དབུ་ཤོག
  • གཟའ་འཁོར་འདིའི་གནམ་གཤིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-04

    གཟའ་འཁོར་འདིར་རང་ལྗོངས་སུ་གནམ་འཐིབ་ནས་ཆར་པ་མང་ཙམ་འབབ་རྒྱུ་དང་གནམ་གཤིས་བསིལ་པོ་ཡོད་པ།

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ(ཟླ་8ཚེས་3ཉིན་ནས་ཟླ་8ཚེས་9ཉིན་བར)

    གཟའ་ཟླ་བ་དང་མིག་དམར་ལ། གཞིས་རྩེ་དང་། ལྷ་ས། ལྷོ་ཁ། ཉིང་ཁྲི། ནག་ཆུ་བཅས་སུ་ཆར་པ་ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ་དང་། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་ས་ཆ་རེ་ཟུང་ལ་ཆར་པ་སིམ་སིམ་མམ་ཡང་ན་འབྲུག་ཆར་འབབ་རྒྱུ གཟའ་ལྷག་པ་ནས་པ་སངས་བར། གཞིས་རྩེ་དང་། ལྷ་ས། ལྷོ་ཁ། ཉིང་ཁྲི། ནག་ཆུ། ཆབ་མདོ་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བ་བར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་ཆེན་པོ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་ཆར་པ་སིམ་སིམ་མམ་ཡང་ན་འབྲུག་ཆར་འབབ་རྒྱུ། གཟའ་མཇུག་ཉིན་གཉིས་ནང་གཞིས་རྩེ་དང་། ལྷ་ས། ལྷོ་ཁ། ཉིང་ཁྲི་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་ཆར་པ་སིམ་སིམ་མམ་ཡང་ན་འབྲུག་ཆར་འབབ་རྒྱུ་དང་ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ།

    གཉིས། གྲོས་འགོ

    1.གཟའ་འཁོར་འདིར་ཞིང་ཁུལ་གཙོ་བོར་ཆར་ཆུ་འབབ་རྒྱུ་ཡིན་པ་དེས་ས་རྒྱུའི་བཞའ་ཚན་ཆེ་རུ་གཏོང་རྒྱུར་ཕན་ཐོགས་ཡོད་མོད། འོན་ཀྱང་གཞིས་རྩེའི་ནུབ་རྒྱུད་དུ་སྔར་བཞིན་ཆར་ཆུ་འབབ་ཉུང་བས་ཞིང་ཁུལ་དུ་ཞིང་ཆུ་འདྲེན་པ་དང་ཞིང་ནང་དུ་གཡོག་བྱེད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

    2.རང་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་ཡོམ་ཁུལ་གྱི་ཆ་ཤས་སུ་འདམ་རྡོའི་ཆུ་རུད་དང་རི་ཉིལ་བ་སོགས་ས་གཤིས་གནོད་འཚེ་ཐོན་རྒྱུར་དོགས་ཟོན་བྱེད་དགོས་པ་དང་འབྲེལ་ཡོད་ལམ་དུམ་བུར་འགྲོ་འོང་བྱེད་མཁན་འཁོར་རིགས་ཀྱིས་གཟབ་ནན་ངང་རླངས་འཁོར་བཏང་སྟེ་འགྲིམ་འགྲུལ་བདེ་འཇགས་འགན་ལེན་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།