དབུ་ཤོག
  • སྤྱན་མིག་ཁྲ་སྒོར་སྒོར་ཡོང་བའི་བདེ་སྲུང་ཤེས་བྱ།

  • ཡོང་ཁུངས།  ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-30

    1. ལུས་འདྲོང་པོར་བསྡད་ནས་མིག་མདུན་ཕྱོགས་སུ་བལྟས་ཏེ། ཐོག་མར་མིག་སྟེང་འོག་དང་གཡས་གཡོན་དུ་འགུལ་སྐྱོད་དང་། དེ་ནས་དབུགས་བརྔུབས་ནས་མིག་ཆེ་ཆེར་གདངས། དེ་རྗེས་དབུགས་ཕྱིར་འབྱིན་ནས་མིག་ཟུང་བཙུམ། དཔུང་པ་འདྲོང་པོར་བསྲིངས་ཏེ། ལག་ཏུ་སྨྱུ་གུ་ཞིག་འཛིན་ལ། མིག་གཉིས་སྨྱུག་རྩེར་ལྟ། དེ་ནས་སྨྱུ་གུ་ག་ལེར་མིག་མདུན་དུ་ཚུར་འཐེན་ནས་སྣ་ལ་གཏུག་པར་བྱེད། དེ་ནས་མིག་ཟུང་སྨྱུག་རྩེར་བལྟས་ནས་སྨྱུ་གུ་ག་ལེར་སྔ་མའི་གནས་སུ་ཕར་བསྲིང་དགོས། བརྒྱུད་རིམ་དེ་བསྐྱར་ཟློས་ཐེངས་གཉིས་ནས་གསུམ་བར་བྱས་རྗེས་མིག་བཙུམས་ཏེ་ལུས་སེམས་གློད།


    2. ཁང་བའི་ཟུར་ཞིག་ཏུ་བསྡད་ནས་མིག་གིས་གཡས་ནས་གཡོན་དུ་བྱས་ཏེ་ཁང་པའི་ནང་གི་ཡོ་བྱད་རེ་རེར་བལྟས་རྗེས། ཡང་བསྐྱར་གཡོན་ནས་གཡས་སུ་ཡོ་བྱད་རེ་རེར་ལྟ་བར་བྱ་ཞིང་། དུས་ཡུན་སྐར་མ་གཉིས་རྒྱུན་འཁྱོངས་བྱེད་དགོས།


    3. མིག་གཉིས་གང་ཐུབ་ཀྱིས་དམ་དུ་བཙུམས་ཏེ། མིག་རྒྱུད་ཀྱི་ཤ་གནད་དམ་སྒྲིག་བྱས་ནས་སྐར་ཆ་གསུམ་གྱི་མཚམས་ནས་གློད་པ་དང་། ཐེངས་བདུན་ནས་བརྒྱད་བར་བསྐྱར་ཟློས་བྱེད་དགོས། དེ་ལྟར་བྱས་ན་མིག་རྒྱུད་ཀྱི་ཤ་གནད་ལ་གཏིང་ནས་ལྷོད་བག་སྟེར་ཐུབ།


    4. རྒྱང་རིང་གི་དངོས་པོར་སྐར་ཆ་ཁ་ཤས་བལྟས་རྗེས། ག་ལེར་མཐོང་སྣེ་ཐག་ཉེ་པོར་བརྗེ་བ་དང་། སྐར་ཆ་ཁ་ཤས་འགོར་རྗེས་ཡང་བསྐྱར་རྒྱང་རིང་གི་དངོས་པོར་ལྟ་དགོས་ལ་དེ་འདྲ་ཐེངས་ལྔ་ཙམ་བསྐྱར་ཟློས་བྱེད་དགོས་པ་བཅས་སོ།


    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།