དབུ་ཤོག>གསར་འགྱུར།
  • ཀུན་སྤྱོད་དཔེ་བཟང་ཅན་ལ་སློབ་སྦྱོང་བྱས་ཏེ་དྲང་ནུས་མཚོན་པ་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-04

    དུས་རབས་འདིའི་ནང་ཀུན་སྤྱོད་དཔེ་བཟང་ཅན་གྱི་མིག་དཔེ་ངེས་པར་དགོས་ལ།   ཁོང་ཚོའི་གཏམ་རྒྱུད་ལས་དྲང་ནུས་ཤུགས་ཆེན་འདོན་ཐུབ་པས།   ཁོང་ཚོའི་དཔེ་བཟང་གི་གཏམ་རྒྱུད་ཁྲོད་ནས་ཀུན་སྤྱོད་ཀྱི་འོད་སྟོང་འཕྲོ་བ་དང་སྙིང་སྟོབས་ཀྱི་སྟོབས་ཤུགས་ཤིག་མྱོང་ཐུབ་ཀྱི་ཡོད།    ཀུན་སྤྱོད་དཔེ་བཟང་ནི་དུས་རབས་ཀྱི་གདོང་ལེན་པ་དང་སྤྱི་ཚོགས་ཀྱི་མིག་དཔེ་ཞིག་ཡིན་པས།  དེར་བླ་ན་མེད་པའི་ཀུན་སྤྱོད་ཀྱི་རྒྱུ་གཤིས་དང་མི་རྣམས་ཀྱིས་དགའ་མགུ་ཡིད་རངས་བྱེད་པའི་ཀུན་སྤྱོད་ཀྱི་བྱ་སྤྱོད་ཞིག་ལྡན་ཡོད།    དཔེ་བཟང་དེས་མི་གཞན་ལ་དཔེ་སྟོན་གྱི་ནུས་པ་ལྡན་ཡོད་ལ།  སྐུལ་མ་དང་ཁྲིད་སྟོན་གྱི་ནུས་པ་ཡང་ལྡན་ཡོད་པས།   སྤྱི་ཚོགས་ཁྱོན་ཡོངས་ཀྱི་ཀུན་སྤྱོད་ཆུ་ཚད་ལ་ཤུགས་རྐྱེན་ཆེན་པོ་ལྡན་ཡོད། ང་ཚོས་སྦྱངས་དགོས་པ་དང་སྒྲུབ་དགོས་པ་དེ་ང་ཚོའི་སློབ་སྦྱོང་བྱེད་སའི་མིག་དཔེ་དང་དཔེ་སྟོན་ཞིག་ཡིན།  ཀྲུང་གོ་གསར་པ་དབུ་བརྙེས་པའི་དུས་འགོར།   ཀུན་སྤྱོད་དང་ངལ་རྩོལ་དཔེ་བཟང་མི་སྣ་འབོར་ཆེན་ཞིག་ཐོན་ཡོད་དེ།  ལེ་ཧྥེང་དང་ཏེང་ཅྰ་ཞན།  ཝང་ཅེན་ཞིའི།   ཅའོ་ཡུས་ལུའུ་སོགས་ཁོང་ཚོའི་རླབས་ཆེན་གྱི་སྙིང་སྟོབས་ཀྱིས་མི་རབས་ནས་མི་རབས་བར་གྱི་མི་རྣམས་ལ་སྐུལ་མ་ཐེབས་ཡོད་ལ།   ད་བར་དུ་ང་ཚོས་སློབ་སྦྱོང་བྱེད་བཞིན་མཆིས།

    ཀུན་སྤྱོད་དཔེ་བཟང་ཅན་ལ་སློབ་སྦྱོང་བྱེད་པ་ནི་ཁོང་ཚོའི་མི་སེམས་འགུལ་བའི་བྱ་སྤྱོད་ལ་སློབ་སྦྱོང་མ་ཡིན་པར།  ཆེས་བླ་ན་མེད་པའི་བསམ་པའི་ཁྱེར་བཟོ་དེར་སློབ་སྦྱོང་བྱ་རྒྱུ་ཡིན་པས།   གཞན་ཕན་སྒྲུབ་རྒྱུ་ཡིན་ནའང་འདྲ་བདེན་པའི་རྒྱབ་ལངས་ཡིན་ནའང་འདྲ།  དེ་བཞིན་རྒན་བཀུར་གཉེན་སྐྱོང་ངམ་ཡིད་རྟོན་ལས་བརྩོན་གང་འདྲ་ཞིག་ཡིན་རུང་ཁོང་ཚོའི་ལུས་ཐོག་ནས་འཕྲོག་པའི་འོད་དང་སེམས་འགུལ་ཐེབས་པའི་དཔེ་མཚོན་མཛད་རྗེས།  དེ་བཞིན་བླ་ན་མེད་པའི་མི་སྒེར་གྱི་ཡ་རབས་སྤྱོད་ལམ་སོགས་ལས་ང་ཚོས་ཁོང་ཚོར་སྙིང་དབུས་ནས་གུས་བཏུད་ཞུ་དགོས་ངེས་ཡིན།    སྤྱི་ཚོགས་ཀྱི་འདུ་ཤེས་སྣ་མང་ཅན་གྱི་དུས་འདིར།   ཀུན་སྤྱོད་ཉམས་སད་ལ་ཐུག་པའི་དོན་དངོས་གནས་ཚུལ་འོག   ཁོང་ཚོས་ཀུན་སྤྱོད་ཀྱི་དད་སེམས་བརྟན་སྲུང་བྱས་ཏེ།    དོན་དངོས་ཀྱི་ལག་ལེན་ལ་བརྟེན་པ་དང་།   ཀྲུང་ཧྭའི་སྲོལ་རྒྱུན་དར་སྤེལ་བྱས་ཏེ་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་བྱས་ཡོད།   དེས་སྤྱི་ཚོགས་མཐུན་སྒྲིལ་ལ་དགའ་བ།    དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་ལྡན་པ།   ཕན་ཚུན་རོགས་རམ་དང་།  ཚུལ་ལྡན་གྱི་མི་ཞིག་བྱེད་དགོས་པའི་གླེང་ཕྱོགས་ཀྱི་རྣམ་པ་ལེགས་པོ་ཞིག་བསྐྲུན་ཡོད།    དེར་བརྟེན།  རྒྱུན་གཏན་འཚོ་བའི་ཁྲོད།   སྤྱི་དམངས་མི་རེ་ངོ་རེས་གཞི་རྩའི་ཀུན་སྤྱོད་ཚད་ལྡན་དེ་རང་འགུལ་ངང་སྒྲུབ་དགོས་པ་དང་ཧུར་ཐག་གིས་ཀུན་སྤྱོད་བློ་སྦྱོང་དེ་མཐོ་རུ་བཏང་སྟེ།   ཏན་ཏན་ཏིག་ཏིག་གིས་ལས་ཀ་རེ་རེ་བཞིན་སྒྲུབ་པ་མ་ཟད་མི་གཞན་ལ་བདེ་སྐྱིད་བསྐྲུན་པ་དང་ཆབས་ཅིག་རང་ཉིད་ལ་སྤྲོ་སྣང་སྦྱིན་ཐུབ།   ང་ཚོས་མི་ཚང་མ་ལེགས་སྐྱེས་ཕུལ་རྒྱུར་དགའ་བ་དང་།   ལྷག་བསམ་རྣམ་དག་གིས་གཞན་ལ་བསྟུན་པ།   ཞི་བདེར་མཐོང་ཆེན།   ཀུན་སྤྱོད་བཟང་པོ་མཛེས་པར་བརྩིས་པ་དེ་ནི་བདེ་སྐྱིད་དང་ལྡན་པའི་སྤྱི་ཚོགས་ཞིག་ཡིན་པ་སྨྲོས་མི་དགོས།   

    ཀུན་སྤྱོད་དཔེ་བཟང་ཚང་མར་སེམས་འགུལ་ཐེབས་པའི་ལོ་རྒྱུས་རེ་ཡོད་པས།  ཁོང་ཚོ་ནི་ང་ཚོའི་ཉེ་འགྲམ་གྱི་ཆེས་སྤྱིར་བཏང་གི་མི་ཞིག་ཡིན་ལ་ང་ཚོར་སེམས་འགུལ་ཆེ་ཤོས་སྤྲོད་མཁན་ཞིག་ཀྱང་ཡིན།  ཁོང་ཚོ་ནི་ང་ཚོས་རྒྱ་ཁྱབ་ཏུ་སློབ་སྦྱོང་བྱེད་སའི་མིག་དཔེ་ཡིན་པ་མ་ཟད།  ཁོ་ཚོའི་སྙིང་སྟོབས་ཀྱི་གཤིས་རྒྱུད་ནི་ང་ཚོས་བསམ་བློ་དང་ཀུན་སྤྱོད་འཛུགས་སྐྱོང་གི་རྩ་ཆེའི་རྒྱུ་ནོར་ཞིག་ཡིན།  ཁོང་ཚོའི་བྱས་རྗེས་ལས་དེ་བས་མང་བའི་མི་རྣམས་ལ་ཤུགས་རྐྱེན་དང་སྣེ་ཁྲིད་ནུས་པ་འདོན་ཐུབ་ལ།   སྤྱི་ཚོགས་ཡོངས་ལ་དྲང་ནུས་ཞིག་མཁོ་འདོན་བྱེད་ཐུབ་པས་དྲང་ནུས་དེ་དག་ནི་ང་ཚོའི་ཉེ་འཁོར་གྱི་མི་ཕལ་པ་དང་གནས་ཚུལ་དཀྱུས་མ་ཤ་སྟག་རེད།   

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།