དབུ་ཤོག>གསར་འགྱུར།
  • ཧྲེན་དབྱང་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པས་མ་དངུལ་སྒོར་ཁྲི་7000བཏང་ནས་ཨ་མདོའི་འཕེལ་རྒྱས་ལ་སྐུལ་མ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-31

    ཀྲུང་དབྱང་གིས་བོད་ལ་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱིས་བོད་ལ་རོགས་སྐྱོར་བྱེད་པའི་རླབས་ཆེའི་མཁས་མཛངས་ལྡན་པའི་ཐབས་ཇུས་ཀྱི་འབོད་སྐུལ་འོག ཨ་མདོ་རྫོང་ལ་ཧྲེན་དབྱང་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་དང་ཧྲེན་དབྱང་མི་དམངས་ཀྱི་འཇུངས་པ་མེད་པའི་རོགས་སྐྱོར་ཐོབ་ཡོད། ལོ་20ཡི་ནང་ཁག་7གྱི་བོད་སྐྱོར་ལས་བྱེད་པ་50ཡིས་རྒྱལ་ཡོངས་ཀྱི་བོད་སྐྱོར་ལས་ཀའི་སྤྱིའི་བླང་བྱ་དང་བཀོད་སྒྲིག་ལ་ནན་པོར་གཞིགས་ནས། “བོད་སྐྱོར་ཐེངས་གཅིག་བྱས་ཏེ་ཕྱོགས་གཅིག་གི་མང་ཚོགས་ལ་བདེ་སྐྱིད་སྐྲུན་པའི”བླ་ན་མེད་པའི་འགན་འཁྲི་སེམས་ལ་བརྟན་པོར་ངེས་ནས་ས་མཐོར་གསོ་རླུང་མི་འདང་བ་སོགས་ཀྱི་དཀའ་ངལ་མཐའ་དག་ཁྱད་བསད་ཀྱིས་མི་ཤུགས་དང་། དངོས་ཤུགས། ནོར་ཤུགས། རིག་སྟོབས་བཅས་ཀྱི་བོད་སྐྱོར་ཚུད་པའི་ཕྱོགས་མང་དང་རིམ་པ་མང་བའི་བོད་སྐྱོར་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་མ་བཏང་སྟེ་ཨ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་སྤྱི་ཚོགས་དུས་བབ་ཡུན་རིང་བདེ་འཁོད་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།