གཅིག བྱིས་པ་དངོས་པོ་མཁྲེགས་པོར་སོ་འདེབས་སུ་འཇུག་མི་རུང་།
གཉིས། ཟས་ཞིབ་མོར་བལྡད་དེ་ཟས་དང་མཆིལ་མ་གཉིས་བསྲེས་ནས་མིད་དུ་བཅུག་ན་སོ་ལ་གནོད་པ་མེད་པ་མ་ཟད་ཟ་མའང་འཇུ་བདེ་བ་ཡོད།
གསུམ། བྱིས་པའི་སོ་ནི་ལོ་དྲུག་ཡས་མས་ནས་འཁྲུ་ཆོག་ཅིང་།རྣམ་ཀུན་ནས་ཞོགས་པ་དང་དགོང་མོ་ཉལ་ཁར་འཁྲུ་བ་དང་།ཁ་ལག་བཟས་རྗེས་ཁ་ཆུ་བཤལ་གཏོང་དགོས། དེང་སྐབས་ཞོགས་པར་སོ་འཁྲུ་བ་དེ་མི་རྣམས་ཀྱི་གོམས་གཤིས་སུ་གྱུར་ཡོད་མོད། འོན་ཀྱང་དགོང་མོ་ཉལ་ཁར་སོ་འཁྲུ་མཁན་ཉུང་བས་དགོང་མོ་ཉལ་ཁར་སོ་འཁྲུ་བ་དེའང་ཧ་ཅང་གལ་ཆེ་བ་ཞིག་ཡིན།
བཞི། ནུ་སོ་འགུལ་བའི་སྐབས་སུ་མཛུབ་མོས་དཀྲུག་དཀྲུག་བཏང་ན། མཛུབ་མོའི་ཐོག་མི་གཙང་བའི་དངོས་པོ་ཡོད་པས་ཁ་ནང་དུ་འབུ་ཕྲ་འཛུལ་ཏེ་ནད་ཕོག་པའི་ཉེན་ཁ་ཡོད།
ལྔ། སོ་གསར་པ་སྐྱེ་གྲབས་ཡོད་པའི་སྐབས་སུ་ལྕེ་དང་ལག་པས་དཀྲུག་དཀྲུག་བཏང་ན་གྲལ་འགྲིག་པོར་སྐྱེ་མི་ཐུབ།
དྲུག སོ་གསར་པ་སྐྱེ་སྐབས་ཟ་མ་མཁྲེགས་པོ་དང་། གྱོང་པོ། རུལ་བ་སོགས་བཟས་ན་སོ་འདྲོང་པོ་སྐྱེ་བར་གནོད་པ་ཡོད།
བདུན། བྱིས་པའི་སོ་སྐྱེ་སྐབས་སྦྲང་རྩི་དང་སྐྱུ་རུ་རའི་ལྡེ་གུ་སོགས་སོ་རྙིལ་དུ་བྱུག་ན་ཕན་པ་ཆེ།