དབུ་ཤོག>གསར་འགྱུར།
  • བོད་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཀྱིས་རྒྱལ་སྤྱིའི་ཁྲོམ་རར་འགྲན་རྩོད་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-30

    196581_yis_1438139338268.jpg

    ཉེ་ཆར། གསར་འགོད་པས་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར། ལོ་མང་རིང་གསོ་སྦྱོང་དང་རོགས་སྐྱོར་བྱས་པ་བརྒྱུད། རང་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཀྱི་རྒྱལ་སྤྱིའི་ཁྲོམ་རའི་གསར་འབྱེད་ནུས་པ་དང་འགྲན་ནུས་རིམ་གྱིས་ཆེ་རུ་ཕྱིན་པ་དང་། མིག་སྔར་རང་ལྗོངས་ཀྱི་ཁེ་ལས་ཀྱིས་རྒྱལ་ཁབ་དང་ས་ཁུལ་120ལྷག་ཙམ་དང་ཕྱི་ཕྱོགས་ཚོང་དོན་ལས་དོན་སྤེལ་ཡོད་པ་དང་། འདི་ལོའི་ཟླ་1པོ་ནས་་2བར་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་གྲངས་འབོར་སྒོར་དུང་ཕྱུར་15.41ཟིན་ནས་5.82%འཕར་བའི་ནང་། མཐའ་མཚམས་གྲངས་ཉུང་ཚོང་དོན་ལ་སྒོར་དུང་ཕྱུར་13.82ཟིན་ནས་12.52%འཕར་བ་དེས་ཕྱི་ཕྱོགས་ཚོང་དོན་ཕྱིར་གཏོང་ནང་འདྲེན་རིན་ཐང་བསྡོམས་འབོར་གྱི་89.68%ཟིན་ཡོད། འདི་ནི་བོད་ལྗོངས་ཧྲེང་ཤིན་བཟོ་ལས་ཚོང་དོན་ཚད་ཡོད་ཀུང་སིའི་ལས་མིས་ཕྱི་རྒྱལ་ལ་གཏོང་རྒྱུའི་བལ་དབོར་བའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།