དབུ་ཤོག>གསར་འགྱུར།
  • བོད་ཀྱི་ལོ་ངོ་ལྔ་བཅུའི་འཕེལ་རྒྱས་ཀྱིས་གང་ཞིག་ར་སྤྲོད་བྱས་ཡོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-31

    སྤྱི་ལོ་1951ལོར་བོད་ལ་ཞི་བའི་བཅིངས་འགྲོལ་བཏང་བ་ནས་བཟུང་།དམངས་གཙོ་བཅོས་བསྒྱུར་དང་བསྒྱུར་བཅོས་སྒོ་དབྱེས་རིམ་བཞིན་བོད་འདི་ཉིད་ཞིང་བྲན་ལམ་ལུགས་ནས་སྤྱི་ཚོགས་དམངས་གཙོ་ཅན་ལ་འཕོ་འགྱུར་ཆེན་པོ་བྱུང་ལ་ལོ་རེའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དེ་བོད་རང་སྐྱོང་ལྗོངས་དབུ་མ་བརྙེས་གོང་གི་དུང་ཕྱུར་3.27ནས་དུང་ཕྱུར་སྟོང་ལ་ཉེ་བ་སླེབས་པ་མ་ཟད།བོད་ཀྱི་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་རེ་འདུན་ཡང་མངོན་འགྱུར་བྱུང་ཡོད།དུས་ཐུང་ལོ་ངོ་ལྔ་བཅུའི་རིང་ལོ་ངོ་སྟོང་གི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཕྱིན་པ་དེ་ཀྲུང་གོས་མ་གཏོགས་རྒྱལ་ཁབ་ཅི་ཞིག་གིས་ཀྱང་འགྱུར་ལྡོག་གཏོང་མི་ཐུབ་ཅེས་བརྗོད་ཆོག

    སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་སྐྱོད་རྒྱུ་ནི་བོད་ཀྱི་ལོ་རྒྱུས་ཀྱི་ཡང་དག་པའི་གདམ་ག་ཞིག་ཡིན་པ་མ་ཟད་བོད་ཀྱི་མི་དམངས་ཀྱི་གདམ་ག་ཞིག་ཀྱང་ཡིན།1965ལོའི་ཟླ་9པར།བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་དེས་བོད་དུ་ཕྱོགས་ཡོངས་ནས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱེད་འགོ་ཚུགས་པ་མཚོན་པ་མ་ཟད།བོད་ཀྱི་མི་དམངས་ཀྱིས་དུས་དེ་ནས་བཟུང་མེས་རྒྱལ་གྱི་མི་དམངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་ཐུབ་པ་ཡང་མཚོན་ཡོད།ད་ཆ་རྒྱལ་ཁབ་ཀྱིས་ལོ་རེ་བཞིན་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་བས་བོད་འདི་ཉིད་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་འོད་སྟོང་འབར་བའི་གྲུབ་འབྲས་ཐོབ་པ་དང་།བོད་ཀྱི་བྱ་གཞག་ཁག་ཡར་ངོའི་ཟླ་ལྟར་འཕེལ་ཞིང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཀྱང་གོང་མཐོར་ཕྱིན་ཡོད།ལྷག་པར་དུ་ལོ་ངོ་ལྔ་བཅུའི་གྲུབ་འབྲས་ལས་བོད་འཕེལ་རྒྱས་ཀྱི་འགྲོ་ལམ་དེ་ཡང་དག་པ་ཞིག་ཡིན་པ་གསལ་བཤད་གང་ལེགས་བྱས་ཡོད།

    ལོ་ངོ་ལྔ་བཅུའི་འཕུར་མཆོངས་ལྟ་བུའི་འཕེལ་རྒྱས་ནི་གསར་གཏོད་ཀྱི་ལོ་རྒྱུས་དུས་མཚམས་ཤིག་རེད། ཏང་དང་རྒྱལ་ཁབ་དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་འོག བསྒྱུར་བཅོས་དང་འཕེལ་རྒྱས་དཔུང་གཤིབ་མཉམ་སྐྱོད་དང་།དམངས་གཙོ་དང་རིག་གནས་ལ་དམ་འཛིན་བྱས་ཡོད།  ད་ཆ་ལོ་རྒྱུས་ཀྱི་བགྲང་བྱ་ལྔ་བཅུ་འདས་ཟིན་པ་དང་བོད་ཀྱི་ལས་དོན་ཁག་ལ་གནམ་ས་བླ་འོག་ཏུ་གྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད་ལ་བོད་འདི་ཉིད་དུས་རིམ་གསར་པ་ཞིག་ཏུ་སླེབས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱང་གཟབ་བརླིང་བརྟན་གསུམ་ཁྲོད་རིམ་བཞིན་གོམས་སྟབས་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་པ་དེ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་འགོ་ཁྲིད་རྒྱུན་འཁྱོངས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱས་པ་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལེགས་པོ་ཐོབ་པ་གསལ་བཤད་བྱས་ཡོད།

    བོད་ཀྱི་དམིགས་བསལ་གྱི་ལོ་རྒྱུས་རྒྱབ་ལྗོངས་ཀྱིས་འཕེལ་རྒྱས་གཏོང་རྒྱུ་ཨང་དང་པོ་དང་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནི་དེ་བས་གལ་འགངས་ཆེ་བ་ཞིག་ཡིན་པ་ཐག་གཅོད་ཐུབ། རང་རྒྱལ་ནི་སྤུན་ཟླའི་མི་རིགས་56ལས་གྲུབ་པའི་ཐུན་མོང་ཁྱིམ་ཚང་ཞིག་ཡིན་པ་དང་། མི་རིགས་ཁག་ཚང་མ་ནི་གཅིག་གྱུར་གྱི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་ཁྲོད་ཀྱི་ཁོངས་མི་ཞིག་ཡིན་ཞིང་།ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་ཤ་རུས་ལྟ་བུའི་འབྲེལ་བ་གནད་ལ་འཕིགས་པས་ཁ་བྲལ་མི་རུང་བ་ཞིག་ཡིན།  1959ལོར་ཏཱ་ལས་གཙོ་བོ་བྱས་པའི་ཁ་ཕྲལ་རིང་ལུགས་པས་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་རྒྱལ་ཁབ་ལ་ངོ་རྒོལ་དང་། རྒྱལ་ཁབ་ཀྱི་ལམ་ལུགས་གཏོར་བཤིག སྤྱི་ཚོགས་བརྟན་ལྷིང་དང་འཕེལ་རྒྱས་སོགས་ལ་བཀག་འགོག་བྱེད་པའི་ལྐོག་གཡོ་དུ་མ་བཤམས་ཡོད།  འོན་ཀྱང་ཁོ་ཚོའི་ལྐོག་གཡོ་དང་སྟོང་བསམ་དེ་ཕམ་རྒྱུ་ལས་མ་འདས། གང་ལགས་ཤེ་ན།  འདས་ཟིན་པའི་ལོ་ངོ་ལྔ་བཅུའི་འཕུར་མཆོངས་ལྟ་བུའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་ར་སྤྲོད་བྱེད་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།