དབུ་ཤོག>གསར་འགྱུར།
  • ལོ་རྒྱུས་ཀྱི་གདམ་ག—མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-31

    འདི་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་50འཁོར་བ་དང་། བོད་ལྗོངས་འདི་ཉིད་དཔལ་འབྱོར་འཕེལ་རྒྱས་མགྱོགས་མྱུར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཕྱིན་པའི་ལོ་ངོ་50ཡང་ཡིན། ལོ་ངོ་50ཡི་ལག་བསྟར་ཁྲོད་ནས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ནི་རང་རྒྱལ་གི་དོན་དངོས་དང་མཐུན་པ་དང་བོད་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཐུན་པའི་ལམ་ལུགས་ཞིག་ཡིན་པ་ར་སྤྲོད་ཐུབ་ཡོད། དེང་དུས་ཀྱི་བོད་ལྗོངས་ནི་ཆབ་སྲིད་ཡར་ཐོན་དང་དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་འཆམ་མཐུན། སྐྱེ་ཁམས་ལེགས་པ། རིག་གནས་ཡར་ཐོན། མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་ཞིང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་བྱུང་ཡོད་པ་ནི་ཚང་མིག་མཐོང་ལག་ཟིན་རེད། དེས་སྲོལ་རྒྱུན་དང་དེང་རབས་ཀྱི་འོད་མདངས་ཕན་ཚུན་འཕྲོ་བའི་བོད་ལྗོངས་གསར་པ་ཞིག་མི་རྣམས་ཀྱི་མིག་མདུན་དུ་མངོན་པར་བྱས་ཡོད།

    འདི་ལོའི་ཟླ་6པའི་ཚེས་25ཉིན་བོད་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་ལས་དོན་ཁང་གི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་མི་རིགས་ཆོས་ལུགས་ཕྱི་དོན་ཕྱིར་སྡོད་རང་མི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་མཐོང་དགས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དེ་བོད་དུ་ལག་བསྟར་ལེགས་གྲུབ་བྱུང་བའི་གྲུབ་འབྲས་ངོ་སྤྲོད་གནང་བ་རེད། ལོ་དུ་མའི་འཚོལ་ཞིབ་བྱས་པ་བརྒྱུད་བོད་ལྗོངས་འདི་ཉིད་རིམ་བཞིན་ཀྲུང་གོའི་ཁྱད་ཆོས་ལྡན་པ་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ཁུལ་གྱི་གཞི་རིམ་དམངས་གཙོའི་ལམ་ལུགས་ཞིག་ཆག་ཡོད་པ་རེད།

    མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དེ་བོད་དུ་ལག་བསྟར་ལེགས་གྲུབ་བྱུང་བ་དེ་ནི་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དེས་ཡིན་པ་མ་ཟད། བོད་རང་ཉིད་ཀྱི་ས་བབ་དང་བསྟུན་ནས་ཡུལ་སོ་སོའི་ཁྱད་ཆོས་ཡོད་པའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཏུ་བསྐྱོད་ཡོད་པས་རེད། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དེས་མི་རིགས་ཁག་གི་མི་དམངས་རྣམས་རང་ཁྱིམ་རང་བདག་གི་ཆབ་སྲིད་ཁེ་དབང་འགན་ལེན་ཐུབ་ཡོད་ལ། ལམ་ལུགས་འདི་ཇི་ལྟར་རྒྱུན་འཛིན་བྱེད་དགོས་མིན་ཐད་བོད་ཀྱིས་དུས་ཐུང་ལོ་ངོ་བཅུ་ཕྲག་ཙམ་གྱི་འཕེལ་རྒྱས་ཀྱིས་གྲངས་ཉུང་མི་རིགས་རྣམས་ལ་མིག་དཔེ་བཟང་པོ་ཞིག་སྟོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།