས་དད་པ་བྱེད་པའི་དཔའ་བོ་དང་ཕུལ་དུ་བྱུང་བའི་རིག་གནས་སྲོལ་རྒྱུན་དོར་ཚེ་ང་ཚོས་མི་རིགས་ཀྱི་གདེང་ཚོད་གང་དུ་འཚོལ་བར་སྐྱོད་དམ། གང་དུ་བསྐྱོད་དེ་མདུན་སྐྱོད་ལམ་བུའི་ཐོག་དཀའ་ངལ་ལ་མི་སྐྲག་པའི་བསམ་པའི་སྒུལ་ཤུགས་འཚོལ་ལམ།

    “མི་དམངས་ལ་དད་སེམས་ལྡན་པ་དང་། རྒྱལ་ཁབ་ལ་སྟོབས་ཤུགས་ལྡན་པ། མི་རིགས་ལ་རེ་བ་ལྡན་པ”བཅས་ཀྱི་ད་ཆའི་ཀྲུང་གོ་དེ་ཉིད་དཀའ་ངལ་སྣ་ཚོགས་ཁྱད་བསད་ཀྱིས་རླབས་ཆེན་བསྐྱར་དར་གྱི་རྒྱང་སྐྱོད་ལམ་བུའི་ཐོག་སྐྱོད་བཞིན་མཆིས། དཔའ་བོའི་མཚན་སྙན་སྲུངས་ནས་མི་རབས་རྗེས་མའི་སེམས་ཁམས་སུ་དཔའ་བོའི་རིག་གནས་ཀྱི་མེ་སོན་རྒྱུན་འཛིན་གྱིས་མི་རིགས་ཤིག་གི་དཔའ་ངར་ཞུམ་མེད་ཀྱི་གཞུང་སེམས་རྣམ་དག་འཇགས་པ་བྱེད་པར་ཤེས་དཔལ་སྤྱི་ཚོགས་ཀྱི་རིན་ཐང་ལྟ་བ་སྲུང་དགོས་ལ་མི་རིགས་ཀྱི་བསམ་པའི་ཉམས་འགྱུར་མི་ཉམས་པའི་མེ་ལྕེ་དེ་བས་རྒྱུན་འཛིན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།