དབུ་ཤོག>གསར་འགྱུར།
  • དམངས་སེམས་དམངས་འདོད་ནི་སྲིད་གཞུང་གི་ཞབས་ཞུར་ ཞིབ་བཤེར་བྱེད་པའི་རྡོ་ཀ་ཤུ་ཁ་ལྟ་བུ་རེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-03

    ཁྱིམ་ནས་མི་ཐོན་པར་དྲ་རྒྱ་ནས་འགྲིམ་འགྲུལ་གྱི་ལས་དོན་སྒྲུབ་ཆོག ཉེ་ཆར་སྤྱི་བདེ་པུས་བཏོན་པའི་རྣམ་གྲངས་130ལྷག་ཙམ་ཆ་ཚང་ཚུད་པའི་དྲ་སྦྲེལ་འགྲིམ་འགྲུལ་བདེ་འཇགས་ཕྱོགས་བསྡུས་ཞབས་ཞུ་དོ་དམ་སྟེགས་བུ་བཏོན་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་མ་ཐག་གླེང་ཕྱོགས་ཀྱི་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་རེད། སྤྱི་བདེ་པུའི་སྒྱུར་བཅོས་བྱ་ཐབས་དེ་ལས་ཐོན་པའི་དགེ་མཚན་ལྡན་པའི་ཕན་འབྲས་ཀྱིས་དམངས་སེམས་དམངས་འདོད་ནི་སྲིད་གཞུང་གི་ཞབས་ཞུ་གསར་གཏོད་ལ་ཞིབ་བཤེར་བྱེད་པའི་རྡོ་ཀ་ཤུ་ཁ་ལྟ་བུ་ཡིན་པ་མཚོན་གྱི་ཡོད།

    འགྲིམ་འགྲུལ་བདེ་འཇགས་ཀྱི་ཞབས་ཞུ་དང་དོ་དམ་ལས་དོན་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད། ད་ཡོད་འཕྲུལ་སྒུལ་འཁོར་ལོ་དུང་ཕྱུར་2.71དང་། ཁ་ལོ་བ་དུང་ཕྱུར་3.12ཀྱིས་རྒྱལ་ཡོངས་སུ་ལས་སྒོ་ཁག་དུང་ཕྱུར་7ལྷག་ཙམ་སྒྲུབ་དགོས་པ། ད་ཕན་ལོ་ལྔའི་རིང་ཆ་སྙོམས་ལོ་ལྟར་འཕར་ཚད་10%ལས་བརྒལ་བ་སོགས་གཞི་གྲངས་དེའི་རྒྱབ་ཏུ་ཞབས་ཞུའི་དོ་དམ་གྱི་སྤྲོད་མཁོའི་འགལ་བ་ཇེ་ཆེར་འགྲོ་བ་མཚོན་གྱི་ཡོད། ལས་སྒོ་ཉིན་བཞིན་མང་དུ་འགྲོ་གི་ཡོད། འོན་ཏེ་ཉེན་རྟོག་པའི་ཐོན་ཁུངས་ལ་ཚད་ཡོད་ཅིང་། ས་ཁུལ་མི་ཉུང་བ་ཞིག་གིས་ལས་ཀའི་དུས་ཚོད་རིང་དུ་གཏོང་བ་དང་གུང་གསེང་དང་ངལ་གསོའི་དུས་ཚོད་བློས་གཏོང་བ་སོགས་ཀྱི་བྱ་ཐབས་སྤྱད་ནས་ཞབས་འདེགས་ཞུ་ཡི་ཡོད་མོད། འོན་ཏེ་ཡར་འགྲོ་མར་འགྲོ་མང་བ་དང་། སྒུག་པའི་དུས་ཚོད་རིང་བ། འགྲོ་ལུགས་རྙོག་འཛིང་ཆེ་བ་སོགས་ཀྱི་གནད་དོན་ནུས་ལྡན་ངང་ཐག་གཅོད་བྱེད་ཁག་པོ་ཡོད།

    མང་ཚོགས་ཀྱི་རེ་འབོད་ལ་སྲིད་གཞུང་གིས་ཡ་ལན་སྤྲོད་དགོས། སྐབས་དང་བསྟུན་ནས་ཐོན་པའི་དྲ་སྦྲེལ་འགྲིམ་འགྲུལ་བདེ་འཇགས་ཕྱོགས་བསྡུས་དོ་དམ་ཞབས་ཞུའི་སྟེགས་བུས་གནད་དོན་དེ་དག་ཐག་གཅོད་ཐུབ་རེ་ཡོད། ཁ་ལོ་བའི་རྒྱུགས་སྤྲོད་དང་འཁོར་བཤེར་སྔོན་ནས་མངགས་པ་ནས་ཨང་རྟགས་སྤྲོད་པ་དང་ལག་ཁྱེར་ལེན་པ། ཁྲིམས་འགལ་ཐག་གཅོད་དང་། དངུལ་ཆད་སྤྲོད་པ་དང་། ཆ་འཕྲིན་འདྲི་བཤེར་དང་དྲན་སྐུལ་བྱས་པ་ནས་ཆ་འཕྲིན་ཡོངས་བསྒྲགས་དང་གཙོ་གནད་དོ་དམ། ཐ་ན་འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་དང་ལས་སྒོའི་བློ་འདྲི་བ་སོགས་སྤྱི་བདེ་པུའི་དྲ་སྦྲེལ་སྲིད་དོན་སྟེགས་བུའི་རིགས་ཆེ་བ་བཅུ་དང་ཞབས་ཞུའི་རྣམ་གྲངས་130ལྷག་ཙམ་གྱིས། རྒྱུན་གཏན་གྱི་འཚོ་བ་དང་འབྲེལ་བ་ཆེན་པོ་ཡོད་པའི་མང་ཚོགས་ཀྱི་དགོས་མཁོ་སྐོང་བ་དང་ཆབས་ཅིག ས་ཁམས་ཀྱི་ཚོད་འཛིན་གཏོར་བ་དང་ཁྱད་པར་ཅན་གྱི་ཞབས་ཞུ་བཏོན་ཏེ་དྲ་ཐོག་དང་དྲ་འོག་མཐུད་འབྲེལ་ཐུབ་ནས། “དཀའ་གནད་རྙིང་པ”ལ་དེ་ལྟར“ལམ་བུ་གསར་པ”བཏོད་ཡོད།

    སྲིད་དོན་སྒྱུར་བཅོས་བྱེད་པར་ངེས་པར་དུ་དམངས་ལ་སྟབས་བདེ་དང་ཕན་པ་བསྐྲུན་རྒྱུ་དམིགས་ཡུལ་ཨང་དང་པོར་འཇོག་དགོས། དེ་དང་འདྲ་བའི་དྲ་སྦྲེལ་འགྲིམ་འགྲུལ་བདེ་འཇགས་ཕྱོགས་བསྡུས་ཞབས་ཞུའི་དོ་དམ་སྟེགས་བུའི་དྲ་ཐོག་སྲིད་དོན་བྱ་ཐབས་དེ་ས་གནས་མང་པོ་དང་སྡེ་ཚན་མང་པོས་ཚོད་ལྟ་བྱེད་མྱོང་ཡོད་མོད། འོན་ཀྱང་ཕན་འབྲས་གཅིག་པ་མིན། དྲ་སྦྲེལ་སྟེགས་བུ་ལ་ལས་ལོ་མང་རིང་ནང་དོན་གསར་པ་བཏོན་མེད་སྟབས“མཚོན་རྟགས་ལས་གྲྭ”ལ་གྱུར་པ་དང་། ལ་ལའི་བཀོལ་སྤྱོད་རྙོག་འཛིང་ཆེ་བར་བརྟེན་མི་རྣམས་སྤྱོད་བདེ་པོ་མེད་པ། སྲིད་དོན་སྟེགས་བུའི་དོ་དམ་མི་སྣས་དམངས་འདོད་ལ་སྣང་ཆུང་བྱེད་ཀྱི་ཡོད། དེའི་ཐོག་ནས་དྲ་རྒྱའི་སྲིད་དོན་སྟེགས་ལ་བུ་འཛུགས་སྐྲུན་ཡག་པོ་བྱེད་དགོས་པ་མ་ཟད། སྲུང་སྐྱོང་ཡག་པོ་དང་དོ་དམ་ཡག་པོ་དེ་བས་བྱེད་དགོས་པ་མཐོང་ཐུབ། དཔྱད་བསྡུར་བྱེད་པའི་ཚད་གཞི་ནི་སྟེགས་བུ་དེ་དག་གིས་མང་ཚོགས་ལ་དངོས་འབྲེལ་བདེ་བ་སྐྲུན་ཐུབ་མིན་དང་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་མིན་ལ་ལྟ་དགོས། དེར་བརྟེན་སྤྱི་བདེ་པུས་བཏོན་པའི་དྲ་སྦྲེལ་ཞབས་ཞུ་130ལྷག་ཙམ་ཆ་ཚང་ཚུད་པའི་དྲ་སྦྲེལ་འགྲིམ་འགྲུལ་བདེ་འཇགས་ཕྱོགས་བསྡུས་ཞབས་ཞུའི་དོ་དམ་སྟེགས་བུ་དེས་ཡང་སྙིང་མང་ཚོགས་ལ་སྟབས་བདེ་སྤྲོད་ཐུབ་མིན་དང་མང་ཚོགས་ཀྱི་བློ་ཡིད་ཚིམ་མིན་དེ་དོན་དངོས་ཀྱི་ཐོག་ནས་མངོན་དགོས་པས་སྤྱི་དམངས་ཀྱིས་རེ་སྒུག་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།