དབུ་ཤོག>གསར་འགྱུར།
  • ཁྱད་ལྡན་དང་ལེགས་ཆ་ལྡན་པའི་ཐོན་ལས་སྟོབས་ཆེར་བཏང་བ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-05

    ལོ་50ཡི་རིང་བོད་ཀྱི་བཟོ་ལས་དཔལ་འབྱོར་གྱི་སྤྱིའི་གྲངས་འབོར་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། མེད་པ་ནས་ཡོད་པ་དང་ཡོད་པ་ནས་ལེགས་པའི་བར་འཕེལ་རྒྱས་ཕྱིན་ཏེ་ལེགས་ཆའི་གཏེར་ཁའི་ཐོན་ལས་དང་། ཨར་སྐྲུན་དང་ཨར་ལས་རྒྱུ་ཆའི་ལས་རིགས། མི་རིགས་ལག་ཤེས་བཟོ་ལས། བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས་བཅས་ཀྱིས་འདེགས་སྐྱོར་དུ་བྱེད་པའི་བོད་ཀྱི་ཁྱད་ལྡན་གྱི་བཟོ་ལས་མ་ལག་རགས་ཙམ་ཆགས་ཡོད། བཟོ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་1965ལོའི་སྒོར་དུང་ཕྱུར་0.09ནས་2014ལོའི་སྒོར་དུང་ཕྱུར་150བར་མང་དུ་ཕྱིན་ཡོད།

    198516_yis_1438664085309.jpg

    འདི་ནི་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་ལ་སླེབས་པའི་རང་ལྗོངས་ཀྱི་ཨར་འདམ་ཐོན་སྐྱེད་བརྒྱུད་རིམ་ལྡན་པའི་ཁེ་ལས་ཤིག་ཡིན་པ་དང་།

    198515_yis_1438664085106.jpg

    འདི་ནི་དུས་རབས་གོང་མའི་ལོ་རབས་60པའི་ལྷ་སའི་ཨར་འདམ་བཟོ་གྲྭ་ཞིག་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།