དབུ་ཤོག>གསར་འགྱུར།
  • "རྒྱུད་གཅིག་ལམ་གཅིག"གིས་བོད་ཀྱི་མཆོང་སྐྱོང་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-04

    བོད་ནི་ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་གནས་མཆོག་གྲས་ཤིག་ཡིན་པ་དང་འདིར་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་རང་བྱུང་གི་བཀོད་པ་དང་། ཕུན་སུམ་ཚོགས་པའི་ཐོན་ཁུངས། ལོ་རྒྱུས་ཡུན་རིང་ལྡན་པའི་རིགས་གནས་བཅས་དེ་དག་གིས་བོད་མི་རིགས་ཀྱི་ཁྱད་ཆོས་དེ་གྲུབ་ཡོད། བོད་ལ་སྒྱུར་བཅོས་སྒོ་དབྱེ་བྱས་པ་ནས་བཟུང་། ཏང་ཀྲུང་དབྱང་གི་ཐུགས་འཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་འོག  བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ལ་མིག་མཐོང་ལག་ཟིན་གྱིས་གྲུབ་འབྲས་ཆེན་པོ་ཐོབ་ཡོད་པ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་སྔར་བས་གོང་མཐོར་ཕྱིན་ཡོད། གྲུབ་འབྲས་འདི་དག་ནི"རྒྱུད་གཅིག་ལམ་གཅིག"སྟེ་གོ་ལ་ཡོངས་ཀྱི་མི་གྲངས་ཕྱེད་ཙམ་གྱི་ཐབས་ཇུས་དེ་དང་ཁ་བྲལ་ཐབས་མེད་ལ་དེས་བོད་ལྗོངས་ས་ཁུལ་དུ་ལས་དོན་ཁག་གོང་འཕེལ་གཏོང་རྒྱུར་གོ་སྐབས་བཟང་པོ་ཞིག་མཁོ་འདོན་བྱས་ཡོད།

    "རྒྱུད་གཅིག་ལམ་གཅིག"ནི་ཀྲུང་གོའི་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་དང་དཔལ་འབྱོར་འཛམ་གླིང་ཅན་གྱི་རྒྱབ་ལྗོངས་ཆེན་པོའི་འོག མིག་སྔའི་རྒྱལ་ཕྱི་རྒྱལ་ནང་གི་དུས་བབ་གསར་པར་གཞིགས་ནས་བཏོན་པའི་ས་ཁོངས་དཔལ་འབྱོར་མཉམ་ལས་ཀྱི་གལ་ཆེའི་བསམ་བཀོད་ཞིག་ཡིན།  བོད་ནི་ལོ་རྒྱུས་ཐོག་གི་ལྷོ་ཕྱོགས་དར་གོས་འགྲུལ་ལམ་དང་། ཐང་བོད་གནའ་ལམ། ཇ་རྟའི་གནའ་ལམ་བཅས་ཀྱི་འགྲུལ་བཞུད་བྱེད་མཁན་ཆེས་མང་ཤོས་དང་། ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་བར་གྱི་འགྲོ་འོང་བྱེད་སའི་གལ་ཆེའི་ལམ་བུ་ཞིག་ཡིན་པས"རྒྱུད་གཅིག་ལམ་གཅིག"གི་བསམ་བཀོད་ཀྱི་གོ་སྐབས་གཙོ་བོ་དེ་དམ་འཛིན་བྱས་ནས་འགྲིམ་འགྲུལ་དང་། ཚོང་དོན།  དངུལ་རྩ། ནུས་པའི་འབྱུང་ཁུངས། དེང་རབས་ཟོག་འགྲེམས་བྱ་བཞག་བཅས་ཀྱི་ཁྱབ་ཁོངས་ལ་མཆོང་སྐྱོང་ལྟ་བུའི་འཕེལ་རྒྱས་མངོན་གྱུར་ཡོང་བ་དང་སྤྱི་ཚོགས་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་གཏོང་རྒྱུར་སྐུལ་སྤེལ་བཏང་ཡོད།  བོད་ཀྱི་ལྷོ་བྱང་གི་ངོས་དང་དར་གོས་འགྲུལ་ལམ་གྱི་དཔལ་འབྱོར་དར་ཁུལ་གཉིས་མཉམ་དུ་མཐུད་པ་དང་། ལྷོ་ཕྱོགས་དང་"དུས་རབས་ཉེར་གཅིག་གི་མཚོ་ཐོག་དར་གོས་འགྲུལ་ལམ"གཉིས་ཨེ་ཤེ་ཡ་ལྷོ་མའི་མཚོ་རྒྱུད་ཁུལ་དུ་མཉམ་འཛོམས་བྱེད་པ་དེས་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་སྒོ་དབྱེའི་ཐབས་ཇུས་དེ་ཕུན་སུམ་ཚོགས་སུ་དང་ཆ་ཚང་དུ་ཕྱིན་ཡོད་པ་མངོན། "རྒྱུད་གཅིག་ལམ་གཅིག"གི་བསམ་བཀོད་དེས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་འགུལ་ནུས་ཆེན་པོ་བསྣན་ཡོད་པ་དང་། བོད་ཀྱི་འཕེལ་རྒྱས་ལ་སྔར་བྱུང་མྱོང་མེད་པའི་གོ་སྐབས་ཞིག་སྐྲུན་ཡོད་པ་རེད། གོ་སྐབས་དེ་དམ་འཛིན་བྱེད་ཐུབ་མིན་ལས་བོད་ཀྱི་འཕེལ་རྒྱས་ཏེ"རྒྱུད་གཅིག་ལམ་གཅིག"ཞེས་པའི་བསམ་བཀོད་ཀྱི་འཕེལ་རྒྱས་འཆར་བཀོད་ནང་དུ་འདྲེས་ནས་བོད་ལྗོངས་མཆོང་སྐྱོང་ལྟ་བུའི་འཕེལ་རྒྱས་མངོན་གྱུར་ཡོང་བ་དང་བོད་ཀྱི་ཡུན་རིང་འཕེལ་རྒྱས་ཡོང་རྒྱུར་འབྲེལ་བ་དམ་ཟབ་ལྡན།

    བོད་ཀྱིས་གོ་སྐབས་དམ་འཛིན་དང་ཡུལ་ཁམས་ཀྱི་དགེ་མཚན་འདོན་སྤེལ་བྱས་ནས"རྒྱུད་གཅིག་ལམ་གཅིག"གི་བསམ་བཀོད་ཀྱི་སྐུལ་འདེད་ཁྲོད་འཕེལ་རྒྱས་ཀྱི་བར་སྟོང་རྒྱ་ཆེར་གཏོང་བ་དང"འགྲིམ་འགྲུལ་དང་། ཚོང་དོན། དངུལ་རྩ། ཡུལ་སྐོར། ནུས་པའི་འབྱུང་ཁུངས། ཟོག་འགྲེམས"སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ནས་ལས་དོན་སྤེལ་དགོས། མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་ནས་བོད་ཀྱི་ལྟ་ན་སྡུག་ལ་ཡིད་དབང་འཕྲོག་པའི་མཛེས་ལྗོངས་དེ་འཛམ་བུ་གླིང་དུ་མངོན་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།