དབུ་ཤོག>གསར་འགྱུར།
  • དམངས་གཙོ་གཞི་རིམ་ལ་རྩ་བ་ཚུགས་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་ཐུབ་པ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-02

    མི་དམངས་མང་ཚོགས་ལ་ཞབས་འདེགས་ཡག་པོ་ཞུ་དགོས་པ་དང་། སྤྱི་ཚོགས་ཀྱི་ཁོར་ཡུག་བཅོས་སྐྱོང་ཡག་པོ་བྱེད་དགོས་པ། དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྡུ་དགོས་པ་བཅས་ཀྱི་ཐད་གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་གྱིས་ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་འདོན་སྤེལ་གང་ལེགས་བྱེད་དགོས། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཁང་གིས་ཉེ་ཆར《གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་གྱི་གྲོས་མོལ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་ནས་2020ལོར་གྲོས་མོལ་གྱི་གྲུབ་ཆ་གཙོ་བོ་རྒྱ་ཆེར་གཏོང་བ་དང་། ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། རྣམ་པ་སྣ་ཚོགས་ཡིན་པ། གོ་རིམ་ཚན་རིག་དང་མཐུན་པ། ལམ་ལུགས་འཐུས་སྒོ་ཚང་བ། ཕན་འབྲས་མངོན་གསལ་དོད་པ་བཅས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་གྱི་གྲོས་མོལ་གྱི་རྣམ་པ་གསར་པ་ཞིག་གཞི་རྩའི་ཆ་ནས་ཆགས་པ་བྱེད་དགོས། དམིགས་ཚད་དེ་མངོན་འགྱུར་བྱེད་པར་གཞི་རིམ་ལ་རྩ་བ་ཚུགས་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་ནི་དམངས་གཙོའི་ལྡོག་མེད་ཀྱི་བླང་བྱ་ཡིན་ཞེས་བསྟན་ཡོད།

    བཟོ་ལས་ཅན་དང་། ཆ་འཕྲིན་ཅན། གྲོང་ཁྱེར་དང་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་གསར་པར་སྐུལ་འདེད་གཏིང་ཟབ་བཏང་བ་དང་ཆབས་ཅིག་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད་པ་དང་ཕན་འབྲས་ཀྱི་གྲུབ་ཆ་གཙོ་བོ་སྣ་མང་ཅན་དང་ཁེ་ཕན་རེ་ཞུ་སྣ་མང་ཅན་གྱི་རྣམ་པ་མངོན་ཡོད། མིག་སྔར་རྒྱལ་ཡོངས་སུ་གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ནང་ཐད་ཀར་ཞུགས་པའི་གྲོང་གསེབ་ཀྱི་གྲོང་མི་ཧ་ལམ་དུང་ཕྱུར་6ཙམ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་དུང་ཕྱུར་3ལས་བརྒལ་ཡོད། གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་གྱི་གྲོས་མོལ་ལ་སྐུལ་འདེད་གཏོང་བ་དེས་འཕེལ་རྒྱས་ཁྲོད་དངོས་ཡོད་དཀའ་ངལ་དང་གནད་དོན་ཐག་གཅོད་བྱེད་པ་དང་། འགལ་བ་དང་རྩོད་གཞི་སེལ་རྒྱུར་ཕན་པ་ཡོད་ལ་སྒྱུར་བཅོས་ཀྱི་སྙིང་སྟོབས་འཕེལ་བ་བྱས་ཏེ་སྒྱུར་བཅོས་ཀྱི་ཐུན་མོང་ངོས་འཛིན་ཆགས་པ་དང་། སྒྱུར་བཅོས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུ་བ། སྒྱུར་བཅོས་ཀྱི་བྱ་ཐབས་དོན་འཁྱོལ་བཅས་ལའང་ཕན་པ་ཡོད།

    དམངས་གཙོ་དེ་གཞི་རིམ་ལ་རྩ་བ་ཚུགས་པ་དང་མང་ཚོགས་དང་མཐུན་འདྲེས་བྱས་ཚེ་གཞི་ནས་གསོན་ཤུགས་ལྡན་ཐུབ། དེ་སྔ་དང་བསྡུར་ན་སྤྱི་དམངས་ཀྱི་གནས་སྡོད་དེ་ལས་ཀའི་ཁོར་ཡུག་དང་མི་སྒེར་གྱི་ཁེ་ཕན་རེ་ཞུ་ཚང་མ་དང་གཅིག་མཚུངས་ཁྲོད་མི་མཚུངས་པའི་ཆ་ལྡན་ཡོད། གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་དབར་ཕྱོགས་ཁག་གི་ཁེ་ཕན་དང་འབྲེལ་བའི་སྟོབས་ཤུགས་བསྡུ་རྒྱུའི་གྲོས་མོལ་བྱས་ཚེ་སྤྱི་ཚོགས་ཡོངས་ཀྱི་བསམ་འདུན་དང་རེ་བའི་སྤྱིའི་བགོ་གྲངས་གཞི་ནས་འཚོལ་ཐུབ། ས་ཆ་བསྡུ་བ་དང་བཤིག་སྤོའི་གནད་དོན་ལ་དཔེ་བཞག་ན་ཐག་གཅོད་འཚམ་པོ་མ་བྱུང་ཚེ“གཞན་གནོད་རང་ཕན”གྱི་ཁེ་ཕན་འཕྲོག་རེས་བྱེད་སླ་བ་དང་། ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཛ་དྲག་ཏུ་དང་སྤྱི་ཚོགས་ཀྱི་འགལ་བ་ཆེ་རུ་འགྲོ་སྲིད། དེའི་ཐག་གཅོད་བྱ་ཐབས་ནི་སྲིད་གཞུང་དང་། གྲོང་མི། གསར་སྤེལ་ཚོང་དུད་སོགས་ཁེ་ཕན་ཡོད་པའི་འབྲེལ་ཡོད་ཕྱོགས་དབར་མཉམ་དུ་གནད་དོན་འཚོལ་བ་དང་བྱ་ཐབས་བཙལ་ནས་དམངས་གཙོའི་གྲོས་མོལ་བྱེད་རིང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྡུས་ཏེ་སྡེ་ཁུལ་གྱི་བཅོས་སྐྱོང་ཐད་འཕེལ་རྒྱས་བཟང་པོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།

    ཉི་མ་ནི་རུལ་འགོག་སྨན་ཡག་ཤོས་ཤིག་རེད། གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་གྱི་གྲོས་མོལ་དེའང་མང་ཚོགས་ཀྱི་འགྲམ་དུ་ཐོན་པའི་རུལ་སུངས་སྔོན་འགོག་བྱེད་པའི་སྨན་བཟང་ལེགས་ཤོས་ཤིག་རེད། 1999ལོར་ཀྲེ་ཅང་དབུན་ལིང་གི་དམངས་གཙོའི་སྙིང་གཏམ་ཤོད་པའི་ཚོགས་འདུའི་ལམ་ལུགས་བཙུགས་ཚུན་གྲོས་མོལ་དམངས་གཙོའི་རྣམ་པ་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་ཡོད། དཔེར་ན“ནང་ཞུགས་རྣམ་པའི་སྔོན་རྩིས”ཏེ། སྤྱི་དམངས་ཀྱིས་ནོར་སྲིད་སྔོན་རྩིས་སྒྲིག་བཟོ་དང་། ཐོག་མའི་ཞིབ་རྩིས། སྔོན་རྩིས་ལག་བསྟར་བརྒྱུད་རིམ་བཅས་ཀྱི་ལྟ་སྐུལ་ནང་ཞུགས་པ་དེ་ཡིན། དཔེར་ན་གཞུང་དོན་རླངས་འཁོར་ཉོ་སྒྲུབ་དང་རྨང་གཞིའི་འགྲོ་ལམ་ལེགས་གཏོང་སོགས་ཀྱི་ཐབས་ཇུས་སོགས་ཚང་མ་སྔོན་ལ་སྤྱི་དམངས་དང་གྲོས་མོལ་བྱས་ཏེ་ཞུགས་མཁན་གྱི་ལུགས་མཐུན་གྲོས་འགོ་བསྡུ་དགོས། དེ་ལྟར་བྱས་ཚེ་ཚད་ལྡན་གྱི་སྲིད་གཞུང་གི་སྔོན་རྩིས་དེ་སྤྱི་དམངས་ལ་ཁ་གསལ་བཤད་དེ“རྩིས་ཐོ་རྙོག་དྲ”གཏན་འགོག་ནུས་ལྡན་ཐུབ་ནས་ཆབ་སྲིད་སྣོད་བཅུད་ཀྱི་སྲོལ་བཟང་སྤྱོད་བཟང་མངོན་འགྱུར་ཡོང་ཐུབ་ལ་མི་དམངས་ཀྱི་སྒྱུར་བཅོས་ཀྱི“ཕན་པ་ཐོབ་པའི་ཚོར་སེམས”ཀྱང་ཆེ་རུ་འགྲོ་ཐུབ།

    དམངས་ཀྱི་བསམ་འདུན་དང་འཚམ་ཚེ་ཕུགས་ཕན་ཐོབ་སྲིད། རིམ་ཁག་ཏང་ཡོན་ལས་བྱེད་པས་དམངས་གཙོ་དང་འཐམ་འཁྱུད་བྱེད་ཕོད་པ་བྱས་ནས་མི་དམངས་ཀྱི་གྲུབ་ཆ་གཙོ་བོའི་གནས་བབ་ལ་བརྩི་འཇོག་བྱེད་པ་དང་། མི་དམངས་ཀྱི་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་བྱེད་པ། མི་དམངས་དགེ་རྒན་ལ་བརྟེན་པ་བཅས་བྱས་ཏེ་ཕྱོགས་ཁག་གི་ངེས་ཤེས་གཏིང་ཆོད་ཚང་མ་ཐབས་ཇུས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་སྤྱོད་པ་དང་། ཐབས་ཇུས་དང་ལས་ཀ་དེ་བས་ལེགས་པའི་སྒོ་ནས་དམངས་ཀྱི་བསམ་འདུན་དང་འཚམ་པ་དང་དོན་དངོས་དང་འཚམ་པ་བྱེད་དགོས།

    དམངས་གཙོ་མངོན་འགྱུར་གྱི་རྣམ་པར་རྒྱལ་ཁབ་ཀྱི་གནས་ཚུལ་མི་འདྲ་བར་གཞིགས་ཏེ་སྣ་མང་རང་བཞིན་ལྡན་ཡོད། རང་རྒྱལ་གྱི་ས་ཆར་གཞི་ཚུགས་པ་དང་མི་དམངས་ཀྱི་ཕུན་སུམ་ཚོགས་པའི་བློ་གྲོས་བསྡུ་ལེན་བྱེད་པའི་ལམ་ལུགས་ལྡན་ཚེ་གཞི་ནས་བློས་འགེལ་ཤོས་དང་སྤྱོད་གོ་ཆོད་ཤོས་ཤིག་རེད། གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་འདོན་སྤེལ་གང་ལེགས་བྱས་ནས་ཀྲུང་གོའི་གྲོས་མོལ་དམངས་གཙོའི་ལམ་ལུགས་དེ་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞི་ཚུགས་པ་དང་། དམངས་འཚོར་དོ་སྣང་བྱེད་པ། སྒྱུར་བཅོས་ཤུགས་ཆེན་བྱེད་པ་བཅས་ཀྱི་དངོས་སྒྲུབ་ལམ་བུའི་ཐོག་དེ་བས་ལེགས་པའི་སྒོ་ནས་སྐྱོད་ཐུབ་པ་བྱེད་དགོས་པ་དང་། ཏང་གི་སྲིད་སྐྱོང་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་ཆེར་བཏང་སྟེ་མི་དམངས་ལ་བདེ་སྐྱིད་དེ་བས་མང་བ་སྐྲུན་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།