དབུ་ཤོག>གསར་འགྱུར།
  • དངུལ་རྩའི་ཁོངས་གཏོགས་ཀྱིས་བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རོགས་རམ་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-31

    ཉེ་བའི་ལོ་ཤས་རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཕྱིན་ཡོད། དེའི་ནང་དངུལ་རྩའི་ལས་རིགས་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་པ་དེས་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་ཡོང་རྒྱུར་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ཐོན་ཡོད།

    དངུལ་ཁང་ལས་རིགས་ཀྱི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ།

    རང་ལྗོངས་ཀྱི་དཔལ་འབྱོར་དང་དངུལ་རྩ་འཕེལ་རྒྱས་ཀྱི་དགོས་མཁོ་དངོས་ལ་གཞིགས་ནས་རང་སྐྱོང་ལྗོངས་དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ཅུས་ཀྱིས་ལྟ་སྐུལ་དོ་དམ་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་དངུལ་ཁང་ལས་རིགས་ཀྱིས་སྒྲིག་གཞིའི་མ་ལག་འཛུགས་སྐྱོང་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་ཡོད། ལོ་12ཙམ་རིང་དངུལ་ཁང་ལས་རིགས་ཀྱི་སྒྲིག་གཞིའི་གྲངས་འབོར་དེ་སྔའི་4ནས་ད་ཆའི་12བར་མང་དུ་ཕྱིན་ཡོད།

    བོད་ཀྱི་ས་གནས་རང་བཞིན་གྱི་ཚོང་ལས་དངུལ་ཁང་འཛུགས་པའི་ལས་དོན་ཧུར་ཐག་སྤེལ་ཞིང་། 2012ལོའི་ཟླ་5པར་བོད་ལྗོངས་དངུལ་ཁང་དངོས་སུ་སྒོ་བྱང་བཀལ་ནས་ལས་གཉེར་བྱས་པ་དེ་ཐོག་ནས་བོད་དུ་ས་གནས་དངུལ་ཁང་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་མཚོན་ཡོད། བོད་དུ་རིགས་ཁག་གི་དངུལ་ཁང་གི་ཡན་ལག་དང་ཉིང་ལག་སྒྲིག་གཞི་འཛུགས་རྒྱུར་ཁྲིད་སྟོན་དང་ལྕག་སྐུལ་བྱས་ནས་སྦྲག་སྲིད་གསོག་འཇོག་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་དང་། བཟོ་ཚོང་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་། རྒྱལ་ཁབ་གསར་སྤེལ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་། ཞིང་ལས་འཕེལ་རྒྱས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་བཅས་སྔ་རྗེས་སུ་ཆོག་མཆན་སྤྲད་དེ་བཙུགས་ཡོད། དམངས་འཚོའི་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་2013ལོའི་ཟླ་12པར་ལས་འགོ་བཙུགས་པས་བོད་ཀྱི་དངུལ་ཁང་ལས་རིགས་ཁྲོམ་རའི་ཁྲོད་ཀྱི་རྒྱལ་ཡོངས་རང་བཞིན་གྱི་མ་རྐང་ལམ་ལུགས་ཀྱི་ཚོང་ལས་དངུལ་ཁང་ཐོག་མ་དེར་གྱུར་ཡོད། འདི་ལོ་དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་ཧྲང་ཧའེ་ཕུའུ་ཧྥ་དངུལ་ཁང་ལ་བོད་དུ་སྒྲིག་གཞི་འཛུགས་རྒྱུར་ཆོག་མཆན་གནང་ཞིང་། མིག་སྔར་འབྲེལ་མཐུད་དོན་འཁྱོལ་བྱེད་བཞིན་ཡོད་པ་དང་། གྲོང་གསེབ་ཀྱི་དངུལ་རྩའི་སྒྲིག་གཞི་གསར་པ་དང་དངུལ་ཁང་ལས་རིགས་མིན་པའི་དངུལ་རྩའི་སྒྲིག་གཞི་གསར་པ་འཛུགས་རྒྱུར་ལྕག་སྐུལ་དང་རྒྱབ་སྐྱོར་བྱས་ཡོད།

    དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ།

    ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཀྲུང་དབྱང་གིས་བོད་ལ་གནང་བའི་དམིཌ་བསལ་གཟིགས་སྐྱོང་དངུལ་རྩའི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་ཆབས་ཅིག་བོད་ཀྱི་དངུལ་ཁང་ལས་རིཌ་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་གང་ལེཌ་བྱས་ཏེ་ཧེ་བག་ཅན་གྱི་ལྟ་སྐུལ་དོ་དམ་གྱི་སྲིད་ཇུས་བཟོས་ནས་ལག་བསྟར་བྱས་ཡོད།


    གཅིག་ནས་ཀྲུང་དབྱང་གི་གཟིགས་སྐྱོང་དངུལ་རྩའི་སྲིད་ཇུས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ཞིང་། དངུལ་ཁང་ལས་རིགས་ཁག་གི་དངུལ་རྩའི་སྒྲིག་གཞིས་དངུལ་བུན་སྐྱེད་ཚད་དེ་རྒྱལ་ཡོངས་དངུལ་བུན་གྱི་གཞི་རྩའི་སྐྱེད་ཚད་ལས་བརྒྱ་ཆའི་གྲངས་2ལས་དམའ་བའི་གཟིགས་སྐྱོང་དངུལ་བུན་སྐྱེད་ཚད་སྲིད་ཇུས་ལག་བསྟར་ནན་ཏན་བྱས་ནས་དངུལ་གཡར་མཁན་གྱི་དངུལ་རྩའི་མ་གནས་ཐད་ཀར་དམའ་རུ་བཏང་ཡོད། དེ་དང་ཆབས་ཅིག་བོད་ཀྱི་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གྱི་ལོའི་སྐྱེད་ཚད་1.08%(ཞིང་ཆེན་དང་རང་སྐྱོང་ལྗོངས་གཞན་དག་ནི་1.30ཡིན་པ)གཅིག་གྱུར་ཐོག་ལག་བསྟར་བྱས་པས་ཕན་པ་ཐོབ་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་སོང་ཡོད། 2014ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་214.56ཟིན་པ་དེ་2003ལོའི་ལོ་མཇུག་ལས་སྒོར་དུང་ཕྱུར་137.82འཕར་ནས་འཕར་ཚད་ལྡབ་2.8ཟིན་ཡོད། དམིགས་བསལ་འགྲོ་གྲོན་གྱི་ཁ་གསབ་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་བ་དང་།

    གཉིས་ནས་ཧེ་བག་ཅན་གྱི་ལྟ་སྐུལ་དོ་དམ་གྱི་རྒྱབ་སྐྱོར་སྲིད་ཇུས་མུ་མཐུད་གཏིང་ཟབ་ཏུ་བཏང་ཞིང་། “ཞིང་གསུམ”དང་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་མཁན་དངུལ་ཁང་ལ“ཁྲོམ་རར་འཇུག་འཐུས”སྲིད་ཇུས་ལྷུག་ཏུ་གཏོང་བ་དང་། ས་གནས་ས་ཐོག་གི་ཞིབ་བཤེར་བྱེད་ཚད་དམའ་རུ་གཏོང་བ། བསྡུ་མ་ཐུབ་པའི་དངུལ་བུན་གྱི་ཚད་གཞི་གུ་ཡངས་གཏོང་ཚད་མཐོ་རུ་གཏོང་བ། དངུལ་བཅོལ་དངུལ་གཡར་གྱི་བསྡུར་ཚད་ཀྱི་ཞིབ་དཔྱད་ནང་མི་འཇུག་པ་སོགས་ཀྱི་ཧེ་བག་ཅན་གྱི་ལྟ་སྐུལ་དོ་དམ་སྲིད་ཇུས་ལག་བསྟར་བྱས་ཡོད།

    ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ།

    བོད་ཀྱི་དངུལ་ཁང་ལས་རིགས་ཁག་གིས་རང་ངོས་འཛུགས་སྐྱོང་བྱ་རྒྱུ་དེ་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་ཟུང་འབྲེལ་བྱས་ནས་ཡིད་རྟོན་དངུལ་བུན་ཐོན་ཁུངས་དེ་བས་མང་བས་དཔལ་འབྱོར་དངོས་ཚན་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུར་ཁྲིད་སྟོན་གྱིས་དཔལ་འབྱོར་དངོས་ཚན་ལ་ཞབས་འདེགས་ཞུ་བའི་ཆུ་ཚད་མཐོ་རུ་ནུས་ལྡན་བཏང་བ་དང་དངུལ་རྩས་བོད་ཀྱི་དཔལ་འབྱོར་ལ་སྐུལ་འདེད་གཏོང་བའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། 2014ལོའི་ལོ་མཇུག་ཏུ་ལྗོངས་ཡོངས་ཀྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིའི་རྩིས་གཞིའི་དངུལ་དང་ཕྱི་རྒྱལ་གྱི་དངུལ་ལོར་བཅོལ་ཚད་སྒོར་དུང་ཕྱུར་3089.19ཟིན་པ་དེ་2003ལོ་ལས་ཧ་ལམ་ལྡབ་9.6འཕར་བ་དང་། དངུལ་བུན་ཁག་སྒོར་དུང་ཕྱུར་1619.46ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་50.43%འཕར་ནས་འཕར་ཚད་དེ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

    རྨང་གཞིའི་སྒྲིག་བཀོད་དང་ཁྱད་ལྡན་ཐོན་ལས་ལ་དངུལ་བུན་གྱི་རྒྱབ་སྐྱོར་མངོན་གསལ་དོད་པོ་བྱས་ཤིང་། བོད་ཀྱི་འཛུགས་སྐྲུན་ཐད་ཀྱི་མ་དངུལ་འབོར་ཆེན་གྱི་དགོས་མཁོའི་དོན་དངོས་གནས་ཚུལ་ལ་དམིགས་ནས་བོད་ཀྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་འགྲིམ་འགྲུལ་དང་། འཕྲིན་གཏོང་། ནུས་རྒྱུ། ཡུལ་སྐོར། སྣོད་བཅུད། ཁྱད་ལྡན་ཞིང་འབྲོག་ལས། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་སོགས་ཀྱི་གཞི་རྩའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་། སློབ་གསོ་དང་། རིག་གནས། སྨན་བཅོས། འཕྲོད་བསྟེན་སོགས་གཞི་རྩའི་འགན་ལེན་ཁྱབ་ཁོངས་ལ་རྒྱབ་སྐྱོར་བྱས་ནས་བོད་ཀྱི་གྲུབ་ཆ་ལེགས་སྒྲིག་དང་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་བཏང་ཡོད།

    ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་དངུལ་རྩའི་ཞབས་ཞུའི་སྒྲིག་གཞི་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ཞིང་། བོད་ཀྱི་སྤྱི་དབང་ལམ་ལུགས་མིན་པའི་ཁེ་ལས་90%ཡན་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཡིན་པའི་གནས་ཚུལ་དངོས་ལ་གཞིགས་ནས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་དངུལ་བུན“ལམ་སྲོལ་ཁག་དྲུག”དང“རྩ་དོན་རྐྱང་པ་ཁག་བཞི”ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཡིད་རྟོན་དངུལ་བུན་གྱི་གྲུབ་ཆ་དུས་ཐོག་ཏུ་ལེཌ་སྒྲིག་བྱས་ཡོད། 2014ལོའི་ལོ་མཇུག་བར་བོད་ཀྱི་མངའ་ཁོངས་ཀྱི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་234.55ཟིན་པ་དེ་2003ལོའི་ལོ་མཇུག་གི་སྒོར་དུང་ཕྱུར་8.81ལས་ལྡབ་26.62འཕར་ནས་རང་ལྗོངས་ཀྱི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་མ་དངུལ་བསྡུ་སྒྲིལ་དཀའ་བའི་གནད་དོན་ཞི་ལྷོད་དུ་ཕྱིན་ཡོད།

    ཀུན་ཕན་དངུལ་རྩ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ།

    དུས་ཡུན་རིང་པོའི་ནང་བོད་ཀྱི་དངུལ་ཁང་ལས་རིགས་ཁག་གིས་དངུལ་རྩའི་དྲ་ཚིགས་ཀྱི་བཀོད་པ་ལེགས་སུ་གཏོང་བ་དང་དངུལ་རྩའི་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད་ཐོན་ཁུངས་དེ་བས་མང་བ་ཞིག་དངུལ་རྩའི་ཉམས་ཞན་ཁྱབ་ཁོངས་ལ་གཟིགས་སྐྱོང་བྱ་རྒྱུའི་ཁྲིད་སྟོན་བྱས་པས་དངུལ་རྩའི་ཞབས་ཞུའི་ཕན་པ་ཐོབ་རྒྱ་དང་ཁྱབ་རྒྱ་ཉིན་རེ་བཞིན་ཆེ་རུ་སོང་བ་དང་མངའ་ཁོངས་ཀྱི་ཀུན་ཕན་དངུལ་རྩའི་འཕེལ་རྒྱས་ལ་སྐུལ་མ་ནུས་ལྡན་ཐེབས་ཡོད།

    དངུལ་ཁང་ལས་རིགས་ཁག་གི་དངུལ་རྩའི་སྒྲིག་གཞིས་རྫོང་ཁོངས་དང་། ཤང་དང་གྲོང་རྡལ། ཞིང་འབྲོག་ཁུལ་བཅས་སྒྲིག་གཞིའི་དྲ་ཚིགས་དང་དངུལ་རྩའི་ཞབས་ཞུ་སྣུར་སྲིང་བྱས་ཤིང་། 2014ལོའི་ལོ་མཇུག་བར་བོད་ཀྱི་དངུལ་ཁང་ལས་རིགས་ཀྱི་གཉེར་སྐྱོང་རང་བཞིན་གྱི་དྲ་ཚིགས་བསྡོམས་འབོར་659ཟིན་པ་དེ་2003ལོའི་ལོ་མཇུག་ལས་104མང་དུ་ཕྱིན་པ་དང་། ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་684ཡི་ཁྲོད་ཀྱི་414ལ་ཁྱབ་པ། ཁྱབ་ཚད་60.53%ཟིན་པ་དེ་2003ལོའི་ལོ་མཇུག་ལས་བརྒྱ་ཆའི་གྲངས་5.19འཕར་ནས་རྫོང་ཁོངས་དང་ཤང་དང་གྲོང་རྡལ་གྱི་དངུལ་རྩའི་ཞབས་ཞུའི་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།