དབུ་ཤོག>གསར་འགྱུར།
  • ད་ཕན་ལོ་ལྔའི་རིང་བོད་ཀྱི་འགན་བཅོལ་ལས་རིགས་ཀྱི་ཆ་སྙོམས་ལོ་ལྟར་འཕར་ཚད་26.8%ཟིན་པ།

  • ཡོང་ཁུངས།  ​ ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-08-04

    གསར་འགོད་པས་ཚེས་2ཉིན་འཚོགས་པའི་འགན་བཅོལ་ལས་རིགས་ཀྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བཞུགས་མོལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2010ལོ་ནས་བཟུང་བོད་ཀྱི་འགན་བཅོལ་ལས་རིགས་ཀྱི་ཆ་སྙོམས་ལོ་ལྟར་འཕར་ཚད་26.8%ཟིན་ནས་འཕར་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་ཆེས་ཆེར་མཐོ་བ་ཡོད་པ་དང་ལྗོངས་ཡོངས་ཀྱི་འགན་བཅོལ་ཚགས་དམ་ཚད་མི་རེར་སྒོར་27ནས་མི་རེར་སྒོར་371བར་མཐོ་རུ་སོང་ཡོད།

    ཤེས་རྟོགས་བྱས་པར་གཞིགས་ན། འགན་བཅོལ་སྒྲིག་གཞི་རྒྱུན་ཆད་མེད་པ་སྟོབས་ཆེར་དང་འགན་བཅོལ་ཁྱབ་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་ཆབས་ཅིག་འགན་བཅོལ་གྱི་སྣ་ཁ་དང་ཞབས་ཞུ་རིམ་བཞིན་འཐུས་ཚང་དུ་ཕྱིན་ནས་བོད་དུ་རང་གི་ཁྱད་ཆོས་ལྡན་པའི་ས་ཁོངས་ཀྱི་འགན་བཅོལ་ཁྲོམ་རའི་སྒྲིག་གཞི་ཞིག་རགས་ཙམ་ཆགས་ཡོད་ཅིང་། གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན། 2014ལོར་བོད་ཀྱི་ལས་འགན་བཅོལ་ལས་རིགས་ཀྱི་འགན་བཅོལ་ཡོང་འབབ་སྒོར་དུང་ཕྱུར་12.76ཟིན་ནས་11.6%འཕར་བ་དང་གུན་འཇལ་གྱི་འགྲོ་གྲོན་སྒོར་དུང་ཕྱུར་6.06ཟིན་ནས་8.4%འཕར་ཡོད། ད་ལོའི་ལོ་སྟོད་དུ། བོད་ཀྱི་འགན་བཅོལ་ཁྲོམ་རར་ཐོག་མའི་འགན་བཅོལ་གྲོན་དངུལ་ཡོང་འབབ་སྒོར་དུང་ཕྱུར་9.58ཟིན་པ་དེ་དུས་མཚུངས་ལས་32.9%འཕར་ཡོད་པ་དང་། རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་13.7གྱི་མཐོ་བ་ཡོད། ལྗོངས་ཡོངས་ཀྱི་རྒྱུ་ནོར་ཁྱོན་བསྡོམས་སྒོར་དུང་ཕྱུར་9.86ཟིན་ནས་ལོ་འགོ་ལས་51.0%འཕར་ཡོད། ད་ཕན་ལོ་ལྔའི་རིང་། ལྗོངས་ཡོངས་ཀྱི་འགན་བཅོལ་ལས་རིགས་ཆ་སྙོམས་ལོ་ལྟར་འཕར་ཚད་དེ་བོད་ཀྱི་GDPའཕར་བའི་མྱུར་ཚད་ལས་རྦད་དེ་མགྱོགས་པ་ཡོད།

    གཞན་ཡང་བོད་ཀྱི“ཞིང་གསུམ”འགན་བཅོལ་ལས་རིགས་ཀྱི་ཚད་གཞི་མཐོར་གཏོང་དང་གཞི་རྒྱ་ཆེར་གཏོང་བཞིན་ཡོད། བོད་ཀྱི་སྲིད་ཇུས་རང་བཞིན་གྱི་ཞིང་ལས་འགན་བཅོལ་དེ་2007ལོར་འགོ་ཚུགས་པ་དང་དེའི་རིང་གཉེར་སྐྱོང་བྱེད་སྟངས་ལེགས་སྒྲིག་ཐེངས་མང་བྱས་པ་དང་རིམ་རྩིས་བརྒྱབ་ན། གུན་གསབ་སྒོར་དུང་ཕྱུར་བདུན་ལས་བརྒལ་བ་སྤྲད་ཡོད་པ་དང་མིག་སྔར་ས་ཁོངས་དང་། འགན་འཁྲི། འགན་བཅོལ་རིགས་བཅས་ཚང་མར་ཁྱབ་ཡོད།

    བོད་ཀྱི་འགན་བཅོལ་ལས་རིགས་འགོ་ཚུགས་ཕྱི་བ་དང་། གཞི་ཁྱོན་ཆུང་བ། སྤྱི་ཚོགས་ཀྱི་ཉེན་ཁའི་འདུ་ཤེས་ཟབ་མོ་མེད་པས། སྔར་བཞིན་འཕེལ་རྒྱས་ཀྱི་ཐོག་མའི་དུས་ཀྱི་འགོ་ཚུགས་པའི་དུས་རིམ་དུ་གནས་ཡོད། 2012ལོའི་ཟླ་བརྒྱད་པར་འགན་བཅོལ་ལས་རིགས་ལྟ་སྐུལ་ཚོགས་པ་དང་བོད་རང་སྐྱོང་ལྗོངས་སྲིད་གཞུང་དབར《བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་མཉམ་ལས་དྲན་ཐོར》མིང་རྟགས་བཀོད་པ་དང《བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི〈དེང་དུས་འགན་བཅོལ་ཞབས་ཞུའི་ལས་རིགས་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག〉ལག་བསྟར་དོན་འཁྱོལ་གྱི་ལག་བསྟར་བསམ་འཆར》འདི་ལོའི་ཟླ་བ་བཞི་པར་བཏོན་ཞིང་། དེ་ནི་བོད་ཀྱིས་བཏོན་པའི་འགན་བཅོལ་གྱི་ཆེད་དོན་སྲིད་ཇུས་དང་པོ་རེད། བྱ་ཐབས་དེ་དག་བཏོན་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་འགན་ལེན་བྱེད་པའི་ཐད་ནུས་པ་ཧ་ཅང་ཆེན་པོ་ཐོན་ཡོད། འོན་ཏེ་ཕྱོགས་འགའ་ཞིག་ཐད་སྔར་བཞིན་ཤུགས་སྣོན་རྒྱག་དགོས།

    བོད་ཀྱི་འགན་བཅོལ་ལས་རིགས་འཕེལ་རྒྱས་གཏོང་བའི་དམིགས་ཚད་ནི་2020ལོར་སླེབས་སྐབས་འགན་བཅོལ་འགྲོ་གྲོན་གྱི་ཡོང་འབབ་དང་འགན་བཅོལ་ལས་རིགས་ཀྱི་སྤྱིའི་རྒྱུ་ནོར་སྒོར་དུང་ཕྱུར་40དང་སྒོར་དུང་ཕྱུར་20སོ་སོར་ཟིན་པ་དང་། འགན་བཅོལ་གྱི་ཚགས་དམ་ཚད་མི་རེར་སྒོར་1200ཟིན་པ། འགན་ལེན་ཁྱོན་ཡོངས་དང་། བདེ་འཇགས་བརྟན་པོ། ཡིད་རྟོན་ཚད་ལྡན་བཅས་རྩ་བའི་ཆ་ནས་ཆགས་པ་བྱ་རྒྱུ་མ་ཟད། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་དང་མི་དམངས་མང་ཚོགས་ཀྱི་དགོས་མཁོ་དང་འཚམས་པའི་དེང་རབས་འགན་བཅོལ་ཞབས་ཞུའི་ལས་རིགས་སྤྱིར་ན་འཛུགས་རྒྱུ་དེ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།