དབུ་ཤོག>གསར་འགྱུར།
  • “རྒྱུྱད་གཅིག་ལམ་གཅིག”གི་འགག་རྩ་ནི་ཤེས་ལྡན་པར་ཐུག་ཡོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-31

    2013ལོའི་ཟླ་9དང་ཟླ་10པར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཧ་སག་ཁི་སི་ཐན་དང་ཧིན་རྡུ་ཉི་ཞི་ཡ་གཉིས་སུ་འཚམས་འདྲི་གནང་སྐབས“རྒྱུད་གཅིག་ལམ་གཅིག”མཉམ་བསྐྲུན་གྱི་འཐབ་ཇུས་དགོངས་པ་བཏོན་གནང་བ་དང་དུས་རབས་ཉེར་གཅིག་པའི་ཀྲུང་གོའི་རྒྱལ་སྤྱིའི་ཐོག་གི་འགན་འཁྲི་གསལ་པོ་སྟོན་ཡོད། ང་ཚོའི་ངོས་ནས་བརྗོད་ན“རྒྱུད་གཅིག་ལམ་གཅིག”ནི་དྲག་ནུས་ལ་བརྟེན་པ་ཞིག་མ་ཡིན་ལ་དེ་བས་ཀྱང་དཔལ་འབྱོར་མི་སེར་སྤེལ་བ་ཞིག་ཀྱང་མ་ཡིན། དེ་ནི་མཛའ་མཐུན་དང་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་བ་དང་འབྲེལ་བ་རྒྱ་ཆེ་རུ་འགྲོ་བའི་སྤྱི་ཁོག་ཤིག་ཡིན།

    ཤེས་ལྡན་མི་སྣ་ནི་ནུས་ཁུངས་ཤིག་ཡིན། ཤེས་ལྡན་མི་སྣ་ལུགས་མཐུན་གྱིས་བེད་སྤྱོད་གཏོང་མི་ཐུབ་པ་ནི་ནུས་ཁུངས་འཕྲོ་བརླག་ཆེན་པོ་བཏང་བ་ཞིག་རེད། ཤེས་ལྡན་མི་སྣ་བེད་སྤྱོད་ལེགས་པོ་གཏོང་རྒྱུ་ནི་ང་ཚོས་རྒྱུན་དུ་བསམ་གཞིགས་བྱ་འོས་པའི་གནད་དོན་ཞིག་ཡིན། “རྒྱུད་གཅིག་ལམ་གཅིག”སྤེལ་བའི་འགག་གནད་ཆེ་ཤོས་ནི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་ཡིན་པ་ལས་ཤེས་ལྡན་མི་སྣ་སྣང་མེད་དུ་གཏོང་མི་རུང་ལ་དེ་བས་འཕྲོ་བརླག་གཏོང་མི་ཉན། ཚན་རྩལ་གྱིས་རྒྱལ་སྟོབས་སྤེལ་བའི་གོམ་པ་དང་པོ་ནི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་འཐབ་ཇུས་ཡང་དག་པ་དང་འབུར་དུ་ཐོན་པ། ཕན་འབྲས་ལྡན་པ་ཞིག་འཛུགས་རྒྱུ་ནི་“རྒྱུད་གཅིག་ལམ་གཅིག”སྤེལ་བའི་གལ་ཆེའི་རང་བཞིན་ཞིག་ཡིན། ཀྲུང་དབྱང་པུའུ་ཨུད་གསུམ་གྱིས་ཁྱབ་བསྒྲགས་བྱས་པའི《དར་གོས་ལམ་བུའི་དཔལ་འབྱོར་ཁུལ་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་ལམ་བུ་མཉམ་བསྐྲུན་ལ་སྐུལ་འདེད་གཏོང་བའི་རེ་བའི་རྣམ་པ་དང་བྱེད་ སྒོ》ཞེས་པའི་ནང“རང་རྒྱལ་དང་ཕྱི་རྒྱལ་ཕན་ཚུན་དབར་སློབ་སྦྱོང་བྱེད་མཁན་སློབ་མའི་གྲངས་མང་དུ་བཏང་བ་དང་མཉམ་དུ་སློབ་གྲྭ་འཛུགས་པ། ཀྲུང་གོ་ཕྱོགས་ཀྱིས་ལོ་ལྟར་ལམ་རྒྱུད་གྱི་རྒྱལ་ཁབ་ལ་མི་གྲངས་ཁྲི་1གི་སྲིད་གཞུང་གི་སྦྱང་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་མཁོ་འདོན་བྱེད་ཀྱི་ཡོད”ཅེས་འཁོད་འདུག  དེ་ལྟར་བྱས་ཚེ་གཅིག་ནས་ཆེད་ལས་སློབ་ཚན་ལ་མཁས་པ་དང་གཉིས་ནས་ས་ཆ་དེ་རང་གི་ཆ་འཕྲིན་ཤེས་རྟོགས་ཐུབ་པ་དང་དབྱེ་འབྱེད་ཐུབ་པའི་མི་སྣ་གསོ་སྐྱོང་བྱེད་ཐུབ་ལ་“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་ལ་མཁོ་བ་དང་གཞུང་ལུགས་སྤྱི་ལ་མཁས་པའི་ཤེས་ལྡན་མི་སྣ་གསར་པ་ཞིག་དེ་བས་གསོ་སྐྱོང་ཐུབ།

    སྲོལ་རྒྱུན་གྱི་དར་གོས་ལམ་བུའི་ཕུན་སུམ་ཚོགས་པའི་རིག་གནས་དང་དཔལ་འབྱོར་བརྒྱུད་དེ“རྒྱུད་གཅིག་ལམ་གཅིག”ཁྱབ་གདལ་གཏོང་བའི་འཐབ་ཇུས་དེ་ནི་ཧ་ཅང་གི་ངོམ་མཚར་ལ་ཁྱད་དུ་འཕགས་པ་ཞིག་རེད་ལ་ “རྒྱུད་གཅིག་ལམ་གཅིག”བརྒྱུུད་དེ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་དེ་ནི་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པའི་ཆེད་དུ་ཕུལ་བའི་ལེགས་སྐྱེས་ཤིག་རེད།  སླད་ཕྱིན་  “རྒྱུུད་གཅིག་ལམ་གཅིག”གི་ཀྲུང་གོའི་ཕུགས་འདུན་དང་འཛམ་གླིང་གི་ཕུགས་འདུན་གཅིག་ཏུ་འདུས་ནས་ཞི་བདེ་དང་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཞིག་རྩོམ་པའི་ཡིད་ཆེས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།