དབུ་ཤོག>གསར་འགྱུར།
  • བོད་ལྗོངས་ཀྱི་དངུལ་ཁང་ལས་རིགས་ཀྱིས་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-31

    ཉེ་ཆར་གསར་འགོད་པས་རང་སྐྱོང་ལྗོངས་དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པར། བོད་ལྗོངས་དངུལ་ཁང་ལས་རིགས་དངུལ་རྩའི་སྒྲིག་གཞིས་ཀྲུང་དབྱང་གི་སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་སྲིད་ཇུས་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་དང་། བོད་ཀྱི་དམིགས་བསལ་གཟིགས་སྐྱོང་གི་དངུལ་རྩའི་སྲིད་ཇུས་ལག་བསྟར་ཏན་ཏིག དངོས་ཚན་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་ཧུར་ཐག ཡིད་རྟོན་དངུལ་བུན་གྱི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སྒྲིག དངུལ་རྩའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། ཉེན་ཁའི་དོ་དམ་གྱི་མ་མཐའི་མཚམས་ཐིག་བརྟན་པོ་སྲུང་བ། དངུལ་རྩའི་ཞབས་ཞུ་ལེགས་སུ་གཏོང་བ། ཉམས་ཞན་ཁྱབ་ཁོངས་ལ་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱས་པ་རེད།

    ཟླ་གསུམ་པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ཡིད་རྟོན་དངུལ་བུན་གྱི་ལྷག་གྲངས་སྒོར་དུང་ཕྱུར་259.79ཟིན་པ་དེ་ལོ་སྟོད་ལས་སྒོར་དུང་ཕྱུར་25.24འཕར་ནས་10.76%འཕར་བ་དང་། ཞིང་འབྲེལ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་342.6ཟིན་པ་དེ་ལོ་འགོ་ལས་སྒོར་དུང་ཕྱུར་45.3འཕར་བ་དང་15.24%འཕར་ནས་རང་ལྗོངས་ཀྱི་དཔྱིད་རྨོད་དཔྱིད་གྲབས་ལས་དོན་ལ་རྒྱབ་སྐྱོར་ནུས་ལྡན་བྱས་པ་དང་འབྲེལ“ཤ་ཚལ་སྒོང་གསུམ”གྱི་འདུ་འགོད་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་བཏང་ཡོད།

    དེ་དང་ཆབས་ཅིག་ལྗོངས་ཡོངས་ཀྱི་དངུལ་ཁང་ལས་རིགས་ཁག་གི་དངུལ་རྩའི་སྒྲིག་གཞིས་ད་དུང་དབྱེ་བ་ཡོད་པའི་ཡིད་རྟོན་དངུལ་བུན་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ཏེ་གཙོ་གནད་ཁྱབ་ཁོངས་ཀྱི་ཡིད་རྟོན་དངུལ་བུན་གྱི་དགོས་མཁོ་བསྐངས་ཤིང་། གསར་འཕར་དངུལ་བུན་དེ་གཙོ་བོ་འཛུགས་སྐྲུན་ལས་རིགས་དང་། འགྲིམ་འགྲུལ་སྐྱེལ་འདྲེན་དང་སྦྲག་སྲིད་ལས་རིགས། སྡེབ་ཚོང་དང་སིལ་ཚོང་ལས་རིགས། གློག་དྲོད་དང་རང་བྱུང་སོལ་རླངས་དང་དེ་བཞིན་ཆུ་མཁོ་འདོན་ལས་རིགས། ཞིང་ནགས་འབྲོག་ཉའི་ལས་རིགས་བཅས་ལ་བཏང་ཡོད། ལས་རིགས་ཆེ་གྲས་ལྔའི་དངུལ་བུན་ལྷག་གྲངས་བསྡོམས་འབོར་སྒོར་དུང་ཕྱུར་1217.89ཟིན་པ་དེས་དངུལ་བུན་ལྷག་གྲངས་ཀྱི་67.73%བཟུང་བ་དེ་ལོ་སྟོད་ལས་བརྒྱ་ཆའི་གྲངས་2.39འཕར་ཡོད། ལས་རིགས་ཆེ་གྲས་ལྔའི་དངུལ་བུན་ལྷག་གྲངས་བསྡོམས་འབོར་སྒོར་དུང་ཕྱུར་161.43ཟིན་པ་དེས་དངུལ་བུན་ལྷག་གྲངས་འཕར་ཚད་ཀྱི་89.04%བཟུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།