དབུ་ཤོག>གསར་འགྱུར།
  • “རྒྱུད་གཅིག་ལམ་གཅིག་”ནི་འབོད་ཚིག་སྟོང་པ་ཙམ་ཞིག་མ་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-31

    སྤྱི་ལོ་2013ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིང་ཕིང་གིས་ཧ་སག་སི་ཐན་དང་ཧིན་རྡུ་ཉི་ཞི་ཡ་ལ་འཚམས་འདྲི་གནང་བའི་སྐབས། དར་གོས་འགྲུལ་ལམ་གྱི་དཔལ་འབྱོར་རྒྱུད་དང་དུས་རབས་21གི་མཚོ་སྟེང་དར་གོས་འགྲུལ་ལམ་འཛུགས་བསྐྲུན་གྱི་མཉམ་ལས་ཀྱི་གྲོས་འགོ་བཏོན། “རྒྱུད་གཅིག་ལམ་གཅིག་”གྱི་འཛུགས་བསྐྲུན་རྒྱུད་ནས་ཀྲུང་གོའི་འཕེལ་རྒྱས་ཀྱིས་ཉེ་འགྲམ་གྱི་རྒྱལ་ཁབ་དུ་མར་ཕན་པ་ཐོབ་སྲིད། “རྒྱུད་གཅིག་ལམ་གཅིག་”ནི་ང་ཚོ་ཐུན་མོང་གི་དམིགས་ཡུལ་ཡིན་པས་དེས་རྒྱུད་སྤྲོད་བྱེད་པ་ནི་ཀྲུང་གོའི་ཕུགས་འདུན་ཡིན། དེས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་མིག་མཐོང་ལག་ཟིན་ཐུབ་པའི་དོན་དངོས་ཞིག་རེད། དེ་ནི་ཀྲུང་གོའི་ཁྱད་ཆོས་དང་ལྡན་པ་ཞིག་ཡིན་པས། དེས་རང་རྒྱལ་ལ་དོན་ངོ་མའི་ཕན་པ་ཟབ་མོ་བསྐྲུན་ཐུབ། དེར་བརྟེན། “རྒྱུད་གཅིག་ལམ་གཅིག་”ནི་འབོད་ཚིག་སྟོང་པ་ཙམ་མ་ཡིན་པར། དེ་ནི་མིང་དོན་མཚུངས་པའི་འཕེལ་རྒྱས་ཀྱི་ཐབས་ལམ་ཞིག་རེད།

    “རྒྱུད་གཅིག་ལམ་གཅིག་”གི་མཉམ་ལས་གྲོས་འགོ་ཀྲུང་གོ་དང་ལམ་རྒྱུད་ཐོག་གི་རྒྱལ་ཁབ། དེ་བཞིན་ས་ཁུལ་དེ་གའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཕྱོགས་ཡོངས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་པ་ཡིན། “རྒྱུད་གཅིག་ལམ་གཅིག་”གི་འཛུགས་བསྐྲུན་ནི་ཕྱི་བཀག་ནང་སྡོམ་ཞིག་མ་ཡིན་ལ། དེ་བས་ཀྲུང་གོ་གཅིག་པུ་མ་ཡིན་པར། དེ་ནི་ལམ་རྒྱུད་ཐོག་གི་རྒྱལ་ཁབ་ཁག་གི་མཉམ་འཛུགས་དང་མཉམ་སྐྱོང་། མཉམ་སྤྱོད་བཅས་ཀྱི་རྩ་དོན་དང་ལྡན་པའི་མཉམ་ལས་ཞིག་རེད། “རྒྱུད་གཅིག་ལམ་གཅིག་”ནི་མཐུན་སྒྲིལ་གྱི་མཚོན་བྱེད་ཡིན་ལ། ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བའི་ཐབས་ཇུས་དང་རྒྱལ་སྤྱིའི་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་ཐབས་ཇུས་ཞིག་ཀྱང་ཡིན། “རྒྱུད་གཅིག་ལམ་གཅིག་”གྱི་འཛུགས་བསྐྲུན་ནི་ད་ལྟ་ཡོད་པའི་ས་ཁུལ་མཉམ་ལས་གྲོས་འགོའི་ཚབ་བྱེད་ཕྱིར་མ་ཡིན་པར། དེ་ནི་དང་ཐོག་ཡོད་པའི་རྨང་གཞིའི་ཐོག་ལམ་རྒྱུད་ཐོག་གི་རྒྱལ་ཁབ་ཁག་གི་འཕེལ་རྒྱས་ཐབས་ཇུས་ཕན་ཚུན་མཉམ་འབྲེལ་དང་ཕན་ཚུན་ཁ་གསབ་ཡོང་རྒྱུར་སྐུལ་འདེད་གཏོང་ཕྱིར་ཡིན།

    “རྒྱུད་གཅིག་ལམ་གཅིག་”ནི་འབོད་ཚིག་སྟོང་པ་ཙམ་ཞིག་མ་ཡིན་པར། དེ་ནི་དོན་དངོས་ཀྱི་རང་བཞིན་ལྡན་པ་ཞིག་དང་རྒྱལ་སྤྱིའི་ཐུན་མོང་ཐོག་དཔལ་འབྱོར་འཕེལ་རྒྱས་ཐད་ཀྱི་འབད་བརྩོན་བྱེད་པའི་དམིགས་ཡུལ་ཡིན། “རྒྱུད་གཅིག་ལམ་གཅིག་”ནི་ཁ་ནས་བརྗོད་པ་ཙམ་མ་ཡིན་པར། དེ་ནི་རྒྱལ་ཡོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐབས་ཇུས་མཛད་ཕྱོགས་ཤིག་ཡིན་པས། ད་ལྟ་ལམ་རྒྱུད་ཐོག་གི་རྒྱལ་ཁབ་60ལྷག་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་“རྒྱུད་གཅིག་ལམ་གཅིག་”འཛུགས་བསྐྲུན་ཐད་ལྟ་ཚུལ་ལེགས་པོ་ཡོད་པ་དང་། “རྒྱུད་གཅིག་ལམ་གཅིག་”གི་འཛུགས་བསྐྲུན་ཐད་རེ་བ་དུ་མས་ཁེངས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།